ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

རྒྱས་སྐྲུན་བྱས་ཟིན་པའི་ཟི་ལིང་མེ་འཁོར་ས་ཚུགས་དངོས་སུ་སྤྱོད་མགོ་ཚུགས་གྲབས་འདུག

2014-12-18
   མི་དམངས་དྲ་བའི་འཕྲིན། ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་ཆེས་མཐའ་མའི་མཉམ་འབྲེལ་མཐུན་འགྲིག་ཚོད་ལྟའི་དུས་མཚམས་སུ་སླེབས་པ་དང་བསྟུན་ནས་ལན་ཤིན་མྱུར་བགྲོད་ལྕགས་ལམ་ཟི་ལིང་འབབ་ཚུགས་ཀྱི་ཨར་སྐྲུན་ལས་མཇུག་འགྲིལ་གྲབས་ཡོད་པ་དང་། སྔོན་དཔག་ལྟར་ན་ལོ་མཇུག་ཏུ་སྐྱེལ་འདྲེན་ལས་གཉེར་བྱེད་འགོ་འཛུགས་རྒྱུ་ཡིན་པ་རེད།
   ལན་ཤིན་མྱུར་བགྲོད་ལྕགས་ལམ་ཟི་ལིང་འབབ་ཚུགས་ཀྱི་འཛུགས་སྐྲུན་རྒྱ་ཁྱོན་བསྡོམས་འབོར་སྨི་ངོས་གྲུ་ཁྲི ༦ ཟིན་པ་དང་། འབབ་ཚུགས་ནང་ཁྱོན་སྒུག་སྟེགས ༩ དང་འབྱོར་གཏོང་ལམ་ཐིག ༢༡ བཙུགས་པའི་ནང་སྤྱིར་བཏང་མྱུར་ཚད་ཁུལ་དུ་འབྱོར་གཏོང་ལམ་ཐིག ༨ དང་མྱུར་བགྲོད་ཁུལ་དུ་འབྱོར་གཏོང་ལམ་ཐིག ༡༣ བཙུགས་ཡོད། མཚོ་བོད་ལྕགས་ལམ་གྱི་ཐོན་ཚུགས་དང་ལན་ཤིན་མྱུར་བགྲོད་ལྕགས་ལམ་གྱི་གཙོ་གནད་ཚོད་འཛིན་ལས་གྲྭ་ཞིག་ཡིན་པའི་ངོས་ནས་ཟི་ལིང་འབབ་ཚུགས་དེ་ཉིད་མཚོ་བོད་ས་མཐོའི་ལྕགས་ལམ་འགྲིམ་འགྲུལ་གྱི་ལྟེ་བའི་ལས་གྲྭ་ཆེ་ཤོས་ཤིག་ཏུ་གྱུར་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག