ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཝེ་ཐེ་ནམ་གྱི་བུད་མེད ༣༤ རྒྱལ་ནང་ཧུ་པེའི་གྲོང་ཚོ་ཁག་ལ་བསླུས་འཚོང་བྱས་འདུག

2015-05-08

༢༠༡༥ ལོའི་ཟླ ༡ པོའི་ཚེས ༢༢ ཉིན་ཀོང་ཞི་ཏུང་ཤིང་འགག་སྒོའི་ཀྲུང་ཝེ་པེ་ལུན་ཆུ་བོའི་ཟམ་ཆེན་སྟེང་ཝེ་ཐེ་ནམ་གྱི་བག་གསར་བདུན་རྒྱལ་མཚམས་བརྒལ་ནས་རང་ཁྱིམ་དུ་ལོག་བཞིན་པ།

ཟླ ༥ བའི་ཚེས ༥ ཉིན་ཧུ་པེ་ཞིང་ཆེན་སྤྱི་བདེ་ཐིང་གིས་ཝེ་ཐེ་ནམ་གྱི་བུད་མེད་བསླུས་འཚོང་གི“5.12”འབྲེལ་ཡོད་གྱོད་དོན་དེ་ཕྱི་ཕྱོགས་སུ་ཐོག་མར་བསྒྲགས་ཤིང་། ༢༠༡༢ལོའི་ཚུན་ལ་དོགས་ཡོད་ཉེས་ཅན་རུས་ལུའེ་ཅན་ཝེ་ཐེ་ནམ་ལ་སྔ་གཞུག་ཏུ་ཐེངས་༢༤ཕྱིན་ནས་དེ་གའི་བུད་མེད༣༤བསླུ་ཁྲིད་ཀྱིས་ཧུ་པེ་ཞིང་ཆེན་ཤིན་ཡུའེ་གྲོང་ཁྱེར་དང་ཏེང་ཀྲོའུ་གྲོང་ཁྱེར་གྱི་གྲོང་ཚོ་ཁག་ལ་བསླུས་འཚོང་བྱས་ཡོད་ཅིང་། ཉེས་ཅན་ཁོ་རང་ལ་མི་དམངས་ཤོག་སྒོར་འབུམ་བཞིའི་ཁེ་སྤོགས་ཐོབ། མིག་སྔར་ཝེ་ཐེ་ནམ་གྱི་བུད་མེད༦ཕྱིར་རང་ཡུལ་དུ་བསྐྱལ་ཡོད་འདུག

ཁུངས་ལྡན་གནས་ཚུལ་ལྟར་ན། ༢༠༡༤ལོའི་ཟླ༥བའི་ཚེས༥ཉིན། སྤྱི་བདེ་པུའུ་ཡིས“བསླུས་འཚོང་ལ་རྡུང་རྡེག”གི་ཆེད་དོན་འགུལ་སྐྱོད་གཞུང་སྒྲུབ་ཁང་གིས་རྩད་ཞིབ་ཁུངས་སྣེ་བཀའ་བཅོལ་བྱས་པར། ཝེ་ཐེ་ནམ་གྱི་བུད་མེད་རུས་ཕན་ཅན་ཞིག་ཧུ་པེ་ཞིང་ཆེན་ཤིན་ཡུའེ་གྲོང་ཁྱེར་གྱི་སྐྱེས་པ་ཞིག་ལ་བསླུས་འཚོང་གིས་གཉེན་སྡེབ་པར། སྤྱི་བདེ་པུའུ་ནས་ལམ་སང་རྩད་ཞིབ་བྱས་བརྒྱུད་བུད་མེད་དེ་མུར་ཕྱིར་ཕ་ཡུལ་ལ་ལོག་ཏུ་བཅུག་ཡོད་འདུག

གནས་ཚུལ་ཁུངས་སྣེ་དེར་མཐུད་དེ་ཞིང་ཆེན་སྤྱི་བདེ་ཐིང་ཉེས་དོན་མྱུལ་ཞིབ་ཅུས་ཀྱི་མཛུབ་སྟོན་འོག ཧྲི་ཅ་ཀྲོང་གྲོང་ཁྱེར་གྱི་སྤྱི་བདེ་ཅུས་ཀྱིས་སྟོབས་ཤུགས་གཙོ་བོ་འདེམ་སྒྲིག་གིས་ཆེད་དམིགས་གྱོད་དོན་ཚོགས་ཆུང་བཙུགས་ཏེ། ཁུངས་སྣེ་ལ་དཔྱད་ཞིབ་དང་ཉེས་དོན་ལ་རྩད་ཞིབ་བྱས་མཐར། ཟླ༥པའི་ཚེས༡༢ཉིན་ཉེན་རྟོག་ཕྱོགས་ཀྱིས་རུས་ཕན་ཅན་དེ་སྐྱོབ་ཐུབ་པ་བྱུང་། རུས་ཕན་ཅན་ལ་རྩད་འདྲི་བྱེད་དུས་ཁོ་མོས་ང་རང་ཝེ་ཐེ་ནམ་གྱི་སྐྱེས་པ་ཞིག་གིས་ཀྲུང་གོར་བསླུ་ཁྲིད་བྱས་པ་ཡིན་ལ། བཀག་སྡོད་ཅི་རིགས་བྱས་མཐར་ཧུ་པེ་ཞིང་ཆེན་གྱི་ཤིན་ཡུའེ་གྲོང་ཁྱེར་དུ་བསླུས་འཚོང་བྱས་འདུག་ཅེས་བརྗོད་བྱུང་། ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་རུས་ཕན་ཅན་འཚོང་མཁན་གྱི་དོགས་ཡོད་ཉེས་ཅན་རུས་ལུའེ་ཅན་རྩད་གཅོད་བྱེད་པ་དང་ཆབས་ཅིག ཝེ་ཐེ་ནམ་གྱི་བུད་མེད་བསླུས་འཚོང་བྱས་པ་དེ་ཡང་རྙེད་ཐུབ་པ་བྱུང་།

རྩད་ཞིབ་བརྒྱུད། ༢༠༡༢ལོའི་ཟླ༥བའི་ཚུན་ལ། དོགས་ཡོད་ཉེས་ཅན་རུས་ལུའེ་ཅན་གྱིས་ཧུ་པེ་ཞིང་ཆེན་གྱི་ཤིན་ཡུའེ་གྲོང་ཁྱེར་དང་ཏིང་ཀྲོའུ་གྲོང་ཁྱེར་གྱི་ཉེས་རོགས་ཁྲིད་དེ་ཐེངས་དུ་མར་ཡུན་ནན་ཞིང་ཆེན་གྱི་ཝན་ཧྲན་ཀྲོའུ་ལ་བསྐྱོད་ཅིང་། ཝན་ཧྲན་ཀྲོའུ་ནས་ཕྱིར་ལོག་དུས་བུད་མེད་མང་པོ་བསླུ་ཁྲིད་བྱས་ཡོད་པ་མ་ཟད། ཁེ་སྤོགས་མི་ཉུང་པ་ལོན་ཡོད་པ་ཤེས་རྟོགས་བྱུང་།

དེའི་ཐད་ཉེན་རྟོག་པས་ཤིན་ཡུའེ་གྲོང་ཁྱེར་དང་ཏིང་ཀྲོའུ་གྲོང་ཁྱེར་གྱི་འབྲེལ་མཚམས་ཀྱི་གྲོང་ཚོ་ཁག་ཏུ་རྒྱུས་ལོན་བྱས་པར། ཝེ་ཐེ་ནམ་གྱི་བུད་མེད༣༠ལྷག་དོགས་ཡོད་ཉེས་ཅན་རུས་ལུའེ་ཅན་གྱིས་བསླུས་འཚོང་བྱས་འདུག་པ་མ་ཟད། ཁོའི་ནག་མོ་རུས་ཀའོ་ཅན་ཡང་བུད་མེད་བསླུས་འཚོང་གི་ལས་ལ་ཞུགས་པ་གསལ་བོར་རྟོགས། དེར་བརྟེན་ཆེད་དམིགས་གྱོད་དོན་ཚོགས་ཆུང་གིས་སྔ་རྗེས་སུ་པེ་ཅིང་དང་པའོ་ཏེང་སོགས་སུ་འཚོལ་ཞིབ་བྱས་ཤིང་། ཟླ༦པའི་ཚེས༤ཉིན་ཧེ་པེ་ཏིང་ཀྲོའུ་གྲོང་ཁྱེར་ནས་དོགས་ཡོད་ཉེས་ཅན་རུས་ལུའེ་ཅན་དང་རུས་ཀའོ་ཅན་གྱི་ཁྱོ་ཤུག་གཉིས་འཛིན་ཐུབ་པ་བྱུང་།

བདེན་དཔང་ཁུངས་བཙན་གྱི་མདུན་ནས་དོགས་ཡོད་ཉེས་ཅན་རུས་ལུའེ་ཅན་གྱི་ཁྱོ་ཤུག་གཉིས་ཀྱིས་ ཝེ་ཐེ་ནམ་གྱི་བུད་མེད་བསླུས་འཚོང་བརྒྱུད། སྐྱེས་པ་གཞན་དག་ལ་གཉེན་སྡེབ་ཏུ་བཅུག་པའི་ནག་ཉེས་ངོས་ལེན་གནང་བ་མ་ཟད། ཝེ་ཐེ་ནམ་གྱི་བུད་མེད་ཡུན་ནན་དུ་ཁྲིད་སའི་ལྐོག་ལམ་གཉིས་གསལ་འདོན་བྱས། ཟླ༦པའི་ཚེས༢༠ཉིན་ཆེད་དམིགས་བསལ་གྱོད་དོན་ཚོགས་ཆུང་གིས་ཡུན་ནན་ཝན་ཧྲན་ཀྲོའུ་ཡན་ཧྲན་རྫོང་ཕེང་ཡོན་གྲོང་རྡལ་ནས་དོགས་ཡོད་ཉེས་ཅན་རུས་ཝང་ཅན་གཉིས་འཛིན་བཟུང་ཐེབས་པ་མ་ཟད། བཀག་སྡོམ་བྱས་པའི་ཝེ་ཐེ་ནམ་གྱི་བུད་མེད་བཞི་སྐྱོབ་ཐུབ་པ་བྱུང་། རྩད་ཞིབ་བརྒྱུད་༢༠༡༣ལོའི་ལོ་སྨད་ནས་བཟུང་། རུས་ཝང་ཅན་སོགས་ཀྱིས་ནག་ཉེས་འགོ་ཁུངས་ནས་བུད་མེད་བསླུ་ཉོ་བྱས་ཏེ་རིས་ལུའེ་ཅན་ཁྱོ་ཤུག་བཅས་ལ་བསླུས་འཚོང་བྱས་པའི་བརྒྱུད་རིམ་ལྷུག་བརྗོད་བྱས། མིག་སྔར་གྱོད་གཞི་འདིའི་དོགས་ཡོད་ཉེས་ཅན་གཞན་དག་དྲ་ལམ་ནས་བདའ་འདེད་འཛིན་བཟུང་གི་སྒང་རེད།

འབྲེལ་ཡོད་རྩོམ་ཡིག