ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིས་པིན•ལ་ཏིན་བསད་པ་ནི་རྫུན་ཤོབ་ཆེན་པོ་ཞིག་ཡིན་པར་བརྗོད།

2015-05-13

ཨ་རིའི་གསར་འགོད་པ་ཞི་མཱོ•ཧིར (Seymour Hersh)གྱིས་ཨ་རིས་པིན•ལ་ཏིན་བསད་པའི་ལས་འགུལ་ནི་གཡོ་ཐབས་ཤིག་ཡིན་པར་བརྗོད།

ཕིའུ་ལི་ཙིར་གསར་འགྱུར་བྱ་དགའ་ཐོབ་མྱོང་བའི་ཨ་རིའི་གསར་འགོད་པ་ཞི་མཱོ•ཧིར (Seymour Hersh)གྱིས་ཉེ་ལམ་རྩོམ་ཡིག་ཅིག་སྤེལ་ནས་ཨ་རིའི་སྲིད་གཞུང་གིས་མི་མང་ལ་རྫུན་གཏམ་ཡོད་པར་བརྗོད་དེ།༢༠༡༡ ལོའི་ཟླ ༥ བར་པིན•ལ་ཏིན་བསད་པ་ནི་གཡོ་ཐབས་ཁོ་ན་ཞིག་ཡིན་པར་བརྗོད།

༢༠༡༡ ལོའི་ཟླ ༥ བའི་ཚེས ༡ ཉིན།ཨ་དམག་མཚོ་གཟིག་འཕྲལ་རྒོལ་རུ་ཁག་གི་ཧ་ལམ་དམག་མི ༢༤ ལྷག་གིས་གྱེན་འཕུར་གནམ་གྲུ“ཐང་ནག”ལ་བསྡད་དེ་གློག་བུར་དུ་པིན•ལ་ཏིན་སྦས་སྐོང་ཡོད་སར་ཕར་རྒོལ་བྱས་ཤིང་།དེ་མུར་པིན•ལ་ཏིན་གྱི་སྐུ་སྲུང་དམག་མི་དང་མེ་མདས་འཐབ་རེས་བྱས།ཕལ་ཆེར་སྐར་མ ༤༠ ཡི་རྗེས་སུ་པིན•ལ་ཏིན་ལ་མེ་མདའ་ཕོག་ནས་ཤི་བ་དང་ཨ་དམག་ཕྱིར་འཐེན་བྱས།འོན་ཀྱང་རྗེས་སུ་ཨ་རིས་པིན•ལ་ཏིན་བསད་པའི་འདྲ་པར་ཕྱིར་སྒྲོག་རྒྱུ་དང་ལེན་མ་བྱས།

ཞི་མཱོ•ཧིར་གྱི་རྩོམ་ཡིག་འདི<<ལོན་ཏོན་དཔེ་དཔྱད>>སྟེང་དུ་བཀོད་ཅིང་།ཁོས་དེ་ནི“འཇིགས་སྐུལ་ལ་རྒོལ་བའི་འཐབ་འཁྲུག་གི་ལོ་རྒྱུས་གཞན་པ”ཞིག་ཡིན་པར་བརྗོད་པ་ནི་མིང་ཕྱིར་སྒྲོག་མི་འདོད་པའི་མི་སྣ་ཞིག་གིས་གནས་ཚུལ་འདོན་སྤྲོད་བྱས་པ་ལ་བརྟེན་ནས་ཨོ་པ་མ་སྲིད་གཞུང་གིས་བརྗོད་པའི་པིན• ལ་ཏིན ་བསད་པའི་བརྒྱུད་རིམ་ལ་དོགས་པ་བསླངས་པ་རེད།

ཨོ་པ་མ་སྲིད་གཞུང་གི་བཤད་ཚུལ་ལྟར་ན།པིན•ལ་ཏིན་སྐབས་དེའི་འཐབ་རེས་ཁྲོད་བསད་པ་ནི་ཨ་རི་དང་ཕ་ཁི་སི་ཐན་དམག་ཕྱོགས་ཀྱི་མཐོ་རིམ་དམག་དཔོན་ཚང་མར་སྔོན་བརྡ་མ་བཏང་བར་གློ་བུར་དུ་ཕར་རྒོལ་བྱས་པ་ཡིན་པར་བརྗོད།

ཞི་མཱོ•ཧིར་གྱི་བརྗོད་ཚུལ་ལྟར་ན།ཨ་རིའི་གཞུང་ཕྱོགས་ལ་ཕ་ཁི་སི་ཐན་གྱི་མཐོ་རིམ་དཔོན་པོའི་རོགས་སྐྱོར་ཐོབ་ཡོད་པ་རེད།དེ་མ་ཟད་ཁོས་མཚོ་གཟིག་ཕར་རྒོལ་རུ་ཁག་གིས་པིན•ལ་ཏིན་རྙེད་དུས་ཁོ་ཨ་རི་སྲིད་གཞུང་གིས་བརྗོད་པ་བཞིན་ཕ་ཁི་སི་ཐན་དུ“སྦས་སྐོང་”བྱས་ཡོད་པ་ཞིག་མིན་པར་བརྗོད།

འོན་ཀྱང་ཞི་མཱོ•ཧིར་གྱིས་ཕ་ཁི་སི་ཐན་གྱི་དམག་གསུམ་གསང་འཕྲིན་ཅུའུ་ཡིས་སྐབས་དེར་པིན•ལ་ཏིན་བཙོན་དུ་བཅུག་ཟིན་པར་བརྗོད།ཕ་ཁི་སི་ཐན་གྱི་དེ་སྔའི་མཐོ་རིམ་གསང་འཕྲིན་དཔོན་པོས་པིན•ལ་ཏིན་གྱི་འགྲོ་སྡོད་གནས་ཚུལ་ཨི་རི་ལ་བཤད་ནས་ཨ་སྒོར་ཁྲི༢༥༠༠བླངས་ཡོད་པར་བཤད།

ཞི་མཱོ•ཧིར་གྱིས་བརྗོད་རྒྱུར།ཁོའི་ཨ་རིའི་ཕྱོགས་ཀྱི་གནས་ཚུལ་གཙོ་བོ་ནི་མིང་བཤད་མི་འདོད་པའི་མཐོ་རིམ་གསང་འཕྲིན་དཔོན་པོ་ཞིག་གི་ས་ནས་ཐོན་པ་ཡིན་ཞིང་།མི་དེས་ཐེངས་དེའི་འཕྲལ་རྒོལ་གྱི་གནས་ཚུལ་གསལ་བོར་ཤེས།ཞི་མཱོ•ཧིར་གྱིས་ད་དུང་།ཁོར་ཨ་རིའི་དམིགས་བསལ་དམག་འཐབ་དམག་སྤྱི་ཁང་གི་བློ་འདོན་པ་ཞིག་གི་ས་ནས་ཀྱང་གནས་ཚུལ་བདེན་པ་འབྱོར་ཡོད་ཅིང་།གནས་ཚུལ་དེ“ཕ་ཁི་སི་ཐན་ནང་ཁུལ”ནས་འབྱོར་བ་ཡིན་པར་བརྗོད།

ཞི་མཱོ•ཧིར་གྱི་རྩོམ་འདིའི་བརྗོད་བྱ་གཙོ་བོ་ནི།

ཨ་རིའི་སྲིད་གཞུང་གིས“མངོན་སུམ་འཛེམ་མེད”དུ་བཤད་པའི་རྫུན་གཏམ་ནི།ཕ་ཁི་སི་ཐན་གྱི་མཐོ་རིམ་དམག་དཔོན་གཉིས་ལ་ཐེངས་དེའི་ཕར་རྒོལ་གྱི་གནས་ཚུལ་ཤེས་སུ་བཅུག་མེད་ཅེས་པ་དེ་རེད།

ཨ་རིའི་སྲིད་གཞུང་གི་དཔོན་པོས་ཁོ་ཚོས་པིན•ལ་ཏིན་གྱི་འགྲོ་སྡོད་ཀྱི་གནས་ཚུལ་ཤེས་པ་ཡིན་པར་བརྗོད་མོད།འོན་ཀྱང་ཁོ་ཚོས་པིན•ལ་ཏིན་གྱི་འགྲོ་སྡོད་ཀྱི་གནས་ཚུལ་དེ་ཕ་ཁི་སི་ཐན་གྱི་དེ་སྔའི་མཐོ་རིམ་གསང་འཕྲིན་དཔོན་པོ་ཞིག་བརྟེན་ནས་ཤེས་པ་ཡིན་ཞིང་།དཔོན་པོ་དེས་གསང་འཕྲིན་དེ་བཙོང་སྟེ་ཨ་རི་ལས་ཨ་སྒོར་ཁྲི༢༥༠༠ཡི་བྱ་དགའ་བླངས་ཡོད་པ་རེད།

སྲིད་གཞུང་གིས་པིན•ལ་ཏིན་རང་ཉིད་སྤས་སྐོང་བྱས་པ་ཡིན་པར་བརྗོད་མོད།ཕ་ཁི་སི་ཐན་གྱིས་དོན་དངོས་ཐོག༢༠༠༦ལོ་ནས་བཟུང་ཁོ་གསོན་བཟུང་བྱས་ཤིང་།ཁོ་ཕ་ཁི་སི་ཐན་དང་ཨ་ཧྥུ་ཧན་གཉིས་ཀྱིས་ཐ་ལི་པན་དང་རྟེན་གཞིའི་རྩ་འཛུགས་ཀྱི་བྱ་འགུལ་ལ་འགོག་རྒོལ་བྱེད་པའི་ལག་ཆ་བྱས་ཡོད་པ་རེད།

ཨ་རིའི་ཕོ་བྲང་དཀར་པོ་སྲིད་གཞུང་གིས་ཁོ་ཚོས་པིན•ལ་ཏིན་གསོན་པོར་འཛིན་ཀྱང་སྲིད་པར་བརྗོད་མོད།ཁོ་མཐབ་རེས་དེའི་ཁྲོད་དུ་བསད།གནས་ཚུལ་དངོས་ནི་དེ་འདྲ་ཞིག་མིན་པར།ཨ་རིའི་དམག་མི་དག་པིན•ལ་ཏིན་གྱི་ཁང་བའི་ནང་དུ་འཛུལ་རྗེས་འཐབ་རེས་བྱས་མེད་ལ།ISIསྲུང་དམག་དག་ཀྱང་སོང་ཟིན།

མཱོ་ཞི•ཧིར་གྱི་རྩོམ་གྱིས་གནད་དོན་གཞན་ཞིག་ལའང་དོགས་པ་བྱས་ཡོད་དེ།ཨ་རིའི་སྲིད་གཞུང་གིས་སྔོན་ཆད་པིན•ལ་ཏིན་ཤི་རྗེས་དེའི་བེམ་པོ་དབྱི་སི་ལན་གྱི་སྲོལ་རྒྱུན་ལྟར་དུ་ཆུ་དུར་བྱས་ཟིན་པར་བརྗོད་མོད།ཞི་མཱོ•ཧིར་གྱིས་རྩོམ་གྱི་ནང་དུ་ཨ་རིའི་མཐོ་རིམ་གསང་འཕྲིན་དཔོན་པོ་ཞིག་གི་སྐད་ཆ་དྲངས་ཡོད་དེ།“བེམ་པོ་སྟེ་མདའི་ཤུལ་འགའ་ལས་མེད་པའི་ཁོའི་མགོ་བོ་ཁུག་མའི་ནང་བཅུག་ནས་གྱེན་འཕུར་གནམ་གྲུས་ཕྱིར་ལཱ་ལཱ་པ་ཏི(ཨ་ཧྥུ་ཧན་གྱི་གྲོང་ཁྱེར)ར་བསྐྱལ་ལ།ལུས་ཕུང་གི་ཆ་ཤས་མང་པོ་ཞིག་ད་དུང་ཡང་ཤེན་ཏི་ཁོ་རི་རྒྱུད་དུ་ལུས་ཡོད་པ་རེད།__མཚོ་གཟིག་འཕྲལ་རྒོལ་རུ་ཁག་གིས་བརྗོད།”

མཱོ•ཧིར་གྱིས་བཤད་རྒྱུར་ཨ་རིའི་སྲིད་གཞུང་གིས་ཁོའི་དོགས་པ་ལ་ཨ་ལན་མ་བསློག་པར་བརྗོད།

མཱོ་ཞི•ཧིར་ནི་ཨ་རིའི་བརྟག་དཔྱད་གསར་འགོད་པ་རྩེ་གྲ་ཡིན་ལ།༡༩༦༩ལོར་སྤེལ་བའི་གསར་འགྱུར་ཞིག་གི་ནང་དུ་ཁོས་ཐོག་དང་པོར་ཨ་དམག་གིས་ཡོ་ནན་དུ་སྤེལ་བའི“མཱེ་ལི་དམར་གསོད་ཆེན་མོའི”གནས་ཚུལ་ངོ་མ་ཕྱིར་བསྒྲགས་པས་ཨ་རིའི་མི་མང་པོ་ཞིག་ལ་འཐབ་འཁྲུག་ལ་ངོ་རྒོལ་བྱེད་པའི་བསམ་པ་སྐྱེ་རུ་བཅུག་ཅིང་།ཡོ་ནན་གྱི་དམག་འཁྲུག་མཚམས་འཇོག་པར་ནུས་པ་ཆེན་པོ་བཏོན།མཱོ་ཞི•ཧིར་རང་ཉིད་ཀྱང་དེའི་རྐྱེན་གྱིས་མིང་དུ་གྲགས་ནས༡༩༧༠ལོར་ཕིའུ་ལི་ཙིར་རྒྱལ་སྤྱིའི་གསར་འགོད་བྱ་དགའ་ཐོབ།

འབྲེལ་ཡོད་རྩོམ་ཡིག