ཁ་སང་། ཀྲུང་གོའི་རིམས་ནད་སྔོན་འགོག་ལྟེ་གནས་ཀྱིས་ཀྲུང་གོའི་ཐ་མག་ཚོད་འཛིན་མཐུན་ཚོགས་དང་མཉམ་འབྲེལ་སྒོས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུས་ནས་༢༠༡༣ལོར་ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཁང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུང་ཁང་གིས་་འགོ་ཁྲིད་ལས་བྱེད་པའི“ཐ་མག་ཚོད་འཛིན་བཀའ་རྒྱ”བཀྲམས་ཡུན་ལོ་ངོ་གཅིག་རིང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འཆར་གཞི་ལོགས་ཀྱི་གྲོང་ཁྱེར་སོ་སོས་བཀའ་རྒྱ་ལག་བསྟར་བྱས་པའི་གནས་ཚུལ་གྱི་བརྟག་དཔྱད་གཞི་གྲངས་གསར་ཤོས་ཕྱིར་བསྒྲགས། དེའི་ཁྲོད། ཧེ་ལུང་ཅང་དང་། ཧུའུ་ནན། ཀོང་ཞི། མཚོ་སྔོན་བཅས་ཞིང་ལྗོངས་བཞིས་ཡིག་ཆ་བཀྲམས་པ་སོགས་ཀྱི་བྱེད་ཐབས་ཅི་ཡང་བཏོན་མེད་པར་ཀྲུང་དབྱང་གི་བཀའ་རྒྱ་སྣང་མེད་དུ་བཞག་འདུག
ཞིང་ལྗོངས་བཞིའི་འགོ་ཁྲིད་ལས་བྱེད་པས་ཐ་མག་ཚོད་འཛིན་བཀའ་རྒྱ་སྣང་མེད་དུ་བཞག་པ།
པེ་ཅིང་ཞོགས་པའི་ཚགས་པར་གྱི་གསར་འགོད་པས། ཐེངས་འདིར་ལོ་ངོ་གཅིག་རིང“གཞུང་སྒྲུབ་ཁང་གཉིས་”ཀྱི《འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྤྱི་བའི་ཁོར་ཡུག་ཏུ་ཐ་མག་ཚོད་འཛིན་སྐོར་གྱི་བརྡ་སྦྱོར》ལག་བསྟར་བྱས་པའི་གཞི་གྲངས་གསལ་བསྒྲགས་གནང་པར་གཞིགས་ན། ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་སྐྱོང་གྲོང་ཁྱེར། འཆར་གཞི་ལོགས་ཀྱི་གྲོང་ཁྱེར༣༦གི་ཁྲོད། ཞིང་ལྗོངས་བཞིས་ཡིག་ཆ་བརྒྱུད་སྒྲོག་བྱས་མེད་པ་མ་ཟད་བྱེད་ཐབས་གཞན་གང་ཡང་བཏོན་མི་འདུག དེའི་ཐད། ཀྲུང་གོའི་ཐ་མག་ཚོད་འཛིན་མཐུན་ཚོགས་ཀྱི་རྒྱུན་ལས་་ཚོགས་གཙོ་ཟུར་པ་ཞུས་ཀེ་ཧྭ་ཡིས། འདིས་“གཞུང་སྒྲུབ་ཁང་གཉིས་”ཀྱི་བརྡ་ཐོས་རིམ་པ་སོ་སོའི་ཏང་ཨུད་སྲིད་གཞུང་གི་འགན་ཁུར་པས་ཐ་མག་ཚོད་འཛིན་ལས་དོན་ལ་མཐོང་ཆེན་གནང་པ་དང་། རིམ་པ་སོ་སོའི་ལས་བྱེད་པས་སྣེ་ཁྲིད་ནས་སྤྱི་བའི་ཁོར་ཡུག་ཐ་མག་མི་རྔུབ་པའི་འདུ་ཤེས་མཐོར་འདེགས་བྱུང་ཡོད་པ་མཚོན་ཐུབ་ནའང་། སྔར་བཞིན་ཞིང་ལྗོངས་བཞིས“གཞུང་སྒྲུབ་ཁང་གཉིས”ཀྱི་བརྡ་སྦྱོར་བརྒྱུད་འགྲེམས་དང་ལག་བསྟར་བྱས་མེད་པར་སྣང་མེད་དུ་བཞག་འདུག་ཟེར།
༢༠༠༥ལོར་རྒྱལ་ཡོངས་དམངས་ཆེན་རྒྱུས་ལས་ཨུ་ལྷན་གྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི《ཐ་མག་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས》ལ་གྲོས་ཆོད་ཆོག་མཆན་གནང་།
༢༠༠༦ལོར《སྤྱི་ཆིངས》ཀྱིས་དངོས་སུ་ནུས་ཐོན་པ་དང་། ཀྲུང་གོས་༢༠༡༡ལོའི་ཟླ༡པོའི་ཚེས༩ཉིནས་སྤྱི་བའི་ཁོར་ཡུག་ཏུ་ཐ་མག་ཚོད་འཛིན་བྱེད་རྒྱུ་ཁས་ལེན་གནང་།
༢༠༠༧ལོར་འཕྲོད་བསྟེན་པུའུ་ཡིས་ཀྲུང་གོའི་ཐ་མག་ཚོད་འཛིན་གྱི་སྙན་ཞུ་ཐོག་མ་བཀྲམས་ཤིང་། ཐ་མག་གི་ཉེས་དམིགས་ཐད་ཞིབ་ཕྲའི་འགྲེལ་བརྗོད་གནང་།
༢༠༡༡ལོར་ཀྲུང་གོས་ཐ་མག་ཚོད་འཛིན་གྱི་ནང་དོན་དེ་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལོ་ལྔའི་འཆར་གཞིའི་གྲས་སུ་བཞག
༢༠༡༣ལོར《འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་སྤྱི་བའི་ཁོར་ཡུག་ཏུ་ཐ་མག་ཚོད་འཛིན་སྐོར་གྱི་བརྡ་སྦྱོར》བཀྲམས།
༢༠༡༤ལོར《པེ་ཅིང་གི་ཐ་མག་ཚོད་འཛིན་སྒྲིག་སྲོལ》ལ་གྲོས་ཆོད་བྱུང་ཞིང་། ཧྲང་ཧེ་དང་། ལན་ཀྲུའུ་སོགས་ས་གནས་ཀྱིས་ཀྱང་དེ་མཚུངས་ཀྱི་སྒྲིག་སྲོལ་བཏོན་པ་རེད།
《ཐ་མག་ཚོད་འཛིན་སྒྲོམ་གཞིའི་སྤྱི་ཆིངས》 བསྡུས་མིང་ལFCTC ༢༠༠༣ལོའི་ཟླ༥པའི་ཚེས༢༡ཉིན་རྒེ་ནེ་ཝ་རུ་བསྡུས་པའི་སྐབས༥༦པའི་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྟེང་གྲོས་ཆོད་བྱུང་། སྤྱི་ཆིངས་སུ་ཐ་མག་གི་བརྡ་ཁྱབ་འགོག་པ་དང་། ཐ་མག་ཚོང་གཉེར་པས་རོགས་སྐྱོར་བྱེད་སྒོ་བཀག་འགོག་དང་ཚོད་འཛིན་བྱེད་པ། ན་སོ་དར་ལ་མ་བབས་པའི་མིར་ཐ་མག་མི་བཙོངས་པ། ཐ་མག་ཤོག་སྒམ་གྱི་བརྒྱ་ཆའི་སུམ་ཅུ་ནས་ལྔ་བཅུའི་ངོས་སུ“ཐ་མག་འཐེན་ན་བདེ་ཐང་ལ་གནོད”ཅེས་གསལ་འདེབས་གནང་དགོས་པ། བྱེད་ཐབས་བཏོན་ནས་སྤྱི་བའི་ཁོར་ཡུག་ཏུ་ཐ་མག་རྔུབ་མི་རུང་པ་སོགས་གཏན་འཁེལ་བྱས་འདུག
རང་རྒྱལ་གྱི་ཐ་མག་རྔུབ་མཁན་གྱི་དངོས་བབ།
ཐ་མག་རྔུབ་མཁན་མི་གྲངས་དུང་ཕྱུར༣ཡན་ལ་སླེབས་པ།
ཐ་མག་བརྒྱུད་རྔུབ་མཁན་མི་གྲངས་དུང་ཕྱུར༧.༤ལ་སླེབས་པ།
སྒོར་ལྔ་ལ་མི་ལོངས་པའི་ཐ་མག་རྔུབ་མཁན་མི་གྲངས་དུང་ཕྱུར༡.༥ཡོད་པ།
ཐ་མག་གཅོད་འདོད་ཀྱི་བསྡུར་ཚར་བརྒྱ་ཆའི༥.༡ཡིན་པ།
བསྐྱར་རྔུབ་མཁན་གྱི་བསྡུར་ཚད་བརྒྱ་ཆའི༣༣.༡ཡིན་པ།
ལོ་རེར་མི་གྲངས་ཁྲི༡༥༠ རྐྱེན་ལམ་དུ་ཤོར་བ།
གཞི་གྲངས་གྲངས་ནི་ཀྲུང་གོའི་ཐ་མག་ཚོད་འཛིན་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་ཟུར་པ་ཞུས་ཀེ་ཧྭས་གཙོ་སྒྲིག་མཛད་པའི《བདེ་ཐང་གི་འཕེལ་རྒྱས་སུ་བསྐྱོད་པའི་འཐབ་ཇུས་བདམས་གསེས》ལས་དྲངས།
《བརྡ་ཁྱབ་བཅའ་ཁྲིམས》ཀྱི་བཟོ་བཅོས་འཆར་ཟིན་ལ་ཆད་ལྷག་མང་པ།
ཉེ་སྔོན། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་གྲོས་ཚོགས་སུ་ཡང་བསྐྱར《བརྡ་ཁྱབ་བཅའ་ཁྲིམས》ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་མཛད་ཅིང་། ཐ་མག་བརྡ་ཁྱབ་གྱི་མཐུན་སྦྱོར་ཚན་པ་དང་། རྣམ་པ། ཁོར་ཡུག ཐ་མག་བརྡ་ཁྱབ་ཀྱི་ནང་དོན་སོགས་ལ་སྔར་བས་ཚོད་བཀག་དམ་དྲགས་བཟོས་འདུག དེ་ལྟར་ནའང་། ཐ་མག་ཚོད་འཛིན་ཆེད་མཁས་ཀྱིས་བཅའ་ཁྲིམས་ཀྱིས་ཐ་མག་བརྡ་ཁྱབ་ལ་ཚོད་འཛིན་འཐུས་ཚང་བཟོས་མེད་མཡ༧པར་འདོད། ཀྲུང་གོའི་ཐ་མག་ཚོད་འཛིན་མཐུན་ཚོགས་ཀྱིས་སྤྱིདམངས་དང་ལྷག་པར་དུ་ལོ་གཞོན་རྣམས་ལ་གནོད་སྐྱོན་མི་ཐེབས་པ་ཡོང་ཕྱིར། ཐེངས་འདིའི་བཅའ་ཁྲིམས་བཟོ་བཅོས་སུ་ཐ་མག་བརྡ་ཁྱབ་དང་ཉོ་ཚོང་། ཡིད་མཐུན་རོགས་སྐྱོར་སོགས་ཁྱོན་ཡོངས་ནས་བཀག་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་འདུག
ཆད་ལྷག་གསུམ་ཡོད་པ་ནི།
ཐ་མག་ཆེད་འཚོང་ཁང་གི་ཐ་མག་བརྡ་ཁྱབ་བཀག་འགོག་བྱས་མེད་པ།
ཐ་མག་ཁེ་ལས་ཀྱི་ཡིད་མཐུན་རོགས་སྐྱོར་དང་ཉོ་ཚོང་བྱེད་སྒོར་བཀག་འགོག་གསལ་པོ་བྱས་མེད་པ།
པར་མའི་རིགས་སུ་ཐ་མག་བརྡ་ཁྱབ་བཀག་འགོག་བྱས་མེད་དེ། དཔེར་ན་གཙང་ཤོག་སྒམ་དང་། ཐལ་སྒམ། མེ་ཆ། ཡུལ་སྐོར་འདྲུད་སྒམ་སོགས་ཀྱི་སྟེང་གི་ཐ་མག་བརྡ་ཁྱབ་དང་། ཀུན་ལ་ཕྱོགས་པའི་བྱེད་སྒོ་ཅི་རིགས་ཁྲོད་ཐ་མག་ཐོན་དངོས་ཀྱི་མིང་དང་། མིང་རྟགས། ཚོང་རྟགས་སོགས་དང་དེ་མཚུངས་ཀྱི་ནང་དོན་ལྟ་བུའོ། །(རྩོམ་འགན་པ། རྟ་མགྲིན)