སྤྱི་ཚེས ༣ ཉིན་ཨ་རིའི་མའ་ལེ་ལན་མངའ་སྡེའི་པ་ཨེར་ཏེ་མའོ་གྲོང་ཁྱེར་གྱི་སྲིད་གཞུང་གིས་ཁྱབ་བསྒྲགས་བྱས་ཏེ། པ་ཨེར་ཏེ་མའོ་གྲོང་ཁྱེར་གྱི་བདེ་སྲུང་གནས་བབ་ཡག་ཏུ་སོང་བ་དང་བསྟུན། སྔོན་གཏན་འཁེལ་བའི་སྤྱི་ཚེས་༤ཉིན་གྱི་ཐོ་རེངས་ཆུ་ཚོད ༥ སྟེང་མཇུག་སྒྲིལ་རྒྱུ་ཡིན་པའི་མཚན་འགྲུལ་བཀག་སྡོམ་འཕྲལ་མར་མེད་པར་བཟོས་ཡོད་པ་རེད།
བསྟུད་མར་ཉིན་འགའི་རིང་། རྔམ་སྟོན་པས་པ་ཨེར་ཏེ་མའོ་གྲོང་ཁྱེར་དུ་ཉེན་རྟོག་པས་དྲག་ཤུགས་ཁྲིམས་འཛིན་བྱ་སྤྱོད་ཀྱིས་རིགས་རྒྱུད་ཨ་ཧྥེ་རི་ཁ་ནས་ཡིན་པའི་ན་གཞོན་ཧྥོ་ལེ་ཏེ་ཀེ་ལེ་རྐྱེན་ལམ་དུ་ཤོར་བར་རྒོལ་གཏམ་རྒྱུན་ཆད་མེད་པར་བཏང་ཡོད། སྤྱི་ཟླ ༤ པའི་ཚེས ༢༧ ཉིན། ཀེ་ལེ་ཡི་འདས་མཆོད་མཇུག་སྒྲིལ་ནས་ཡུན་རིང་མ་སོང་བར། རྔམ་སྟོན་པ་དང་ཉེན་རྟོག་པར་གདོང་ཐུག་བྱུང་སྟེ། གཞི་ཁྱོན་ཆེ་བའི་ཟིང་ཆ་སླངས་ཡོད་པ་རེད།
སྤྱི་ཟླ ༤ པའི་ཚེས ༢༧ ཉིན་གྱི་མཚན་མོར་གྲོང་སྤྱི་ལོའོ་ལིན་སི་པུའུ་ལའེ་ཁེ་ཡིས་ཁྱབ་བསྒྲགས་བྱས་ཏེ། པ་ཨེར་ཏེ་མའོ་གྲོང་ཁྱེར་དུ་དུས་ཡུན་གཟའ་འཁོར་གཅིག་རིང་གི་མཚན་འགྲུལ་བཀག་སྡོམ་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།