ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་དུ་ལོ་ངོ ༦༠ རིང་གི་གསོག་ཚད་མཐོ་ཤོས་ཀྱི་རླངས་སྣུམ་ཞིང་ཁ་ཞིག་རྩད་ཆོད་འདུག

2014-12-17
  ཀྲུང་གོ་གསར་འགྱུར་དྲ་བར་བཀོད་པ་ལྟར་ན། ཉེ་དུས་ཀྲུང་གོ་རྡོ་སྣུམ་མཚོ་སྔོན་སྣུམ་ཞིང་རྩད་ཞིབ་གསར་སྤེལ་ཞིབ་འཇུག་ཡོའན་གྱི་ཡོའན་ཀྲང་མ་ཏ་ཏེ་ཡིས“མཚོ་སྔོན་གྱི་དབྱིང་ཏུང་སྣུམ་ཞིང་གི་ཐོན་ནུས་ཏུན་ཁྲི་40ཟིན་པའི་སྣུམ་ཞིང་འཛུགས་སྐྲུན་ལེགས་གྲུབ་བྱུང་བ་དང་ཐོན་ནུས་གནས་འབྱོར་བྱེད་ཚད་100%ཟིན་པ་དེ་ཐོག་ནས་མཚོ་སྔོན་སྣུམ་ཞིང་གིས་ཚྭ་འདམ་གཤོངས་ས་ནས་ལོ་ངོ་60རིང་གསོག་འཇོག་རྐྱང་མ་ཆེ་ཤོས་ཡིན་པའི་རླངས་སྣུམ་ཞིང་ཁ་ཞིག་རྩད་ཞིབ་ཐུབ་པ་མཚོན་ཡོད”ཅེས་བཤད་པ་རེད།
  མཚོ་སྔོན་སྣུམ་ཞིང་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་སྣུམ་ཞིང་ཞིག་ཡིན་ལ་ཀྲུང་གོའི་གསར་སྤེལ་བྱེད་སྔ་ཤོས་ཀྱི་སྣུམ་ཞིང་གི་གྲས་ཤིག་ཀྱང་རེད། མཚོ་བོད་ས་མཐོའི་མཚོ་སྔོན་ཞིང་ཆེན་ནུབ་བྱང་རྒྱུད་ཀྱི་ཚྭ་འདམ་གཤོངས་སར་གནས་པའི་སྣུམ་ཞིང་དེ་མཚོ་སྔོན་དང་བོད་ཀྱི་སྣུམ་ཐོན་དང་སྣུམ་མཁོ་འདོན་རྟེན་གཞི་གལ་ཆེན་ཞིག་ཡིན་པ་དང་ཆ་སྙོམས་ས་བབ་མཐོ་ཚད་སྨི 3000ཙམ་ཡོད་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྣུམ་ཞིང་དེ་གནས་སའི་ས་ཁོངས་ཀྱི་རྡོ་སྣུམ་ཐོན་ཁུངས་ཏུན་དུང་ཕྱུར་40ལྷག་ཙམ་ཟིན་པ་དང་རང་བྱུང་སོལ་རླངས་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་10000ཙམ་ཟིན་ཡོད་པ་རེད།
  མ་ཏ་ཏེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། སྣུམ་སེག་ཆད་རིམ་དབྱེ་མཚམས་སུ་བྱེད་པའི་མཚོ་སྔོན་དབྱིང་ཏུང་སྣུམ་ཞིང་དེ 2010ལོར་ཤེས་རྟོགས་བྱུང་བའི་གསོག་ཚད་ཏུན་དུང་ཕྱུར་ཟིན་པའི་སྣུམ་ཞིང་ཞིག་ཡིན་ཞིང་།ས་ཁོངས་དེར་ཡངས་ཤིང་རྒྱ་ཆེ་བའི་རྩད་ཞིབ་ཀྱི་མི་མངོན་པའི་ནུས་པ་ལྡན་པ་མ་ཟད། རྙོག་འཛིང་ཆེ་བའི་ས་གཤིས་ཀྱི་དཀའ་གནད་ཀྱང་ལྡན་པས་ད་ཆ་རིམ་པ་གོང་འོག་ལ་དབྱེ་བ་དེའི་ནང་རིམ་པ་གོང་མར་སྣུམ་རིམ་མང་བ་དང་། ས་འོག་ཏུ་སིམ་ཚད་གཏིང་ཟབ་པོ་མེད་པ།སྣུམ་ཁྲོན་རྐྱང་པའི་ཐོན་ཚད་མཐོ་བ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད།
  ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་སྣུམ་ཞིང་དེ་དུས་རབས་གོང་མའི་ལོ་རབས་50པར་རྩད་ཞིབ་བྱེད་འགོ་ཚུགས་ཤིང་། ཉེ་བའི་ལོ་ཤས་རིང《ཚྭ་འདམ་གཤོང་སར་སྣུམ་ཞིང་ཏུན་ཁྲི་སྟོང་འཛུགས་སྐྲུན་བྱེད་པའི་ཕྱོགས་བསྡུས་ཆ་འགྲིག་ལག་རྩལ་ཞིབ་འཇུག》དང《ཚྭ་འདམ་གཤོངས་སའི་གནད་ཆེའི་ཉམས་ཉེན་རྩད་ཞིབ་ཁྱབ་ཁོངས་ཀྱི་ཞིབ་འཇུག་དང་ཉམས་ཉེན་རྩད་ཞིབ་དམིགས་ཚད་ཀྱི་ལེགས་འདེམས》སོགས་ཚན་རྩལ་གྱི་ཆེད་དོན་རྣམ་གྲངས་གལ་ཆེན་ལས་གཙོ་གཉེར་ལས་སྒོ་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པ་དང་གཤོངས་སའི་སྣུམ་རླངས་ཐོན་ཁུངས་དཔྱད་བསྡུར་དང་། གསོག་རིམ་ཞིབ་འཇུག སྣུམ་རླངས་ལ་ཚོད་འཛིན་བྱེད་པའི་རྒྱུ་རྐྱེན་གཙོ་བོ་དབྱེ་ཞིབ། སྣུམ་རླངས་ཁྱབ་ཚུལ་ཆོས་ཉིད་སོགས་ཐད་ལ་ཞིབ་འཇུག་བྱས་པ་བརྒྱུད་གནད་ཆེའི་རྩད་ཞིབ་ཁུལ 20ཆགས་པ་དེའི་ནང་དབྱིང་ཏུང་དང་། ཏུང་ཕིང་། ཉེའུ་ཏུང་། ཀྲ་ཧ་ཆུ་མིག་སོགས་གཙོ་གནད་ཁུལ་དང་རྩད་ཞིབ་དམིགས་ཚད་མང་པོ་ལེགས་འདེམས་བྱས་པ་དང་རྩད་ཞིབ་བཀོད་སྒྲིག་དང་ཤེས་རྟོགས་གལ་ཆེན་ལ་འདེགས་སྐྱོར་བྱེད་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག