ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་བཤེར་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པའི་སྤྱི་བསྒྲགས།

2015-01-16
  ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་2015ལོའི་ཟླ་1ཚེས་12ནས་14ཉིན་བར་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུར་ཞུགས་མཁན་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཨུ་ཡོན་125ཡོད་པ་དང་ཟུར་ཞུགས་མི་སྣ་365ཡོད་པ་རེད།
   ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་ཚོགས་འདུར་ཕེབས་པ་དང་འབྲེལ་གལ་ཆེའི་གསུང་བཤད་གནང་བ་དང་། ལི་ཁེ་ཆང་དང་། ཀྲང་ཏེ་ཅང་། ཡུས་ཀྲེང་ཧྲེང་། ལིའུ་ཡུན་ཧྲན། ཝང་ཆི་ཧྲན། ཀྲང་ཀའོ་ལི་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་པ་ཚོགས་འདུར་ཕེབས་ཡོད་པ་རེད།
   ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་གཏིང་ཟབ། 2014ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ། 2015ལོའི་ལས་འགན་ཞིབ་འཇུག་བཀོད་སྒྲིག་བཅས་བྱེད་པ་རེད། ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཙོ་སྐྱོང་བྱས་པ་དང་། བློ་མཐུན་ཝང་ཆི་ཧྲན་གྱིས་ཀྲུང་དབྱང་སྒྲིག་ཨུད་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་གནང་བའི《ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དང་སྒྲིག་སྲོལ་ལྟར་ཏང་བསྐྱངས་ཏེ་བློ་བརྟན་འགྱུར་མེད་ངང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་དགོས》ཞེས་པའི་ལས་དོན་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
  ཚང་འཛོམས་གྲོས་ཚོགས་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་སློབ་སྦྱོང་ནན་ཏན་བྱས་པ་དང་། གསུང་བཤད་ནང་ཏང་དང་རྒྱལ་ཁབ་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ཐོག་ནས་ལོ་གཅིག་རིང་གི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཐད་ཐོབ་པའི་གྲུབ་འབྲས་གསར་པར་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་པ་རེད། 2014ལོར་ཏང་ཀྲུང་དབྱང་གིས་ཤུགས་ཆེའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་དང་། འགན་འཁྲིའི་སེམས་ཁྲལ་ཆེ་མོ། ཞུམ་མེད་ཀྱི་གཤིས་རྒྱུད་དང་བློ་སྟོབས་བཅས་ཀྱི་ཐོག་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་བྱས་ཏེ་ཁུག་ཆ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། ཐར་པར་མི་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་རུལ་སུངས་བར་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ་རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ཆབ་སྲིད་ཀྱི་རྣམ་པ་ཞིག་བཏོད་བཞིན་ཡོད། གསུང་བཤད་ནང་སྔར་བཞིན་ཛ་དྲག་ལ་རྙོག་འཛིང་ཆེ་བའི་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་དུས་བབ་ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་སྤྱིའི་བླང་བྱ་དང་ལས་འགན་གཙོ་བོ་ཁ་གསལ་བཏོན་ཏེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་དུས་ནམ་ཡང་ཚར་དུས་མེད་པས་འཐབ་ས་བརྟན་སྲུང་དང་། གྲུབ་འབྲས་སྲ་བརྟན། རྒྱ་ཆེར་གཏོང་བ་བཅས་ཀྱི་ཐོག་ནས་འགག་སྒྲོལ་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་བྱེད་དགོས། འགན་འཁྲི་བདའ་འདེད་ནན་དུ་བཏང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་འཁུར་ཤུགས་ཆེ་རུ་གཏོང་དགོས་པ་དང་། སེམས་ཐག་གཙང་བཅད་ཀྱིས“སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱས་ནས་དུས་རྒྱུན་ནས་དམ་འཛིན་གྱིས་གོམས་གཤིས་འཇགས་པ་དང་ཕུགས་ཀྱི་ཕན་འབྲས་ཐོན་པ་བྱེད་དགོས་པ། རྡུང་རྡེག་ཚ་ནན་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་རུལ་སུངས་སྣང་ཚུལ་མཆེད་ཚུལ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས་པ། ཏང་གི་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། གསུང་བཤད་ནང་སྒྲིག་ཁྲིམས་འཛུགས་སྐྱོང་བྱ་ཤུགས་ཆེ་རུ་བཏང་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་རྒྱུའི་ཐད་ནན་བཤད་གནང་བ་དང་། ལྷག་དོན་དུ་ཆབ་སྲིད་སྒྲིག་ལམ་བརྩི་སྲུང་ཐད་གཙོ་གནད་ཐོག་ཁྱོན་ཡོངས་ནས་གསལ་འགྲེལ་གནང་བ་རེད།
  གསུང་བཤད་ནང་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་བཏང་སྟེ་རུལ་རྒོལ་གཙང་སྤེལ་གྱི་ལམ་ལུགས་ཁྱབ་གདལ་གཏོང་དགོས་ཞེས་བསྟན་ཡོད། གསུང་བཤད་ནང་ལོ་གཅིག་རིང་སྒྲིག་ཁྲིམས་ཞིབ་བཤེར་ལས་དོན་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་བྱས་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་དཔུང་ཁག་འཛུགས་སྐྱོང་ཐད་བླང་བྱ་ཁ་གསལ་བཏོན་པ་དང་རེ་བ་ཟབ་མོ་བཅོལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་ལ་བླ་ན་མེད་པའི་ཏང་གཤིས་ཀྱི་ཀུན་སྤྱོད་དང་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་མངོན་ཡོད་པ་དང་དུས་བབ་གསར་པའི་འོག་ཏང་འཛུགས་ཐད་གལ་ཆེའི་མཛུབ་ཁྲིད་ཀྱི་དོན་སྙིང་ལྡན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དྲིལ་བསྒྲགས་དང་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་ནི་ཏང་ཡོངས་ཀྱི་གལ་ཆེའི་ཆབ་སྲིད་ཀྱི་ལས་འགན་ཞིག་ཡིན་པས་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་བསམ་བློའི་དོན་དངོས་དང་ཟུང་འབྲེལ་ཏན་ཏིག་བྱས་ནས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་ཚོགས་འདུ་དང་ཟུང་འབྲེལ་ཐུབ་པ་དང་། ལས་ཀའི་དོན་དངོས་དང་ཟུང་འབྲེལ་གྱིས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་བ་རེད།
  ཚང་འཛོམས་གྲོས་ཚོགས་ཐོག་2014ལོའི་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་ལས་དོན་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱས་ནས་འདས་ཟིན་པའི་ལོ་གཅིག་ནང་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་གཏིང་ཟབ་སྤེལ་བས“སྤྱོད་ཚུལ་བཞིའི”གནད་དོན་དང་རུལ་སུངས་ཀྱི་སྣང་ཚུལ་མཆེད་ཚུལ་བཀག་འགོག་ནུས་ལྡན་ཐུབ་སྟེ་ཀྲོའུ་ཡུང་ཁང་དང་། ཞུའེ་ཚའེ་ཧོའུ། ལིང་ཅི་ཧྭ། སུའུ་རུང་སོགས་ཚབས་ཆེའི་སྒྲིག་འགལ་གྱོད་གཞི་ཞིབ་བཤེར་ཐག་གཅོད་ནན་པོ་ཐུབ་པས་ཏང་སེམས་དང་དམངས་སེམས་ཐོབ་ཡོད། རིམ་ཁག་སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟེ་བའི་ལས་དོན་ལ་དམིགས་ནས་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ་དང་། འགན་ནུས་སྒྱུར་བ་དང་། བྱ་ཐབས་སྒྱུར་བ། སྤྱོད་ཚུལ་ལེགས་སུ་གཏོང་བ། ཞིང་ཆེན་རིམ་པའི་སྒྲིག་ཨུད་ཞུགས་པའི་གཞུང་དོན་གྲོས་བསྡུར་གྱི་མཐུན་སྦྱོར་སྒྲིག་གཞི་གཙང་བཤེར་བྱེད་པ། འགན་དབང་ཚད་བརྒལ་དང་དམིགས་སར་མ་འབྱོར་བའི་གནད་དོན་ཐག་གཅོད་བྱེད་པ་བཅས་བྱེད་དགོས། འཕྲལ་སྒྲུབ་འཕྲལ་བཅོས་མཐའ་འཁྱོངས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་སྒྲིག་གཞི་སྒྱུར་བཅོས་གཏིང་ཟབ་བྱས་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་འགན་འཁྲི་གཙོ་བོ་དོན་འཁྱོལ་ཐུབ་པ་བྱེད་དགོས། ཞིང་ཆེན་དང་རང་སྐྱོང་ལྗོངས་31དང་ཤིན་ཅང་འཛུགས་སྐྲུན་པིང་ཐོན་དུ་སྐོར་ཞིབ་ཁྱོན་ཡོངས་ནས་ཁྱབ་པ་བྱེད་པ་དང་། སྡེ་ཚན་དང་ཀྲུང་དབྱང་ཁེ་ལས་དང་བྱ་གཞག་ཚན་པས་ཆེད་དོན་སྐོར་ཞིབ་དང་སྐོར་ཞིབ་བྱ་ཤུགས་ཁྱོན་ཡོངས་ནས་ཆེ་རུ་གཏོང་བ་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་བྱེད་དགོས། ཉིས་བརྩེགས་འགོ་ཁྲིད་སྒྲིག་གཞི་ཞིབ་ཕྲ་ཅན་དང་། གོ་རིམ་ཅན། ལམ་ལུགས་ཅན་དུ་འགྱུར་བ་བྱེད་དགོས། མངགས་གཏོང་སྒྲིག་གཞི་སྒྱུར་བཅོས་བྱེད་ཟབ་ཏུ་བཏང་ནས་ཏང་ནང་ཁུལ་དུ་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་དགོས། ཆབ་སྲིད་སྒྲིག་ཁྲིམས་དང་རྩ་འཛུགས་སྒྲིག་ཁྲིམས་ནན་དུ་བཏང་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་གྱི་གྲུབ་འབྲས་སྲ་བརྟན་དང་དོན་འཁྱོལ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རྒྱུན་སྲིང་ལྷོད་མེད་ངང“སྤྱོད་ཚུལ་བཞིའི”གནད་དོན་ཐག་གཅོད་བྱེད་དགོས། སྒྲིག་ཁྲིམས་ཀྱི་ཞིབ་བཤེར་བྱ་ཤུགས་ཆེ་རུ་བཏང་ནས“ལྗོན་ཤིང་དང་ནགས་ཚལ”གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ནས་ཤིང་ནད་བཅོས་པ་དང་ཤིང་རུལ་བཅད་དེ་ཟིལ་ཤུགས་ཆགས་པ་བྱས་ཐོག་རྒྱལ་སྤྱིའི་བྲོས་འདེད་དངུལ་འདེད་བྱ་སྤྱོད་གཏིང་ཟབ་སྤེལ་ནས་རྡུང་རྡེག་ཚ་ནན་གཏོང་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སློབ་གསོ་ལྟ་སྐུལ་དོ་དམ་ནན་པོ་བྱས་ཏེ་བཙན་ཞིང་ནན་པའི་སྒྲིག་ཁྲིམས་ཐོག་ནས་སྲ་ཞིང་མཁྲེགས་པའི་སྒྲིག་བཤེར་ལྟ་ཞིབ་དཔུང་ཁག་ཅིག་འཛུགས་སྐྱོང་བྱེད་དགོས་པའི་ངོས་འཛིན་བྱས་པ་རེད།
  ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཕན་འབྲས་གསར་པ་ཐོན་པ་དེ་ཏང་ཀྲུང་དབྱང་གི་དར་ཆ་གསལ་སྟོན་དང་། ལངས་ཕྱོགས་བརྟན་པོ། ཞུམ་པ་མེད་པའི་བློ་སྟོབས་དང་གཤིས་རྒྱུད། འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་བཅས་ལས་བྱུང་བ་ཞིག་དང་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བ་ཞིག་རེད་ལ་མི་དམངས་མང་ཚོགས་ཀྱིས་རྒྱབ་སྐྱོར་དང་དེའི་ནང་ཞུགས་པ་ལས་བྱུང་བ་ཞིག་དང་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པས་དཀའ་སྤྱད་འབད་བརྩོན་དང་བློ་གྲོས་བཏོན་པ་ལས་བྱུང་བ་ཞིག་ཀྱང་རེད། ཚང་འཛོམས་གྲོས་ཚོགས་ཐོག་ལོ་གཉིས་རིང་གི་ལས་ཀའི་ཉམས་མྱོང་ཕྱོགས་སྡོམ་བྱས་པ་སྟེ། གཅིག་ནས་ཏང་ཀྲུང་དབྱང་གི་ཏང་ནན་པོ་སྐྱོང་བའི་ལངས་ཕྱོགས་གསལ་པོ་དང་། རྣམ་འགྱུར་ཐག་ཆོད་པོ། བྱ་ཐབས་ཤུགས་ཆེ་བཅས་ནི་ང་ཚོས་ལས་དོན་ཡག་པོ་སྒྲུབ་པའི་གཞི་རྩའི་འགན་ལེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་ཏང་ནན་པོ་སྐྱོང་བ་དང་སྒྲིག་ཁྲིམས་ནན་དུ་གཏོང་བ་དང་། སྤྱོད་ཚུལ་ལེགས་གཏོང་དང་རུལ་སུངས་ལ་ཆད་པ་གཅོད་པའི་ཐད་གསུང་བཤད་གལ་ཆེན་རབ་དང་རིམ་པ་གནང་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ཐད་ཤུགས་ཆེའི་བསམ་བློའི་དྲག་ཆས་སྤྲས་ཡོད་པ་དང་། གཉིས་ནས་ལངས་ཕྱོགས་དང་ཁ་ཕྱོགས་བརྟན་དུ་བཏང་ནས་དམིགས་ཚད་ལས་འགན་ལ་དམིགས་ཡོད། རང་རེའི་ཏང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་སྤེལ་བ་དེའི་ལངས་ཕྱོགས་ནི་ཐར་པར་མི་གཏོང་བའི་རྣམ་འགྱུར་ཐོག་ནས་རུལ་སུངས་ལ་ཆད་པ་གཅོད་རྒྱུ་དེ་ཡིན་པ་དང་། མིག་སྔའི་ལས་འགན་ནི་རུལ་སུངས་སྣང་ཚུལ་མཆེད་ཚུལ་མཐའ་གཅིག་ཏུ་བཀག་འགོག་བྱ་རྒྱུ་དེ་རེད། རུལ་སུངས་ལ་ཆད་པ་གཅོད་པའི་ཐད་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་རང་ཚོད་མི་ཟིན་པ་དང་ལག་པ་མི་སྐུམ་པ་དང་། གནད་དོན་གྱི་ཁུངས་སྣེ་གླེང་ཆེ་གཅིག་སྡུད་དང་མང་ཚོགས་ཀྱིས་གླེང་མང་བ། ད་ལྟ་གལ་ཆེའི་ལས་གནས་ཐོག་ཡོད་པ་མ་ཟད་ད་དུང་གནས་སྤར་བྱེད་རྩིས་ཡོད་པའི་འགོ་ཁྲིད་ལས་བྱེད་པ་བཅས་ལ་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས་པ་དང་། “སྤྱོད་ཚུལ་བཞིའི”གནད་དོན་ཡོ་བསྲང་བྱེད་པའི་ཐད་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཏོན་རྗེས། མང་ཚོགས་ལམ་ཕྱོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རྗེས་སྔར་བཞིན་བཀག་རྒྱ་ཡོད་བཞིན་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་གཙོ་གནད་ཐོག་ཞིབ་བཤེར་ཐག་གཅོད་བྱེད་དགོས། སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་ཚུགས་ནུས་རྒྱུན་འཁྱོངས་ཀྱིས་སྒམ་བརླིང་ལྡན་པ་དང་འཚབ་འཚུབ་མེད་པའི་སྒོ་ནས་ལས་འགུལ་མི་སྤེལ་བ་དང་དུས་ཐུང་ཙམ་མིན་པར་གོམ་སྟབས་བརྟན་པོའི་སྒོ་ནས་བྱ་སྤྱོད་སྤེལ་སྟངས་དང་སྤེལ་ཤུགས་སྟངས་འཛིན་བྱས་ཏེ་ལས་དོན་གཏིང་ཟབ་སྤེལ་དགོས་པ། གསུམ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་ཏེ་གོང་གིས་འོག་གི་སྣེ་ཁྲིད་ནས་རིམ་པ་བཞིན་གནོན་ཤུགས་བརྒྱུད་སྤྲོད་བྱེད་དགོས། ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ངེས་པར་དུ་རིམ་ཁག་ཏང་ཨུད་ཀྱིས་ཏང་ནན་པོ་སྐྱོང་བའི་ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་བྱེད་དགོས། ཏང་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ཚེ་གཞི་ནས་ང་ཚོ་ཛ་དྲག་ལ་རྙོག་འཛིང་ཆེ་བའི་དུས་བབ་ཁྲོད་ནས་ཐོན་ཐུབ་ངེས་རེད། བཞི་ནས་ངེས་པར་དུ་གནད་དོན་ལ་ཡང་ནས་ཡང་དུ་དམིགས་པ་དང་སྒྲིག་ཁྲིམས་ལག་བསྟར་དང་འགན་འཁྲི་བདའ་འདེད་ལ་ལྟ་སྐུལ་བྱ་ཤུགས་ཆེ་རུ་བཏང་ནས་ཏང་གི་སྒྲིག་ཁྲིམས་བཙན་ཞིང་ནན་པོ་ཡོང་བའི་འགན་ལེན་བྱེད་དགོས། ཏང་ནན་པོ་སྐྱོང་བའི་ལས་འགན་ཨང་དང་པོ་ནི་ཏང་གི་སྒྲིག་ཁྲིམས་ནན་དུ་གཏོང་རྒྱུ་དེ་ཡིན་པ་དང་། རྩ་འཛུགས་ཟབ་ཟོབ་དང་སྒྲིག་ཁྲིམས་ལྷོད་པའི་སྣང་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པ་བྱེད་དགོས་པ། ལྔ་ནས་མི་དམངས་ཞུགས་པ་དང་རྒྱབ་སྐྱོར་ཐོབ་རྒྱུར་དམ་པོར་བརྟེན་ནས་མང་ཚོགས་དང་སྨྱན་སྦྱོར་སྡེ་ཚན་གྱི་ལྟ་སྐུལ་དྲང་ནུས་འདོན་སྤེལ་བྱས་ཏེ་གང་སར་ལྟ་སྐུལ་བྱེད་མཁན་ཡོད་པ་བྱེད་དགོས་པ། དྲུག་ནས་བབ་བརླིང་དང་རིག་པ་དྭངས་གསལ་གྱི་སྒོ་ནས་དུས་བབ་ལ་བརྡར་ཤ་བཅད་དེ་འཕྲད་བཞིན་པའི་འགྲན་སློང་ལ་ལུགས་མཐུན་གྱི་ཞིབ་ལྟ་བྱས་ནས་རྒྱལ་ཁ་ཐོབ་ངེས་པའི་གདེང་ཚོད་ཡོད་པ་བྱེད་དགོས། ཆད་པ་གཅོད་ཤུགས་ཆེ་རུ་བཏང་ནས“རུལ་སུངས་བྱེད་མི་ཕོད་པའི”བསམ་བློ་ཤུགས་ཆེར་གཏོང་དགོས་པ་དང་། རྩ་ལག་མཉམ་བཅོས་མཐའ་འཁྱོངས་ཀྱིས་མི་སྣ་འདེམས་སྤྱོད་ཡག་པོ་བྱས་ཏེ་སྒྱུར་བཅོས་གཏིང་ཟབ་ཏུ་དང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། དོ་དམ་ལྟ་སྐུལ་བྱ་ཤུགས་ཆེ་རུ་གཏོང་བ། བྱ་དགའ་དང་འགན་འཁྲི་བདའ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ“རུལ་སུངས་བྱེད་མི་ཐུབ་པའི”བསམ་བློ་ཤུགས་ཆེར་གཏོང་དགོས་པ། ཏང་གཤིས་བློ་སྦྱོང་ལ་ཤུགས་སྣོན་གྱིས་དམིགས་ཡུལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་གཏོང་བ། “གདེང་ཚོད་གསུམ”འཛུགས་པ་བཅས་བྱས་ཏེ“རུལ་སུངས་བྱེད་མི་འདོད་པའི”བསམ་བློ་ཤུགས་ཆེར་གཏོང་དགོས་པ་བཅས་རེད།
  ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། 2015ལོའི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སྒྲིག་ཁྲིམས་ཞིབ་བཤེར་དང་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་དང་ཏང་སྲོལ་སྤྱོད་གཙང་འཛུགས་སྐྱོང་གི་ཁྲིམས་ལུགས་ལམ་ལུགས་འཐུས་ཚང་དུ་གཏོང་བ། “འགན་འཁྲི་གཉིས”དོན་འཁྱོལ་དང་ལྟ་སྐུལ་དང་། སྒྲིག་ཁྲིམས་ལག་བསྟར། འགན་འཁྲི་བདའ་འདེད་བཅས་ལ་ཤུགས་སྣོན་རྒྱག་པ། རྒྱུན་སྲིང་ལྷོད་མེད་ཀྱི་སྒོ་ནས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ། རུལ་སུངས་མཆེད་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་པ། དེ་བས་ནན་པའི་སྒྲིག་ཁྲིམས་ཀྱི་ཐོག་ནས་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པར་དོ་དམ་ཡག་པོ་བྱེད་པ་བཅས་བྱས་ཏེ་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏོང་རྒྱུ་དེ་ཡིན།
  ཚང་འཛོམས་གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། སྒྲིག་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས“སྒྱུར་བ་གསུམ”གྱི་གྲུབ་འབྲས་བརྟན་དུ་དང་ཟབ་ཏུ་བཏང་ནས་རྩ་འཛུགས་དང་བྱེད་ཐབས་བསྒྱུར་རྗེས་ཀྱི་བསམ་བློའི་ངོས་འཛིན་ཟབ་ཏུ་གཏོང་བ་དང་ལས་དོན་དམིགས་སར་འཁྱོལ་རྒྱུའི་གནད་དོན་སྔར་བས་ཐག་གཅོད་བྱེད་དགོས། གྲོང་ཁྱེར་རིམ་པའི་སྒྲིག་ཨུད་ཀྱི་གཙང་སེལ་གྲོས་མོལ་མཐུན་སྦྱོར་སྒྲིག་གཞིར་སྐུལ་འདེད་གཏིང་ཟབ་བཏང་ནས་རྫོང་དང་རྫོང་མན་གྱི་སྒྲིག་བཤེར་འགན་ནུས་ཀྱི་ངེས་གནས་དང་། ལས་ཀའི་བྱེད་ཐབས། སྤྱོད་ཚུལ་བསྒྱུར་རྒྱུ་བཅས་ཀྱི་གནད་དོན་ལ་གཙོ་གནད་ཐོག་ཞིབ་འཇུག་འཚོལ་ཞིབ་བྱེད་དགོས།
  གཅིག ཏང་ནན་སྐྱོང་བྱེད་པ་དང་སྒྲིག་སྲོལ་ལྟར་ཏང་བཅོས་སྐྱོང་བྱས་ནས་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་དོན་འཁྱོལ་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་བཀའ་རྒྱ་ལག་བསྟར་ཐུབ་པའི་འགན་ལེན་བྱེད་དགོས། སྒྲིག་ཁྲིམས་ནི་ཏང་གི་སྲོག་རྩ་ཡིན་པ་དང་སྒྲིག་ཁྲིམས་འཛུགས་སྐྱོང་ནི་རྩ་བའི་འཐབ་ཇུས་ཤིག་ཡིན། ང་ཚོའི་ཏང་ནི་ཕྲག་ཐོག་ཏུ་ལོ་རྒྱུས་ཀྱི་འོས་འགན་འཁུར་མཁན་གྱི་ཆབ་སྲིད་རྩ་འཛུགས་ཤིག་ཡིན་པར་བརྟེན་ངེས་པར་དུ་དེ་བས་ནན་པའི་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ཡོད་དགོས། ཏང་ཡོན་འགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མཐོ་རིམ་འགོ་ཁྲིད་ལས་བྱེད་པས་ངེས་པར་དུ་ཆབ་སྲིད་ཀྱི་སྒྲིམ་ལམ་ལ་སྲུང་བརྩི་ཞུས་ནས་དེ་བས་ཆེ་བའི་ཏང་གཤིས་ཀྱི་འདུ་ཤེས་དང་། ཆབ་སྲིད་ཀྱི་གོ་རྟོགས། རྩ་འཛུགས་ཀྱི་འདུ་ཤེས་བཅས་ཀྱི་ཐོག་ནས་རང་ཉིད་ལ་བླང་བྱ་འདོན་དགོས། སྒྲིག་ཁྲིམས་སྲུང་རྒྱུ་ནི་མཐའ་མའི་མཚམས་ཐིག་གཅིག་ཡིན་པ་དང་སྒྲིག་ལམ་སྲུང་རྒྱུ་དེ་རང་ཉིད་ལ་བརྟེན་དགོས། ང་ཚོའི་ཏང་གིས་ཤོག་བསྒྲིལ་སྒེར་གཉེར་དང་ཤོག་ཁག་སྒྲིག་པའི་སྣང་ཚུལ་རྒྱ་ཡན་དུ་སྤུ་ཙམ་ཡང་གཏོང་མི་སྲིད་ལ་རང་འདོད་རང་བསམ་དང་མངོན་བརྩི་ལྐོག་འགལ་དེ་བས་བྱེད་མི་ཆོགསྒྲིག་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ཏང་གི་སྒྲིག་སྲོལ་དང་སྒྲིག་ལམ་དང་འབྲེལ་ཡོད་བཅའ་ཁྲིམས་བཟོ་བཅོས་རྒྱག་རྒྱུར་དམ་འཛིན་བྱས་ཏེ་ཏང་ནང་གི་ལྟ་སྐུལ་དབང་གྲགས་དང་ནུས་པ་འགན་ལེན་བྱེད་དགོས།
  གཉིས། སྒྲིག་ཁྲིམས་ཞིབ་བཤེར་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་བཏང་ནས་རྩ་འཛུགས་དང་ལམ་ལུགས་གསར་གཏོད་ལ་སྐུལ་འདེད་གཏོང་དགོས། འོག་རིམ་སྒྲིག་ཨུད་ཀྱིས་གོང་རིམ་སྒྲིག་ཨུད་ལ་སྙན་ཞུ་བྱས་པའི་ཁུངས་སྣེ་ཐག་གཅོད་དང་གྱོད་གཞི་ཞིབ་བཤེར་དང་སྒྲུབ་ཚུལ་ལམ་ལུགས་ལག་བསྟར་བྱེད་པ་དང་ཞིང་ལྗོངས་གྲོང་ཁྱེར་དང་། ཀྲུང་དབྱང་གིས་དོ་དམ་བྱེད་པའི་ཁེ་ལས་སྒྲིག་ཨུད་ཀྱི་ཧྲུའུ་ཅི་དང་ཧྲུའུ་ཅི་གཞོན་པའི་མིང་འདོན་བརྟག་དཔྱད་བྱེད་ཐབས་བཟོས་ནས་ལག་བསྟར་བྱེད་དགོས། “ཤུགས་སྣོན་བཞིར”དམིགས་ནས་མངོན་གསལ་དོད་པའི་གནད་དོན་གཅིག་སྡུད་དང་བྱེད་ཐབས་གསར་གཏོད་བྱས་ཏེ་ཆེད་དོན་སྐོར་ཞིབ་ལས་དོན་གཏིང་ཟབ་སྤེལ་ནས་བསྐྱོད་ཚད་མང་དུ་གཏོང་བ་དང་སྟབས་བསྟུན་གྱི་སྒོ་ནས་སྐོར་ཞིབ་ཁྱབ་རྒྱ་ཆེ་རུ་གཏོང་དགོས། སྐོར་ཞིབ་བྱེད་མྱོང་བའི་ས་གནས་སམ་ཡང་ན་སྡེ་ཚན་ལ་ཕྱིར་མིག་བལྟ་བའི་ལས་དོན་སྤེལ་དགོས། འདི་ལོ་གཞུང་ཁོངས་ཁེ་ལས་ལ་སྐོར་ཞིབ་བྱེད་ཤུགས་ཆེ་རུ་བཏང་ནས་ཀྲུང་དབྱང་གིས་དོ་དམ་བྱེད་པའི་གཞུང་ཁོངས་གཙོ་གནད་རྐང་འཛིན་ཁེ་ལས་ལ་སྐོར་ཞིབ་ཁྱབ་པ་བྱེད་དགོས། བཅའ་སྡོད་ཀྱི་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་ནས་ཀྲུང་དབྱང་སྒྲིག་ཨུད་ཀྱི་བཅའ་སྡོད་སྒྲིག་གཞི་བརྒྱད་གསར་དུ་བཙུགས་ཏེ་བཅའ་སྡོད་སྒྲིག་གཞིའི་སྒྱུར་བཅོས་དང་ལེགས་སྒྲིག་རང་སོར་འཇོག་རྒྱུ་ལེགས་སྒྲུབ་བྱས་ནས་བཅའ་སྡོད་ལས་དོན་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས།
  གསུམ། འགན་འཁྲི་གཙོ་བོ་དོན་འཁྱོལ་གཏིང་ཟབ་བྱས་ཏེ་འགན་འཁྲི་བདའ་འདེད་གཏོང་རྒྱུར་ཤུགས་སྣོན་རྒྱག་དགོས། གྲུབ་འབྲས་བརྟན་དུ་བཏང་ནས་ས་གནས་དང་གྲོང་ཁྱེར་དང་གཞུང་ཁོངས་ཁེ་ལས་ཀྱི་ཏང་རྩ་འཛུགས་ཀྱི་འགན་འཁྲི་གཙོ་བོ་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། འགན་འཁྲི་བདའ་འདེད་མ་བྱུང་ན། འགན་འཁྲི་དོན་འཁྱོལ་བྱེད་མི་ཐུབ། འདི་ལོ་ནས་བཟུང་འགན་འཁྲི་བདའ་འདེད་དེ་བས་མངོན་པ་བྱེད་དགོས། “གྱོད་གཞི་གཅིག་དང་ཞིབ་བཤེར་གཉིས”མཐའ་འཁྱོངས་བྱས་ཏེ་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་དང་དེ་བཞིན་རྩ་འཛུགས་ཀྱི་སྒྲིག་ལམ་ལས་འགལ་མཁན་དང་། “སྤྱོད་ཚུལ་བཞིའི”གནད་དོན་མངོན་གསལ་དོད་པ། སྒྲིག་འགལ་གྱི་གནས་ཚུལ་ཚབས་ཆེན་ཐོན་རིགས། ས་ཁོངས་རང་བཞིན་དང་ཁོངས་གཏོགས་རང་བཞིན་གྱི་རུལ་སུངས་ཀྱི་གྱོད་གཞི་ཐོན་ཡུལ་ས་གནས་དང་། སྡེ་ཚན། ཚན་པ་བཅས་ཀྱི་འགན་འཁྲི་གཙོ་བོ་དང་ལྟ་སྐུལ་གྱི་འགན་འཁྲི་བདའ་འདེད་གཏོང་དགོས་པ་མ་ཟད། འགོ་ཁྲིད་ཀྱི་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
  བཞི། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་གཏིང་ཟབ་བྱས་ཏེ“སྤྱོད་ཚུལ་བཞི”ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས། མཐའ་འཁྱོངས་ཁྲོད་ཟབ་ཏུ་གཏོང་བ་དང་གཏིང་ཟབ་ཁྲོད་མཐའ་འཁྱོངས་བྱས་ཏེ་སྙིང་རུས་ལྷོད་མེད་དང་། མཚམས་ཚིག་དམ་འཛིན། གྲུབ་འབྲས་ཆེ་རུ་གཏོང་དགོས། “སྤྱོད་ཚུལ་བཞིའི”གནད་དོན་གྱི་བྱེད་ཐབས་གསར་པ་དང་འགུལ་ཕྱོགས་ལ་དམིགས་ནས་གཞུང་དངུལ་སྤྱད་ནས་བཟའ་བཏུང་བྱེད་པ་དང་། ཡུལ་སྐོར་བྱེད་པ། ལག་རྟགས་སྤྲོད་པ་སོགས་ཀྱི་གནད་དོན་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱེད་དགོས། གྲོན་ཆུང་བསྲི་ཚགས་དང་། གཞུང་དོན་སྣེ་ལེན། གཞུང་འཁོར་བཀོད་སྒྲིག་སོགས་སྐོར་གྱི་ཀྲུང་དབྱང་གི་གཏན་འབེབས་ལག་བསྟར་བྱས་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་མཁན་སྒྲིག་ཁྲིམས་ཞིབ་བཤེར་བྱ་ཡུལ་གྱི་གཙོ་གནད་དུ་འཇོག་དགོས་པ་དང་སྒྲིག་ཁྲིམས་ལས་ཚབས་ཆེན་འགལ་མཁན་གནས་སའི་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཀྱི་ཏང་ཨུད་དང་སྒྲིག་ཨུད་ཀྱི་འགན་འཁྲི་བདའ་འདེད་གཏོང་དགོས། ཕུལ་བྱུང་ཏང་སྲོལ་གྱིས་དམངས་སྲོལ་དང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་ལ་སྣེ་ཁྲིད་བྱེད་ཐུབ་པ་མ་ཟད། དུས་རབས་ཀྱི་སྤྱོད་ཚུལ་གསར་པ་སྲོལ་གཏོད་བྱེད་ཐུབ།
  ལྔ། དམ་བསྒྲགས་རྣམ་པ་རྒྱུན་འཁྱོངས་བྱས་ཏེ་རུལ་སུངས་མཆེད་འགྲོ་བའི་གནས་ཚུལ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། སྒྲིག་ཁྲིམས་ཞིབ་བཤེར་གྱི་གཙོ་གནད་མངོན་པ་བྱས་ཏེ་འགོ་ཁྲིད་ལས་ཁུངས་དང་ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པའི་ནང་ལས་གྲྭ་འཛུགས་སྐྲུན་དང་ས་ཆ་ནང་བཤུག་ལ་ཐེ་ཇུས་བྱེད་པ་དང་། གཞུང་ཁོངས་རྒྱུ་ནོར་ཧམ་ཟ་བྱེད་པ། དཔོན་གནས་ཉོ་ཚོང་བྱེད་པ། དབང་ཆར་བརྟེན་ནས་སྒེར་ཕན་སྒྲུབ་པ། ཁོག་རུལ་ངན་འགྱུར། འགན་འཛོལ་ཤོར་བ་སོགས་ཀྱི་གྱོད་གཞིར་ཞིབ་བཤེར་ཐག་གཅོད་ནན་པོ་བྱེད་དགོས། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་རྩ་འཛུགས་ཀྱི་སྒྲིག་ཁྲིམས་ལས་འགལ་བའི་བྱེད་སྤྱོད་ཞིབ་བཤེར་ཐག་གཅོད་བྱ་ཡུལ་གཙོ་གནད་དུ་བཟུང་དགོས་པ་དང་བཙོག་དངོས་གཞན་སྒྱུར་དང་། དཔང་རྟགས་མེད་པ་བཟོ་བ། རྒོལ་སྲུང་མནའ་མཐུན། རྩ་འཛུགས་ཀྱི་ཞིབ་བཤེར་ལ་རྒོལ་མཁན་བཅས་ཀྱི་བྱེད་སྤྱོད་ངེས་པར་དུ་སྒྲིག་སྲོལ་བཞིན་ཆད་པ་གཅོད་རྒྱུའི་ནང་དོན་གྱི་གཙོ་གནད་དུ་འཇོག་དགོས། མང་ཚོགས་ཀྱི་འཁྲིས་སུ་ཐོན་པའི་ཚུལ་མིན་གྱི་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་ལ་ཞིབ་བཤེར་ཐག་གཅོད་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས།
  དྲུག རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། བྲོས་བྱོལ་དང་བཙོག་དངུལ་བཙོག་དངོས་ཚུར་ལེན་བྱ་རྒྱུར་དམ་འཛིན་ནན་པོ་བྱས་ཏེ་རུལ་སུངས་པ་ཁྲིམས་སར་སྐྱེལ་དགོས། བྲོས་བྱོལ་དང་བཙོག་དངུལ་བཙོག་དངོས་ཚུར་ལེན་གྱི་མཐུན་སྦྱོར་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་ཁྲིམས་འཛིན་མཐུན་སྦྱོར་དང་ཁྲིམས་འཛིན་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་གྱོད་གཞི་ཆེ་གྲས་རྩད་གཅོད་བྱས་ནས་གཉའ་གཅོག་པའི་རྣམ་པ་ཞིག་ཆགས་པ་བྱེད་དགོས། ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས《རུལ་སུངས་ལ་ངོ་རྒོལ་བྱེད་པའི་པེ་ཅིང་བསྒྲགས་གཏམ》དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་ནས་བྲོས་འགོག་ལས་དོན་ཡག་པོ་སྤེལ་ཏེ་གནམ་རྒྱ་ས་རྙི་འགྲེམས་དགོས།
  བདུན། ལྟ་སྐུལ་འགན་འཁྲི་དོན་འཁྱོལ་བྱས་ནས་ལྷག་བསམ་དང་། དྭངས་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་ཁག་འཛུགས་དགོས། ལྟ་སྐུལ་བྱེད་མི་འདོད་པ་དང་། ལྟ་སྐུལ་བྱེད་མི་ཕོད་པ། དགོས་པའི་ལས་མི་བྱེད་པ། མི་དགོས་ལས་རྙོག་བཟོ་བ་བཅས་ཀྱི་གནད་དོན་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་གནས་སྐབས་ཀྱི་བདེ་འཇགས་ལ་ཞེན་ཆགས་པ་དང་ལས་དོན་གང་ཡང་མི་སྒྲུབ་མཁན་གྱི་ལས་བྱེད་པ་བརྗེ་འཐེན་བྱེད་དགོས་པ་རྣམས་བརྗེ་འཐེན་བྱེད་པ་དང་ལེགས་སྒྲིག་བྱེད་དགོས་པ་རྣམས་ལེགས་སྒྲིག་བྱེད་དགོས། དམ་འཛིན་བྱེད་མི་ཕོད་པ་དང་དོ་དམ་བྱེད་མི་ཕོད་པ་དང་ལྟ་སྐུལ་གྱི་འགན་འཁྲི་འཁུར་མི་ཐུབ་མཁན་བཅས་ཀྱི་འགན་འཁྲི་བདའ་འདེད་མཐའ་གཅིག་ཏུ་གཏོང་དགོས། ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས། ཡིད་ཆེས་ཀྱིས་ལྟ་སྐུལ་གྱི་ཚབ་བྱེད་མི་ཐུབ། སྒྲིག་བཤེར་ལྟ་ཞིབ་ལས་བྱེད་པའི་ལྟ་སྐུལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རང་ངོས་ཀྱི་ལྟ་སྐུལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ནང་ངོས་ཀྱི་ཚོད་འཛིན་བྱེད་ཐབས་འཐུས་ཚང་དུ་གཏོང་བ། གསང་བ་ཕྱི་གྱར་དང་གྱོད་གཞིར་བརྟེན་ནས་སྒེར་ཕན་སྒྲུབ་པའི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་པོ་བྱས་ཏེ“གློག་འོག་གི་གྲིབ་ནག”མཐའ་གཅིག་ཏུ་འགོག་དགོས།
  ཚང་འཛོམས་གྲོས་ཚོགས་ཐོག་ཧྲེན་ཝུའེ་ཀྲེན་དང་ལེའང་པིན་གྱི་སྒྲིག་འགལ་ཚབས་ཆེན་གྱི་གནད་དོན་སྐོར་གྱི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཞིབ་བཤེར་སྙན་ཞུར་གྲོས་ཞིབ་བྱས་པ་དང་འབྲེལ་གྲོས་འཆམ་བྱུང་ནས་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་དེ་གོང་ཐག་གཅོད་བྱས་པའི་ཧྲེན་ཝུའེ་ཀྲེན་དང་ལེའང་པིན་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་བྱ་རྒྱུའི་གཏན་འབེབས་ཁས་ལེན་བྱས་པ་རེད།
  ཚང་འཛོམས་གྲོས་ཚོགས་ཐོག་ཏང་ཡོངས་ཀྱིས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ནས་ལས་དོན་ཏན་ཏིག་སྒྲུབ་པ་དང་འབད་འབུངས་སྟོབས་བརྩོན་གྱིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པ་བྱས་ཏེ་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་དགོས་པའི་འབོད་སྐུལ་བྱས་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག