2016ལོའི་རྒྱལ་ཡོངས་ཀྱི་ཚོགས་ཆེན་གཉིས་ཡོངས་སུ་མཇུག་གྲིལ། ཁ་སང་སྔ་དྲོར་ཁྱབ་སྒྲོག་ཚོགས་འདུ་གལ་ཆེན་ཞིག་བསྡུས་ཤིང་། དེའི་སྟེང་དུ་ཙུང་ལི་ཁེ་ཆང་གིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་དྲི་བར་ལན་བསྐྱོན་པ་རེད། ཙུང་ལིའི་གསུང་བཤད་དེ་དག་ནི་བོད་ལྗོངས་ཀྱི་མང་ཚོགས་དང་འབྲེལ་བ་དམ་ཟབ་ཡོད་དོ།།
ས་གནས་ཀྱི་རྒན་གསོའི་གྲོན་དངུལ་སྤྲོད་པར་དཀའ་ཁག་ཆེན་པོ་ཡོད་པ་དང་། ཀྲུང་དབྱང་གིས་རྒན་གསོའི་གྲོན་དངུལ་སྤྲོད་པར་དཀའ་ཁག་ཡོད་པའི་ས་གནས་ཁ་ཤས་ལ་ཁ་གསབ་བྱ་རྒྱུ་ཡིན་མོད། འོན་ཀྱང་དེ་ནི་ས་གནས་གཅིག་གི་དཀའ་ཁག་རེ་ཞིག་གི་དཀའ་ཁག་ཡིན་པས། ཀྲུང་གོས་ད་ལྟ་ལག་ཏུ་བསྟར་བ་ནི་རྒན་གསོའི་གྲོན་དངུལ་ཞིང་ཆེན་རིམ་པས་གཅིག་གྱུར་གྱིས་བཀོད་སྒྲིག་བྱེད་པ་རེད། ཞིང་ཆེན་རིམ་པའི་སྲིད་གཞུང་ལ་འགན་ཁུར་ཡོད་ལ། ཕྱོགས་མང་པོ་གྲབས་གསོག་བྱས་ཏེ་རྒན་གསོའི་གྲོན་དངུལ་སྤྲོད་པར་ཁག་ཐེག་བྱེད་པའི་ནུས་པའང་ཡོད། དངོས་གནས་དཀའ་ཁག་འབུར་ཐོན་ཡིན་པར་ས་གནས་སྲིད་གཞུང་གིས་འབད་པ་བྱས་ན། ཀྲུང་དབྱང་སྲིད་གཞུང་གིས་ཁ་གསབ་བྱེད་སྲིད། ཉེ་བའི་ལོ་གསུམ་རིང་དུ་ཀྲུང་དབྱང་ནོར་སྲིད་ཀྱིས་སྒོར་དུང་ཕྱུར་ཁྲི་ལྷག་དེའི་ཆེད་དུ་བཏོན། འོན་ཀྱང་ས་གནས་སྲིད་གཞུང་གིས་རང་འགན་རང་སྒྲུབ་བྱེད་དགོས་པ་དང་། ཀྲུང་དབྱང་སྲིད་གཞུང་གིས་ཀྱང་རྒན་གསོའི་གྲོན་དངུལ་དུས་ལྟར་འདང་ངེས་ཀྱིས་སྤྲོད་པར་ལྟ་སྐུལ་བྱ་དགོས།
ཐོན་ནུས་ཇེ་ཉུང་དུ་གཏོང་དགོས། འོན་ཀྱང་ལས་བཟོ་པ་མང་པོའི་ཁ་རྒྱབ་གནད་དོན་ཐག་གཅོད་དགོས་ཤིང་། རྗེས་མར་ཐོན་ལས་མང་དྲགས་པ་ཇེ་ཉུང་དུ་གཏོང་རྒྱུ་ཡིན། ང་ཚོས་ངེས་པར་དུ་ཐོན་ལས་ཇེ་ཉུང་དུ་གཏོང་དགོས་མོད། འོན་ཀྱང་ལས་བཟོ་པ་མང་པོའི་ཁ་རྒྱབ་གནད་དོན་ཐག་གཅོད་དགོས་པ་མ་ཟད། ཁོ་ཚོར་ལས་ཀ་གསར་པ་བརྩོན་ལེན་བྱེད་དགོས། འཕྲལ་དུ་ཐག་གཅོད་མི་ཐུབ་པར་ཀྲུང་དབྱང་ནོར་སྲིད་དང་ས་གནས་ནོར་སྲིད་ལ་བཀོད་སྒྲིག་འོས་འཚམ་བྱེད་པའི་ནུས་པ་ཡོད། ཀྲུང་དབྱང་གིས་སྒོར་དུང་ཕྱུར1000ལས་རྐང་བསྒྱུར་ནས་བཀོད་སྒྲིག་བྱེད་པའི་ཕྱོགས་སུ་སྤྱོད་པའི་ཆེད་དོན་མ་རྩར་བཞག་ཡོད། ད་དུང་དགོས་མཁོ་ཆེ་ཚེ་ཁ་སྣོན་བྱས་ཆོག
“འགན་བཅོལ་ལྔ་དང་མ་དངུལ་གཅིག”གི་གྲོན་དངུལ་བསྡུ་བཅོལ་བསྡུར་ཚད་འོས་འཚམ་གྱིས་དམའ་རུ་གཏོང་བ་དང་།“འགན་བཅོལ་ལྔ་དང་མ་དངུལ་གཅིག”དེ་ སྤྱི་ཡོངས་ནས་བལྟས་ན། འོས་འཚམ་གྱི་ལེགས་སྒྲིག་བྱེད་པའི་བར་སྟོང་ཡོད་ལ། དེ་ཡང་ས་གནས་སོ་སོའི་གནས་ཚུལ་མི་འདྲ། ངས་གོང་དུ་བཤད་པ་ལྟར། སྤྱི་ཚོགས་འགན་སྲུང་ཐེབས་རྩ་ནི་འདང་ངེས་ཡིན། རྒྱལ་ཁབ་ཀྱི་གཏན་འཁེལ་བྱས་པའི་གཅིག་གྱུར་གྱི་སྒྲོམ་གཞིའི་འོག ས་གནས་ཀྱི་རང་ཐག་རང་གཅོད་ཀྱི་དབང་ཆ་སྔར་བས་མང་པོ་སྤྲད་ཆོག་ཏེ། ཁོ་ཚོས་ས་གནས་དེ་གའི་དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་དུས་རིམ་རང་བཞིན་གྱི་སྒོ་ནས། འོས་འཚམ་གྱིས“འགན་བཅོལ་ལྔ་དང་མ་དངུལ་གཅིག”གི་བསྡུ་བཅོལ་བསྡུར་ཚད་ཇེ་དམའ་རུ་བཏང་ཆོག སྤྱིའི་ཆ་ནས་བཤད་ན་ཁེ་ལས་ཀྱིས་འགན་མང་ཙམ་ཁུར་རྒྱུ་དང་། ལས་བཟོ་པར་དངུལ་དམར་མང་ཙམ་ལེན་དུ་འཇུག་དགོས་།
ཞིང་པ་དེ་བས་མང་པོ་གྲོང་ཁྱེར་ནང་ཡོང་དུ་བཅུག་ནས། རིམ་པ་རྗེས་མར་སྔར་བཞིན་གྲོང་ཁྱེར་དང་གྲོང་རྡལ་ཅན་དང་ཞིང་ལས་དེང་རབས་ཅན་བཅས་མཐུན་སྦྱོར་ངང་འཕེལ་རྒྱས་དང་། ཞིང་པ་དེ་བས་མང་པོ་གྱི་གྲོང་ཁྱེར་ནང་ཡོང་བ་དང་། ཆ་རྐྱེན་འཛོམས་པ་རྣམས་གྲོང་ཁྱེར་ནང་དུ་སྡོད་དུ་འཇུག་དགོས། དེ་ལྟར་བྱས་ཚེ་ཞིང་པའི་ཡོང་འབབ་མང་དུ་གཏོང་ཐུབ། དུས་མཚུངས་སུ། རྣམ་པ་འདྲ་མིན་གྱི་འོས་འཚམ་གཞི་ཁྱོན་ལྡན་པའི་གཉེར་སྐྱོང་བྱས་ཏེ། ཞིང་པ་རྣམས་ཀྱི་ངལ་རྩོལ་ཐོན་སྐྱེད་བྱེད་ཚད་མཐོ་རུ་གཏོང་རྒྱུ། དེ་འདྲ་བྱས་ཚེ་ང་ཚོའི་ཞིང་ལས་ཐོན་རྫས་ལ་དེ་བས་འགྲན་རྩོད་ནུས་པ་ཡོད། དེ་ལྟ་ནའང་། ཞིང་ལས་ནི་ཐོག་མཐའ་བར་གསུམ་དུ་ནུས་ཞན་ཐོན་ལས་ཞིག་ཡིན་པས། རྒྱལ་ཁབ་ཀྱིས་ཞིང་ལས་ལ་རོགས་སྐྱོར་བྱེད་པའི་ཤུགས་ཚད་ཇེ་ཆུང་དུ་མི་གཏོང་བ་དང་། ཞིང་པར་རྒྱབ་སྐྱོར་བྱེད་ཤུགས་ཀྱང་ཇེ་ཆུང་དུ་གཏོང་མི་སྲིད།
ཙུང་ལིའི་གསུང་བཤད་ཕུད། དེ་རིང་སྔ་དྲོ་ཚོགས་འདུ་གཉིས་ཀྱི་སྟེང་དུ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང“ ལོ་ལྔ་ཚན་བཅུ་གསུམ་པའི” འཆར་འགོད་ཀྱི་རྩ་གནད་ལ་ གྲོས་འཆམ་བྱུང་ཞིང་། མ་འོངས་པའི་འཕེལ་རྒྱས་ཁ་ཕྱོགས་གཏན་འཁེལ་གསལ་པོ་བྱས། ཚོགས་ཆེན་གཉིས་ནི་ཀྲུང་གོའི་ཆབ་སྲིད་འཚོ་བའི་ནང་གི་དོན་ཆེན་ཞིག་ཡིན་པས་ཆ་ནས། དེའི་སྟེང་བཏོན་པའི་ཐབས་ཇུས་གང་ཡིན་ཡང་ཁྱོད་ཀྱི་འཚོ་བ་ལ་ཤུགས་རྐྱེན་ཐེབས་ངེས། ཡོང་འབབ་དང་སྨན་གསོ། སློབ་གསོ་ནས་འགྲིམ་འགྲུལ་ཕྱིར་སྐྱོད་སོགས་ཐབས་ཇུས་རབ་དང་རིམ་པས་བོད་ལྗོངས་ཀྱི་མི་སེར་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད།
1ཡོང་འབབ།
འདི་ལོ་ཅི་ལྟར་བྱ་དགོས་སམ། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་གི་བསྡོམས་འབོར6.5%—7%འཕར་བ་དང་། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་བརྒྱ་ཆ3%ཡས་མས་ཡིན། རྒྱལ་སྤྱིའི་ཐོག་གཏོང་ཡོང་གཞི་རྩའི་ཆ་ནས་ཕལ་ཆེར་དོ་མཉམ་པ་དང་། གྲོང་མིའི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་ཚད་གཉིས་
ལ་ཆེར་དོ་མཉམ་ཡིན།
འབྱུང་འགྱུར་ལོ་ལྔའི་རིང་ཇི་ལྟར་བྱ་དགོས་སམ། ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཀྱི་དམིགས་འབེན་མངོན་འགྱུར་དང་། 2020 ལོར་སླེབས་དུས་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་ཡོང་འབབ2010 ལོ་ལས་ལྡབ་གཅིག་འཕར་དགོས།“ལོ་ལྔ་ཚན་བཅུ་གསུམ་པའི་”རིང་གི་དཔལ་འབྱོར་ལོ་རེར་ཆ་སྙོམས་ཀྱིས6.5% ཡན་དུ་འཕར་བར་རྒྱུན་འཁྱོངས་བྱ་དགོས།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། 2020ལོར་སླེབས་ཚེ། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དེ2010ལོ་ལས་ལྡབ་གཅིག་ཡན་འཕར་བ་བྱ་རྒྱུ་དང་། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་བ་བྱ་དགོས།
2 དབུལ་སྒྲོལ།
འདི་ལོ་ཅི་ལྟར་བྱ་དགོས་སམ། ད་ལོར་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་ཁྲི1000ཡན་དབུལ་སྒྲོལ་ལས་སྒྲོལ་བའི་འགན་ཁུར་ཡོད་པ་དང་། དེའི་ནང་ས་ཆ་གཞན་དུ་གནས་སྤོ་བྱས་ནས་དབུལ་སྒྲོལ་བྱ་དགོས་པ་ཁྲི200ཡན་ཡོད་པ་དང་། མུ་མཐུད་དུ་དབུལ་ཕོངས་ཁྱིམ་དུད་ཀྱི་ཉེན་ཡོད་སྡོད་ཁང་སྒྱུར་བཀོད་བྱེད་པར་སྐུལ་འདེད་གཏོང་དགོས། ཀྲུང་དབྱང་ནོར་སྲིད་ཀྱི་དབུལ་སྐྱོར་མ་དངུལ43.4%འཕར་བ་རེད། དབུལ་ཕོངས་རྫོང་དུ་ཞིང་འབྲེལ་མ་དངུལ་བསྡུ་སྒྲིལ་བྱེད་པར་སྐུལ་འདེད་གཏོང་རྒྱུ་ཡིན།
འབྱུང་འགྱུར་ལོ5ཡི་རིང་ལ་ཇི་ལྟར་བྱ་དགོས་སམ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཆེན་པོའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས། རང་རྒྱལ་གྱི་ད་ཡོད་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་མི་འབོར་དབུལ་པོ་དབུལ་སྒྲོལ་ཡོང་བ་དང་། དབུལ་ཕོངས་རྫོང་གི་ཞྭ་མོ་ཡོངས་སུ་ཕུད་དེ་ས་ཁོངས་ཧྲིལ་པོའི་དབུལ་པོའི་དཀའ་ངལ་ཐག་གཅོད་དགོས། དབུལ་ཕོངས་ས་ཁུལ་གྱི་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བར་ལ་རྒྱབ་སྐྱོར་བྱ་དགོས། གསར་བརྗེའི་གནས་གཞིའི་ས་ཁུལ་རྙིང་པ་དང་། མི་རིགས་ས་ཁུལ། མཐའ་མཚམས་ས་ཁུལ། གཅིག་སྡུད་ཡུག་སྦྲེལ་དབུལ་ཕུངས་ཁུལ་བཅས་འགག་སྒྲོལ་གཙོ་གནད་དུ་བཟུང་སྟེ། ས་ཁུལ་དབུལ་པོ་ཞིང་པ་མི་རེར་ཆ་སྙོམས་ཀྱིས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་དེ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་མཐོ་རུ་གཏོང་བ་དང་། གཞི་རྩའི་སྤྱི་པའི་ཞབས་ཞུའི་ཁྱབ་ཁོངས་གཙོ་བོའི་དམིགས་ཚད་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་ཉེ་རུ་གཏོང་དགོས།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། 2016ལོར་མ་དངུལ་སྒོར་དུང་ཕྱུར85གཏོང་རྒྱུ་དང་། དེའི་ནང་ཆེད་སྤྱོད་མ་དངུལ་སྒོར་དུང་ཕྱུར24ཡོད། དེས་མི་ཁྲི12.97ལ་གནད་འཁེལ་དབུལ་སྐྱོར་བྱེད་པ་དང་། ས་ཆ་གཞན་དབུལ་སྐྱོར་གནས་སྤོ་བྱེད་པའི་མི་གྲངས་ཁྲི2.5ཡོད །
3བདེ་ཐང་།
འདི་ལོ་ཇི་ལྟར་བྱ་དགོས་སམ། ཀྲུང་དབྱང་ནོར་སྲིད་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སྨན་བཅོས་རོགས་སྐྱོབ་ཁ་གསབ་མ་དངུལ་སྒོར་དུང་ཕྱུར160བཏང་བ་དང་། 9.6%འཕར་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ཧྲག་སྡེབ་བྱེད་པར། ནོར་སྲིད་ཀྱི་ཁ་གསབ་དེ་ལོ་རེར་མི་རེར་སྒོར380ནས420བར་མཐོ་རུ་བཏང་ཡོད་། མཁོ་ཆོད་སྨན་པ་དང་བྱིས་ནད་སྨན་པ་ གསོ་སྐྱོང་བྱེད་པ་ཇེ་མགྱོགས་སུ་གཏོང་དགོས། ས་ཁུལ་དང་གྲོང་ཁྱེར70%ཡས་མས་སུ་རིམ་པ་དབྱེ་ནས་སྨན་བཅོས་ཚོད་ལྟ་སྤེལ་དགོས་། གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུའི་གྲོན་དངུལ་དེ་ནོར་སྲིད་ཁ་གསབ་ལྟར་མི་རེར་ཆ་སྙོམས་སྒོར40ནས་སྒོར45བར་མཐོ་རུ་གཏོང་རྒྱུ་དང་། སྨན་བཅོས་ཐོན་ཁུངས་གཞི་རིམ་དང་གྲོང་གསེབ་ཏུ་སྐྱོད་པར་སྐུལ་འདེད་གཏོང་དགོས།
འབྱུང་འགྱུར་ལོ་5ཡི་རིང་ལ་ཇི་ལྟར་བྱ་དགོས་སམ། སྐྱོན་བྲལ་གྱི་ཀྲུང་གོ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་དང་། མི་རེའི་ཆ་སྙོམས་ཀྱི་སྔོན་དཔག་ཚེ་ཚད་ལོ1གིས་ཇེ་མང་དུ་གཏོང་དགོས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་རྒྱུ་དང་། དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ།ནད་རིགས་ཚབས་ཆེན་འགོག་བཅོས་བྱེད་ཤུགས་དང་གཞི་རྩའི་སྤྱི་པའི་འཕྲོད་བསྟེན་ཞབས་ཞུ་ཇེ་དྲག་ཏུ་གཏོང་བ། མ་བུའི་འཕྲོད་བསྟེན་བདེ་སྲུང་དང་བུ་བཙའི་ཞབས་ཞུར་ཤུགས་སྣོན་རྒྱག་པ། སྨན་བཅོས་ཞབས་ཞུའི་མ་ལག་འཐུས་ཚང་དུ་གཏོང་བ། ཀྲུང་ལུགས་གསོ་རིག་སྨན་རྫས་ཀྱི་རྒྱུན་འཛིན་དང་འཕེལ་རྒྱས་ཡོང་ཆེད་དམངས་ཡོངས་ཀྱི་ལུས་ཁམས་བདེ་ཐང་དུ་གཏོང་བའི་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་བ་བཅས་བྱས་ཏེ། བཟའ་བཅའ་དང་སྨན་རྫས་རིགས་ལ་གནོད་ཕོག་མེད་པའི་འགན་སྲུང་བྱ་དགོས།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། འབྱུང་འགྱུར་ལོ5ཡི་རིང་། བོད་ཀྱི་གསོ་རིག་སྨན་རྫས་བྱ་གཞག་འཕེལ་རྒྱས་ཤུགས་ཆེན་བཏང་ནས། རྫོང་རིམ་པའི་སྨན་རྩིས་ཁང་ཁེར་འཛུགས་བྱ་དགོས། གཞི་རིམ་གྱི་བོད་ཕྱི་གསོ་རིག་ཟུང་འབྲེལ་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། མི་སྟོང་རེ་ལ་ལས་གཉེར་སྨན་པ་དཀའ་བཅུ་པ2.2དབང་། ས་མཐོར་ཐོན་ཚད་མང་བའི་ནད་ཡམས་འབྱུང་བའི་ཐད་སྨན་བཅོས་གྲོན་དངུལ་གཏོང་བ་དེ་སྨན་བཅོས་འགན་བཅོལ་གྱིས་གཏོང་སྤྲོད་དང་ཚོང་ལས་འགན་བཅོལ་གྱིས་སྐྱིན་ཚབ་སྤྲད་རྗེས། སྔར་བཞིན་དཀའ་ངལ་ཡོད་རིགས་ལ་ནོར་སྲིད་ཁ་གསབ་རོགས་རམ་བྱ་དགོས།
4 སློབ་གསོ།
འདི་ལོར་ཇི་ལྟར་བྱ་དགོས་སམ། སྤྱི་པའི་སློབ་གསོའི་ཐད་ཀྱི་མ་དངུལ་གཏོང་ཚད་དེ་དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་དང་བས་མཐའི་དབུལ་ཕོངས་ས་ཁུལ་བཅས་སུ་ཕྱོགས་པར་བྱེད་ཤུགས་ཆེ་རུ་གཏོང་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་གྲོན་དངུལ་འགན་སྲུང་ནང་རྐྱེན་གཅིག་གྱུར་བྱས་ཏེ། ཆ་རྐྱེན་ཞན་པའི་སློབ་གྲྭ་དང་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་པ་དང་། ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་འཕེལ་རྒྱས་སུ་གཏོང་བར་ བསྔགས་སྐུལ་བྱ་རྒྱུ། དམིགས་བསལ་སློབ་གསོ་ཡག་པོ་གཉེར་དགོས། དེང་རབས་ཀྱི་ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། རིགས་དབྱེ་ནས་འབྲིང་རིམ་ལས་རིགས་སློབ་གསོའི་སློབ་ཡོན་རྩག་རྩིག་རྩ་ཆག་གཏོང་རྒྱུ། དཀའ་ངལ་ཆེ་བའི་ཁྱིམ་ཚང་གི་སློབ་མར་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཡོན་རྩག་རྩིག་སྔོན་ལ་མེད་པ་བཅས་བྱས་ཏེ། གྲོང་གསེབ་ཀྱི་དགེ་རྒན་གྱི་ཐོབ་ཐང་སྲིད་ཇུས་དོན་འཁྱོལ་དངོས་འབེབས་བྱ་རྒྱུ་ཡིན།
འབྱུང་འགྱུར་ལོ5ཡི་རིང་ལ་ཇི་ལྟར་བྱ་དགོས་སམ། གཞི་རྩའི་སྤྱི་པའི་སློབ་གསོ་དོ་སྙོམས་འཕེལ་རྒྱས་ཡོང་བར་ཇེ་མགྱོགས་སུ་གཏོང་བ་དང་། ལས་རིགས་སློབ་གསོས་ཐོན་སྐྱེད་དང་སློབ་གསོ་མཉམ་བསྲེས་བྱེད་པར་སྐུལ་འདེད་གཏོང་བ། སློབ་ཆེན་གྱི་གསར་གཏོད་ཤེས་ལྡན་མི་སྣའི་གསོ་སྦྱོང་ནུས་པ་མཐོར་གཏོང་བ། སློབ་སྦྱོང་རྣམ་པའི་སྤྱི་ཚོགས་འཛུགས་སྐྱོང་མགྱོགས་སུ་གཏོང་བ། སློབ་གསོ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་དྲག་ཏུ་གཏོང་དགོས། འོས་འགན་སློབ་གསོ་ལག་ལེན་བསྟར་བར་སློབ་གྲྭ་ཚད་ལྡན་ཅན་དང་། མཐོ་འབྲིང་དུས་རིམ་གྱི་སློབ་གསོ་ཁྱབ་གདལ་གཏོང་བ། འཛམ་གླིང་གི་སློབ་ཆེན་རྩེ་གྲ་འཛུགས་སྐྲུན་དང་རིག་ཚན་ལས་གྲྭ་རྩེ་གྲ་སོགས་བཙུགས་ནས། ངལ་རྩོལ་ལོ་ཚད་ཀྱི་མི་འབོར་གྱི་སློབ་གསོ་མྱོང་ཚད་ཆ་སྙོམས་ཀྱིས་ལོ10.23ནས10.8བར་མཐོ་རུ་གཏོང་རྒྱུ་ཡིན།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། 2016ལོར་གྲོང་གསེབ་ཏུ་སྐད་གཉིས་བུ་བཅོལ་ཁང250བསྐྲུན་རྒྱུ་དང་། རྫོང14ལ་འོས་འགན་སློབ་གསོ་དོ་སྙོམས་འཕེལ་རྒྱས་དཔྱད་ཞིབ་རྩིས་ལེན་བྱ་རྒྱུ་ཡིན། འགྲོ་ཁུངས་གཏན་འཁེལ་གྱིས་སྐད་གཉིས་ཤེས་པའི་དགེ་རྒན་དང་རིག་ཚན་དཀོན་པོའི་རིགས་ཀྱི་དགེ་རྒན1000གསོ་སྐྱོང་དང་གསོ་སྦྱོང་བྱ་རྒྱུ་དང་། དགེ་རྒན800“ཚོགས་པ་ཅན”དུ་བྱས་ཏེ་བོད་སྐྱོར་ལས་དོན་སྤེལ་དགོས། འབྱུང་འགྱུར་ལོ་ལྔའི་ནང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་ཞུགས་གོང་གི་སློབ་གསོའི་ཐད་ལ་མ་དངུལ་འཇོག་གྲངས་མང་དུ་གཏོང་བ་དང་། སློབ་ཞུགས་གོང་གི་སློབ་གསོར་བྱིས་པ་ཞུགས་ཚད80%ཡན་ཟིན་དུ་འཇུག་དགོས། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་སློབ་གསོ་ཁྱབ་གདལ་ཤུགས་ཆེར་བཏང་ནས་མི་རིགས་ཁག་གི་སློབ་མ་བསྲེས་ནས་སློབ་ཁྲིད་དང་། སྐད་གཉིས་སློབ་གསོའི་ཁྱབ་ཚད100%ཟིན་དུ་འཇུག་དགོས། འོས་འགན་སློབ་གསོའི་སློབ་གྲྭ་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པ་མགྱོགས་སུ་གཏོང་བ་དང་། གཞི་རྩའི་ཆ་ནས་རྫོང་ཁོངས་སུ་དོ་སྙོམས་ངང་འཕེལ་རྒྱས་ཡོང་བ་མངོན་འགྱུར་བྱས་ཏེ། འོས་འགན་སློབ་གསོ་སྲ་བརྟན་ཡོང་ཚད95% ཟིན་པ་བྱེད་རྒྱུ། མཐོ་རིམ་སློབ་འབྲིང་དུས་མཚམས་ནས་སློབ་ཞུགས་བྱེད་ཚད90%ཟིན་དུ་འཇུག་པ་དང་། གསར་དུ་འཕར་བའི་ངལ་རྩོལ་ནུས་ཤུགས་གྱི་སློབ་གསོ་མྱོང་ཚད་ཆ་སྙོམས་ཀྱིས་ལོ13ཡན་ཟིན་ཐུབ་པའི་འགན་ལེན་བྱེད་དགོས།
5 རྒན་གསོ།
འདི་ལོར་ཇི་ལྟར་བྱ་དགོས་སམ། ལས་འཁྱུར་ངལ་གསོའི་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་གྱི་ཚད་གཞི་མུ་མཐུད་དུ་ཇེ་མཐོར་གཏོང་དགོས། ས་གནས་ཁག་གིས་འགན་འཁྲི་ཏན་ཏིག་འཁུར་བ་དང་། རྒན་གསོའི་འཚོ་དངུལ་དུས་ཐོག་ཏུ་འདང་ངེས་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། རྒྱལ་ཁབ་ལ་དབང་བའི་མ་རྩ་ཁག་ཅིག་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་རྒན་གསོའི་ཞབས་ཞུའི་ལས་རིགས་ཀྱི་ཕྱོགས་བསྡུས་བསྒྱུར་བཅོས་ཚོད་ལྟ་བྱེད་པ་དང་། རྣམ་པ་འདྲ་མིན་སྣ་ཚོགས་ཀྱི་སྨན་བཅོས་དང་རྒན་གསོ་ཟུང་འབྲེལ་བྱེད་པ།སྐབས་འཕྲལ་རོགས་སྐྱོབ་བྱེད་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་དང་བསྙེན་བཀུར་ཞུ་བ་སོགས་ཀྱི་ལམ་ལུགས་དངོས་འབེབས་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་མི་རེར་ཆ་སྙོམས་ཀྱིས་ཁ་གསབ་ཚད་གཞི་སོ་སོར་བརྒྱ་ཆའི5%ནས8%མཐོར་འདེགས་གཏོང་དགོས།
འབྱུང་འགྱུར་ལོ5ཡི་རིང་ལ་ཇི་ལྟར་བྱ་དགོས་སམ། ཧུར་ཐག་གིས་མི་འབོར་བགྲེས་སོང་ཅན་དུ་འགྱུར་བར་ཁ་གཏད་འཇལ་ནས། མི་འབོར་རྒན་རྒོན་ཅན་དུ་གྱུར་པར་ཁ་གཏད་འཇལ་རྒྱུའི་འགུལ་སྤྱོད་སྤེལ་བ་དང་། མཐོ་རིམ་ཇུས་འགོད་ལ་ཤུགས་སྣོན་རྒྱག་པ་དང་། མི་འབོར་འཐབ་ཇུས་དང་། བུ་བཙའི་སྲིད་ཇུས་། ལས་ཞུགས་ལམ་ལུགས། རྒན་གསོའི་ཞབས་ཞུ། སྤྱི་ཚོགས་འགན་བཅོལ་མ་ལག ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་། ཤེས་ལྡན་པ་གསོ་སྐྱོང་། ཁོར་ཡུག་ལ་རྒྱབ་སྐྱོར། སྤྱི་ཚོགས་ནང་ཐེ་ཞུགས་བྱེད་པ་སོགས་འདེགས་སྐྱོར་དུ་བརྟེན་པའི་མི་འབོར་རྒན་རྒོན་ཅན་དུ་གྱུར་པའི་ལ་ཁ་གཏད་གཅོག་པའི་མ་ལག་འཛུགས་དགོས། མི་འབོར་དོ་སྙོམས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། རྒན་གསོའི་ཞབས་ཞུའི་མ་ལག་འཐུས་ཚང་གཏོང་བ་བཅས་བྱ་དགོས། བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། འབྱུང་འགྱུར་ལོ་5ཡི་རིང་དམངས་ཡོངས་འགན་བཅོལ་ནང་ཞུགས་རྒྱུའི་ཐོ་འགོད་འཆར་གཞི་དང་གྲོང་གསེབ་ཀྱི་ཡུལ་མིའི་སྤྱི་ཚོགས་འགན་བཅོལ་མ་ལག སྤྱི་ཚོགས་རོགས་སྐྱོབ་མ་ལག་བཅས་འཐུས་ཚང་དུ་གཏོང་དགོས། བྱ་ལས་སྡེ་ཚན་གྱི་རྒན་གསོའི་འགན་བཅོལ་ལམ་ལུགས་བསྒྱུར་བཅོས་བྱེད་པར་སྐུལ་འདེད་གཏོང་དགོས། གཞི་རྩའི་སྤྱི་ཚོགས་འགན་བཅོལ་གྱི་ཁེབས་ཚད་སྲ་བརྟན་ཡོང་བ་བྱེད་པ95%ཡན་ཟིན་དུ་འཇུག་དགོས།
6སྡོད་ཁང་།
འདི་ལོར་ཇི་ལྟར་བྱ་དགོས་སམ། འདི་ལོར་སྡོད་ཁང་ཐབས་ཆག་ཁུལ་གྱི་སྡོད་ཁང་ཁྲི600སྒྱུར་བཀོད་བྱེད་པ་དང་། ཐབས་ཆག་ཁུལ་དངུལ་ལོར་ཅན་དུ་སྒྱུར་བཀོད་བྱེད་པའི་བཀོད་སྒྲིག་བསྡུར་ཚད་མཐོ་རུ་གཏོང་རྒྱུ།
གྲོང་མིའི་སྡོད་ཁང་འཛད་སྤྱོད་ཚུལ་མཐུན་བྱེད་པའི་ཁྲལ་བསྡུ་དང་ཡིད་རྟོན་དངུལ་བུན་གཏོང་བའི་སྲིད་ཇུས་ལ་རྒྱབ་སྐྱོར་དང་འཐུས་ཚང་གཏོང་བ་དང་། སྡོད་ཁང་ངེས་པར་མཁོ་བ་དང་ལེགས་གཏོང་རང་བཞིན་གྱི་དགོས་མཁོ་བསྐང་དགོས། གྲོང་ཁྱེར་ས་ཁང་བདག་ཁོངས་ཀྱི་དཀའ་གནད་སེལ་དགོས། གླ་ཉོ་མཉམ་འཛིན་བྱེད་པའི་སྡོད་ཁང་ལམ་ལུགས་འཛུགས་པ་དང་། ཆ་རྐྱེན་ཚང་བའི་ཕྱི་ཡོང་མི་འབོར་རིམ་བཞིན་སྤྱི་པའི་བོགས་གཏོང་ཁང་པ་མཁོ་སྤྲོད་བྱེད་པའི་ཁྱབ་ཁོངས་ནང་འཇུག་དགོས།
འབྱུང་འགྱུར་ལོ་5ཡི་རིང་ལ་ལྟར་བྱ་དགོས་སམ། སྡོད་ཁང་འགན་སྲུང་མ་ལག་འཐུས་ཚང་དུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་ཐབས་ཆག་ཁྲི200སྒྱུར་བཀོད་བྱ་རྒྱུ་། སྲིད་གཞུང་གཙོ་བོ་བྱས་ཏེ་གཞི་རྩའི་འགན་སྲུང་འདོན་སྤྲོད་དང་། ཚོང་ར་གཙོར་བྱས་ཏེ་རིམ་པ་མང་པོའི་དགོས་མཁོ་སྐོང་བའི་སྡོད་ཁང་མཁོ་འདོན་མ་ལག་འཛུགས་པ། སྡོད་ཁང་མཁོ་འདོན་གྱི་གྲུབ་ཚུལ་ལེགས་སྒྱུར་དང་། གྲོང་མིའི་སྡོད་ཁང་གི་ཆུ་ཚད་བརྟན་པོའི་ངང་མཐོ་རུ་འདེགས་པ། སྔར་ལས་ཀྱང་སྡོད་སའི་ཁང་པ་ཡོད་པར་འགན་སྲུང་བྱ་དགོས།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། 2016 ལོར་ལས་བྱེད་དང་ལས་བཟོ་པའི་དྲོད་ལེན་པ་དང་ཟླ་རེར་ལྟར་སྡོད་ཁང་གི་ཁ་གསབ་དངུལ་སྟེར་བ།“རྒན་གྲས་གསུམ”གྱི་འཚོ་བའི་ཁ་གསབ་རོགས་དངུལ་སོགས་འགན་སྲུང་གི་ཚད་གཞི་མཐོར་འདེགས་གཏོང་དགོས། གསར་དུ་བཀོད་སྒྲིག་བྱས་པའི་མ་དངུལ་སྒོར་ཁྲི48,000ཡིས་ལས་བྱེད་པ་དང་ལས་བཟོ་པའི་ཟླ་རེར་ལྟར་སྡོད་ཁང་གི་ཁ་གསབ་སྟེར་བའི་ཚད་གཞི་དེ་ཟླ་རེར་མི་རེར་ཆ་སྙོམས་སྒོར200ནས400བར་མཐོ་རུ་གཏོང་རྒྱུ་ཡིན། ལས་བྱེད་པ་དང་ལས་བཟོ་པར་ལས་ཤག་རྒྱག་པའི་མ་དངུལ་སྒོར་ཁྲི60,000དང་། སྤྱི་པའི་བོགས་གཏོང་སྡོད་ཁང་འཛུགས་སྐྲུན་དང་སྡོད་ཁང་ཐབས་ཆག་ཁུལ་སྒྱུར་བཀོད་བྱ་རྒྱུར་མ་རྩ་སྒོར་ཁྲི60,973བཀོད་སྒྲིག་བྱ་རྒྱུ་ཡིན།
7 ཁོར་ཡུག
འདི་ལོར་ཇི་ལྟར་བྱ་དགོས་སམ། གཙོ་བོ་སྨུག་རྡུལ་དང་ཆུའི་སྦགས་བཙོག་ལེགས་སྒྱུར་བྱེད་པ་སྟེ། ནུས་ཁུངས་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ནང་རྐྱེན་འཐུས་ཚང་དུ་གཏོང་བ་བཅས་བྱ་དགོས།
འབྱུང་འགྱུར་ལོ་5ཡི་རིང་ལ་ཇི་ཅི་ལྟར་བྱ་དགོས་སམ། སླད་ཕྱིན་གྱི་ལོ་ལྔའི་ནང་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་ལ་ཆུ་སྤྱོད་ཚད་དང་།དབྱང་གཉིས་ཐཱན་འགྱུར་ཕྱིར་གཏོང་ཚད་སོ་སོར་དུ་23% དང་། 15% དང་། 18%མར་ཆག་པ་དང་། ནགས་ཚལ་ཁེབས་ཚད་དེ23.04%ལ་བསླེབ་ཏུ་འཇུག་རྒྱུ། ནུས་ཁུངས་དང་ཐོན་ཁུངས་གསར་སྤེལ་གྱི་བེད་སྤྱོད་ཕན་འབྲས་ཆེས་ཆེར་འཕེལ་ཏུ་འཇུག་པ་དང་། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་སྤྱི་ཡོངས་ནས་ཇེ་ལེགས་སུ་གཏོང་དགོས། ལྷག་པར་དུ་རླུང་ཁམས་ཆེན་པོའི་སྨུག་རྡུལ་བཅོས་སྐྱོང་ཐད་ལ་གྲུབ་འབྲས་མངོན་གསལ་ཐོབ་པ་དང་། ས་ཁུལ་རིམ་པ་དང་དེ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་གྲངས80%ལས་བརྒལ་ཡོད་པ་རེད།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། 2016ལོར་ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་གསབ་སྤྲོད་སྲིད་ཇུས་མུ་མཐུད་འཐུས་སྒོ་ཚང་དུ་གཏོང་བ་དང་། གནད་ཆེའི་ས་ཁོངས་སུ་ཧུར་ཐག་གིས་ནགས་སྐྲུན་པ་དང་རང་བྱུང་སྲུང་སྐྱོབ་ཁུལ་གྱི་དོ་དམ་སྲུང་སྐྱོང་ཐད་མ་དངུལ་མང་དུ་གཏོང་དགོས།ནགས་ཚལ་སྐྱེ་ཁམས་ཀྱི་ཕན་འབྲས་ཁ་གསབ་མ་དངུལ་སྒོར་ཁྲི110﹐849བཀོད་སྒྲིག་བྱས་ཏེ། གཙོ་གནད་ས་ཁོངས་སུ་ནགས་ཚལ་བསྐྲུན་པར་མ་དངུལ་སྒོར་ཁྲི20﹐000སྟེར་བ་དང་། འདམ་རའི་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་མ་དངུལ་སྒོར་ཁྲི7﹐015སྟེར་བ། རི་སྐྱེས་སྲོག་ཆགས་ཀྱིས་རྙོག་དྲ་བསླངས་བར་ཁ་གསབ་མ་དངུལ་སྒོར་ཁྲི5,800དང་། བྱེ་འགོག་བྱེ་བཅོས་ཀྱི་མ་དངུལ་སྒོར་ཁྲི3,500། ནགས་ལས་ཐོན་ལས་རོགས་སྐྱོར་མ་དངུལ་སྒོར་ཁྲི4,200། ནགས་ལས་གནོད་འགོག་གནོད་སེལ་གྲོན་དངུལ་སྒོར་ཁྲི2,800། རང་བྱུང་སྲུང་སྐྱོབ་ཁུལ་ལ་ཆེད་ལས་ཀྱི་དོ་དམ་སྲུང་སྐྱོང་བྱེད་པའི་འགྲོ་གྲོན་སྒོར་ཁྲི14,533གསར་དུ་བསྣན་ཡོད་པ་རེད།
8 ལས་ཞུགས།
འདི་ལོར་ཇི་ལྟར་བྱ་དགོས་སམ། གྲོང་ཁྱེར་དང་གྲོང་རྡལ་གྱི་གསར་འཕར་ལས་ཞུགས་མི་སྣ་ཁྲི1000ཡན་ཡོད་པ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ཐོ་བཀོད་ལས་ཀ་ཤོར་ཚད4.5%ཚུན་ཡོད། དབུས་རྒྱུད་དང་ནུབ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་ཆུང་འབྲིང་དང་གྲོང་རྡལ་ཆུང་གྲས་འཕེལ་རྒྱས་སུ་བཏང་ནས། ཞིང་པ་ལས་མི་དེ་བས་མང་བ་ཤོང་ཐབས་བྱེད་པ་དང་ཐག་ཉེ་སར་ལས་ཞུགས་ལས་སྐྲུན་བྱེད་དུ་བཅུག་སྟེ། ཁོ་ཚོའི་ཁྱིམ་ཚང་ལ་དོ་ཁུར་དང་གླ་ཆ་ལེན་རྒྱུ་གཉིས་ཀ་འཐུས་ཤོར་མི་ཡོང་བ་བྱ་དགོས། ད་ལོར་མཐོ་རིམ་སློབ་ཆེན་གྱི་སློབ་ཐོན་སློབ་མ་ཁྲི765ཟིན་རྒྱུ་ཡིན་པས་ལས་ཞུགས་ལ་སྐུལ་སྤེལ་གཏོང་རྒྱུའི་འཆར་གཞི་དང་ལས་གཏོད་ཁྲིད་སྟོན་འཆར་གཞི་དངོས་འབེབས་བྱ་དགོས། ཐབས་ལམ་མང་པོར་བརྟེན་ནས་ལས་ཞུགས་ལས་སྐྲུན་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ལས་ཤོར་འགན་བཅོལ་ཐེབས་རྩའི་ལྷག་འཕྲོ་བེད་སྤྱོད་ཡག་པོ་བཏང་ནས། ལས་ཞུགས་བརྟན་པོའི་མ་དངུལ་གྱི་གཞི་ཁྱོན་ཇེ་མང་དུ་བཏང་ནས། ཁེ་ལས་ཀྱི་ལས་བྲལ་ལས་བཟོ་པའི་ལས་ཀ་བསྐྱར་འཚོལ་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོར་བྱ་དགོས།
འབྱུང་འགྱུར་ལོ5ཡི་རིང་ལ་ཇི་ལྟར་བྱ་དགོས་སམ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་མི་སྣ་ཁྲི5000ཡན་དུ་འཕར་བ་དང་། བརྟན་བརླིང་ངང་ལས་ཞུགས་ཀྱི་དམིགས་བསལ་ལྟ་རྟོག་འཐབ་ཇུས་ལག་བསྟར་བྱ་རྒྱུ། ལས་ཞུགས་སྲིད་ཇུས་སྔར་ལས་དགེ་མཚན་ལྡན་པ་ལག་ལེན་དུ་བསྟར་རྒྱུ། ལས་ཞུགས་ལས་གནས་དེ་བས་མང་པོ་གསར་གཏོད་བྱེད་པ་དང་། གྲུབ་ཚུལ་རང་བཞིན་གྱི་ལས་ཞུགས་འགལ་བ་ཐག་གཅོད་གང་ཐུབ་བྱེད་པ། ལས་སྐྲུན་གྱིས་ལས་རིགས་ཀྱི་སྣེ་ཁྲིད་པར་སྐུལ་མ་བྱེད་པ་དང་། སྤུས་ཀ་སྔར་ལས་བཟང་བའི་ལས་ཞུགས་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་ནས།སྤྱི་པའི་ལས་ཞུགས་དང་ལས་སྐྲུན་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས།
བོད་ལྗོངས་ཀྱིས་ཇི་ལྟར་བྱ་དགོས་སམ། 2016ལོར་དགེ་མཚན་ལྡན་པའི་ལས་ཞུགས་སྲིད་ཇུས་མུ་མཐུད་ལག་བསྟར་དང་། ལས་ཞུགས་ལས་སྐྲུན་རོགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་དགོས་། སྲིད་གཞུང་གིས་སྤྱི་ཕན་རང་བཞིན་གྱི་ལས་གནས་ཉོ་སྒྲུབ་ཁ་གསབ་མ་དངུལ་སྒོར་ཁྲི56,000དང་། ལས་ཞུགས་ཆེད་སྤྱོད་མ་དངུལ་སྒོར་ཁྲི8,620། མི་ཤུགས་ཐོན་ཁུངས་དང་དེ་བཞིན་ཤེས་ལྡན་མི་སྣ་ནང་འདྲེན་ཐད་མ་དངུལ་སྒོར་ཁྲི10,000 བཀོད་སྒྲིག་བྱས་ཡོད།
9 འགྲིམ་འགྲུལ།
འདི་ལོ་ཇི་ལྟར་བྱ་དགོས་སམ། ད་ལོར “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་རྣམ་གྲངས་གལ་ཆེན་ཁག་གཅིག་ལག་ལེན་བསྟར་དགོས། ལྕགས་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་8000ཡན་དང་། གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར་ཁྲི1.65གཏོང་རྒྱུ། ཆུ་བེད་བཟོ་འགོད་གཙོ་བོ20སླར་ཡང་སྐྲུན་འགོ་རྩོམ་རྒྱུ་ཡིན། ཆུ་གློག་དང་ཉིང་རྡུལ་གློག མཐོ་གནོན་གྱི་གློག་གཏོང། རིག་ནུས་གློག་དྲ། སྣུམ་རླངས་སྦུག་དྲ། གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་སོགས་རྣམ་གྲངས་གལ་ཆེན་འཚུགས་སྐྲུན་བྱ་དགོས། ཀྲུང་དབྱང་གི་སྔོན་རྩིས་ནང་གི་མ་དངུལ་སྒོར་དུང་ཕྱུར5000བར་ཇེ་མང་དུ་གཏོང་རྒྱུ་ཡིན། རྣམ་གྲངས་ཁྲོད་བོད་ལྗོངས་དང་འབྲེལ་བ་དམ་ཟབ་ཡོད་པ་ནི། ཁྲོན་བོད་ལྕགས་ལམ་སོགས་མཐའ་ཁུལ་གྱི་ལྕགས་ལམ་འཛུགས་སྐྲུན་དང་། བོད་ཀྱི་ལ་ལྷོ་སོགས་ཆུ་མཛོད་ཆེ་གྲས་འཛུགས་སྐྲུན། མཚོ་བོད་ས་མཐོ་དང་ས་སེར་མཐོ་སྒང་སོགས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ལ་འབྲེལ་བའི་སྲོག་ཤིང་ཁུལ་གྱི་སྐྱེ་ཁམས་སླར་གསོ་བྱེད་པར་སྐུལ་འདེད་གཏོང་དགོས།
འབྱུང་འགྱུར་ལོ་5ཡི་རིང་ལ་ཇི་ལྟར་བྱ་དགོས་སམ། དེང་རབས་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཐུས་ཚང་དུ་གཏོང་དགོས་། རྒྱལ་ནང་དང་རྒྱལ་སྤྱིའི་རྒྱུ་ལམ་སྦྲེལ་མཐུད་དང་། ས་ཁོངས་ནང་གི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁེབས་རྒྱ་རྒྱ་བསྐྱེད་པ། ལྟེ་བའི་ནུས་པ་འཐུས་ཚང་། སྐྱེལ་འདྲེན་ཞབས་ཞུའི་ལས་ཆོད་ཆེ་བ་བཅས་ཀྱི་གཅིག་བརྟེན་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་འཛུགས་སྐྲུན་བྱ་དགོས།ཕྱི་ནང་མཉམ་འབྲེལ་གྱི་སྐྱེལ་འདྲེན་འགྲོ་ལམ་དྲ་བ་འཛུགས་པ་དང་། དེང་རབས་ཀྱི་ཕན་འབྲས་མཐོ་བའི་གྲོང་ཁྱེར་བར་མཚམས་ཀྱི་གྲོང་ཁྱེར་གྱི་འགྲིམ་འགྲུལ་འཛུགས་སྐྲུན་བྱེད་པ། གཞི་གཅིག་ཅན་དུ་སྦྲེལ་མཐུད་བྱེད་པའི་ཕྱོགས་བསྡུས་འགྲིམ་འགྲུལ་བཅས་བསྐྲུན་ནས། ཐཱན་ཉུང་། ་སྐྱེལ་འདྲེན་གྱི་ཞབས་ཞུ་དེ་ཐཱན་ཉུང་བདེ་འཇགས་ཕྱོགས་སུ་འཕེལ་བར་སྐུལ་འདེད་གཏོང་དགོས།
བོད་ལྗོངས་ཀྱི་ཇི་ལྟར་བྱ་དགོས་སམ། 2016ལོར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་རྒྱུར་བཀོད་སྒྲིག་བྱས་པའི་མ་དངུལ་སྒོར་ཁྲི1,446,430ཡོད་པ་དང་། ལོ་གོང་མ་དང་བསྡུར་ན་སྒོར་ཁྲི127,771དང9.7%འཕར་ཡོད། དེའི་ནང་། ས་གནས་ཀྱི་གཞི་རྩའི་འཛུགས་སྐྲུན་གྱི་མ་དངུལ་བཀོད་སྒྲིག110,000དང་། གཞུང་ལམ་འཛུགས་སྐྲུན་བྱ་རྒྱུའི་མ་དངུལ་སྒོར་ཁྲི1,091,000ཡོད་ལ། རྒྱལ་ཁབ་དང་ཞིང་ཆེན་གཞུང་ལམ་ཞིག་གསོ་ཆེ་འབྲིང་བྱེད་པ་དང་། སྒྲིག་ཆས་ཉོ་སྒྲུབ་དང་དེ་མིན་ཆེད་དོན་མ་དངུལ་སྒོར་ཁྲི32,000ཡོད། གཞུང་ལམ་ཉེན་སྐྱོབ་བདེ་བགྲོད་འགན་ལེན་གྲོན་དངུལ་སྒོར་ཁྲི1,000ཡོད། ས་ཞིང་བཅོས་སྒྲིག་གི་རྣམ་གྲངས་མ་དངུལ་སྒོར་ཁྲི8,000ཡིན་པ་དང་། འགག་སྒོ་འཛུགས་སྐྲུན་གྱི་མ་དངུལ་སྒོར་ཁྲི5,000ཡིན།
མཆན། གོང་གསལ་གཞི་གྲངས་ཆ་འཕྲིན་ནི2016ལོའི་སྲིད་གཞུང་གི་ལས་དོན་སྙན་ཞུ་དང་ལོ་ལྔ་ཚན་བཅུ་གསུམ་པའི་རྩ་གནད(འཆར་ཟིན)དེ་མིན2016ལོའི་བོད་ལྗོངས་ཀྱི་སྲིད་གཞུང་ལས་དོན་སྙན་ཞུ་དང2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་ནོར་སྲིད་ཀྱི་སྔོན་རྩིས་ལག་བསྟར་བྱས་ཚུལ།2016ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་བཅས་ཡིན་ནོ།།