ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༥ ལོར་མྱུར་བགྲོད་གཞུང་ལམ་རིན་མེད་གཏོང་ཡུན་གཏན་འཁེལ་བྱས་འདུག ཁྱོན་ཉིན ༢༠ འདུག

2015-01-20 ཟླ་བ།
   ༡/༢༠ ཉིན་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་ལྟེ་བའི་གཞུང་ཕྱོགས་པོད་ཕྲན་དུ་སྤེལ་བའི་གནས་ཚུལ་ལྟར་ན། ༢༠༡༥ ལོའི་མྱུར་ལམ་རིན་མེད་གཏོང་ཡུན་ཁྱོན་ཉིན ༢༠ ཡིན་པ་གཏན་འཁེལ་བྱས་འདུག
དཔྱིད་གསར་དུས་ཆེན་སྐབས། ༢/༡༨(གནམ་གང)གི་ཆུ་ཚོད ༠ ནས ༢/༢༤(ཚེས་པ་དྲུག)གི་ཆུ་ཚོད ༢༤ བར་ཡིན་ཞིང་ཁྱོན་ཉིན་བདུན།
དྭངས་གསལ་དུས་ཆེན་སྐབས། ༤/༤ཡི་ཆུ་ཚོད ༠ ནས ༤/༦ གི་ཆུ་ཚོད ༢༤ བར་ཡིན་ཞིང་ཁྱོན་ཉིན་གསུམ།
ངལ་རྩོལ་དུས་ཆེན་སྐབས། ༥/༡ གི་ཆུ་ཚོད ༠ ནས ༥/༣ གྱི་ཆུ་ཚོད ༢༤ བར་ཡིན་ཞིང་ཁྱོན་ཉིན་གསུམ།
རྒྱལ་བཙུགས་དུས་ཆེན་སྐབས། ༢༠༡༥ ལོའི་ཟླ ༡༠ པའི་ཚེས ༡ གི་ཆུ་ཚོད ༠ ནས་ཟླ ༡༠ པའི་ཚེས ༧ གྱི་ཆུ་ཚོད ༢༤ བར་ཡིན་ཞིང་ཁྱོན་ཉིན་བདུན་ཡིན་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག