ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྒེར་གཉེར་དུས་དེབ་གཙོ་གྲས《གུར་ཀུམ་ཆུན་པོ》བྱ་དགའ་གནང་། མཁན་བསོད་དར་རྒྱས་སོཊ་མི་བཅུར་ཐོབ།

2014-12-15 དཔལ་གྲགས།
  སྒེར་གཉེར་དུས་དེབ་གུར་ཀུམ་ཆུན་པོའི་རྩོམ་སྒྲིག་པ་ཨར་མའི་དགའ་བ་རྒྱ་མཚོ་དང་ལྡོང་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་ཐེངས་གཉིས་པའི་གུར་ཀུམ་ཆུན་པོའི་རྩོམ་རིག་ཕུལ་བྱུང་བྱ་དགའ་ཐོབ་པའི་མཚན་ཐོ་སྤྱི་བསྒྲགས་བྱས་འདུག
  ཨར་མས་དགའ་རྒྱམ་ལགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན་ཐེངས་འདིའི་གུར་ཀུམ་ཆུན་པོའི་རྩོམ་རིག་བྱ་དགའ་ནི་དེབ་གྲངས་བཅུ་བ་ནས་ཉི་ཤུ་བའི་བར་གྱི་རྩོམ་དག་ལས་བདམས་པ་ཡིན་ཞིང་། ཐེངས་སྔོན་མར་བྱ་དགའ་ཕུལ་མྱོང་མཁན་དག་ལ་བསྐྱར་འབུལ་བྱས་མེད་པ་དང་། སྐྱ་སེར་དང་ཕོ་མོ་རེས་མེད་དུ་ཕུལ་བྱུང་རྩོམ་པ་པོ་བཅུ་ལ(ཨང་རིམ་བཀར་མེད) གཟེངས་རྟགས་རེ་དང་དམངས་སྒོར་སྟོང་རེས་བྱ་དགའ་བསྩལ་རྒྱུར་ཐག་བཅད་འདུག
ཐེངས་འདིའི་རྩོམ་རིག་བྱ་དགའ་ཐོབ་མཁན་གྱི་རྩོམ་པ་པོ་དང་བརྩམས་ཆོས་ནི།
སེར་བྱེས་ལྷ་རམས་པ་འཇའ་དཔལ་བློ་ཤེས་ཀྱི་དཔྱད་རྩོམ་ཆོས་འདུལ་བའི་གཞི་རྩའི་གནས་ལུགས།
མཁན་པོ་བསོད་དར་རྒྱས་ཀྱི་དཔྱད་རྩོམ་དད་མོས་དང་མི་ཚེ།
ལྕང་སྐྱ་དགེ་འདུན་བཀྲ་ཤིས་ཀྱི་དཔྱད་རྩོམ་ཆོས་ལུགས་ཁག་གི་མཐུན་ཐབས་གླེང་བ།
གྱི་ལིངའཇིགས་མེད་ཀྱི་དཔྱད་རྩོམ་མདོ་སྨད་ཀྱི་སྟོང་རི་མཚོ་ནག་གི་སྐོར་རོབ་ཙམ་གླེང་བ།
མགར་རྩེ་འཇིགས་མེད་ཀྱི་དཔྱད་རྩོམ་ཉི་འོད་ལྟ་བུའི་ཞབས་རྗེས་བཙལ་བ།
པད་ཁོའི་དཔྱད་རྩོམ་བོད་ཡིག་འབྲི་ཚུལ་སྐོར་གླེང་བ་གཞོན་ནུའི་མགུལ་རྒྱན།
ཅོ་ནེ་ཡུམ་ཚེ་རིང་གི་སྙན་རྩོམ་ཚེ་སྲོག་ལ་འབུལ་བའི་གུས་ཕྱག
དཔལ་མོའི་དཔྱད་རྩོམ་མཁས་དབང་དམུ་དགེ་བསམ་གཏན་རྗེས་དྲན་ཚོགས་ཆེན་གྱི་མཐོང་ཐོས་མྱོང་གསུམ།
རམས་ཚེ་བྷོའི་སྙན་རྩོམ་ས་མགོ་ལོག གནམ་མགོ་ལོག
ར་སེ་དཀོན་མཆོག་རྒྱ་མཚོའི་དཔྱད་རྩོམ་བོད་ཀྱི་དུས་གསུམ་ཉམས་འགྱུར་ལས་མཐོང་བའི་གནད་དོན་འགའ་གླེང་བ་བཅས་བཅས་རེད་འདུག (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག