༢༠༡༥ ལོའི་ཟླ ༡ པོའི་ཚེས ༢༠ ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས“༢༠༡༤ ལོའི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་གསར་འགྱུར་ཆེན་མོ་བཅུ།”བསྒྲགས་ཤིང་། མཚམས་སྦྱོར་བྱེད་སྒོ་ནི་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དྲིལ་སྒྲོག་སི། གླེང་ཕྱོགས་ལྟེ་གནས་ཀྱིས་རོགས་སྒྲུབ་གནང་ཞིང་། མི་རིགས་མཐུན་སྒྲིལ་དུས་དེབ་ཁང་དང་། ཀྲུང་གོའི་མི་རིགས་ཚགས་པར་ཁང་། ཀྲུང་གོའི་མི་རིགས་བརྙན་པར་ཁང་བཅས་ཀྱིས་ཐུན་མོང་ཐོག་རོགས་སྒྲུབ་མཛད་པ། མཚམས་སྦྱོར་མཇུག་འབྲས་ནི་ཀྲུང་དབྱང་གི་གསར་འགྱུར་སྨྱན་སྦྱོར་ཁག་ཅིག་དང་། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱི་འབྲེལ་ཡོད་ལས་སྒོའི་སྡེ་ཚན། ཀློག་པ་པོའི་འཐུས་ཚབ་བཅས་ཀྱི་བདམས་ཤོག་འཕངས་ནས་བདམས་ཐོན་བྱུང་པ་རེད།(གོ་རིམ་ནི་གསར་འགྱུར་དོན་དག་བྱུང་པའི་དུས་རིམ་ལྟར་བསྒྲིགས་ཡོད)
གཅིག ཞིས་ཅིན་ཕིང་ནང་སོག་དུ་བསྐྱོད་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་པ།
ཟླ ༡ པོའི་ཚེས ༢༦ ཉིན་ནས ༢༨ ཉིན་བར། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་ནང་སོག་ཏུ་བསྐྱོད་ནས་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་འཚམས་འདྲི་གནང་ཞིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་ལོ་གསར་གྱི་སྨོན་འདུན་ཞུས་ནས། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་ཕན་ཚུན་རོགས་རེས་དང་། མཐུན་སྒྲིལ་འབད་བརྩོན་བརྒྱུད་ཐུན་མོང་ཐོག་མེས་རྒྱལ་གྱི་མཐའ་མཚམས་སྲུང་སྐྱོབ་དང་། མཛེས་སྡུག་གི་འཚོ་བ་བསྐྲུན་པའི་ཐུགས་རེ་བཏོན།
གཉིས། ཀྲུང་དབྱང་གི་ཤིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་བསྡུས་པ།
ཟླ ༥ པའི་ཚེས ༢༨ ཉིན་ནས ༢༩ ཉིན་བར། ཀྲུང་དབྱང་གི་ཤིན་ཅང་ལས་དོན་བཞུགས་མོལ་ཚོགས་འདུ་ཐེངས་གཉིས་པ་པེ་ཅིང་ནས་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས། སྤྱི་ཚོགས་བརྟན་འཇགས་དང་ཡུན་རིང་བརྟན་བརླིང་གི་སྤྱིའི་དམིགས་འབེན་ལ་གཞིགས་ནས་ཁྲིམས་ལྟར་ཤིན་ཅང་སྐྱོང་པ་དང་། མཐུན་སྒྲིལ་སྒོས་ཤིན་ཅང་བརྟན་བརླིང་ཡོང་པ། ཤིན་ཅང་ཡུན་རིང་འཛུགས་བསྐྲུན་རྒྱུན་འཁྱོངས་བྱས་ཏེ་ཧུར་ཐག་སྒོས་མཐུན་སྒྲིལ་དང་། འཆམ་མཐུན། འབྱོར་ཕྱུག་དར་རྒྱས། ཤེས་དཔལ་ཡར་ཐོན། བདེ་སྡོད་ལས་བརྩོན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་ཤིན་ཅང་འཛུགས་བསྐྲུན་གནང་དགོས་ཞེས་བསྟན།
གསུམ། རྒྱལ་ཁབ་ཀྱིས་མི་རིགས་ས་ཁུལ་གྱི་མ་རྩའི་ཚོང་ར་འཕེལ་རྒྱས་ལ་རོགས་སྐྱོར་བྱེད་པར་བྱེད་ཐབས་གསར་པ་ལྡན་པ།
ཟླ ༦ པའི་ཚེས ༡༧ ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་དང་། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་འབྲེལ་སྒོས་མི་རིགས་ས་ཁུལ་གྱི་མ་རྩའི་ཚོང་ར་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་གྱི་བཞུགས་མོལ་ཚོགས་འདུ་བསྡུས། ཀྲུང་གོའི་དངུལ་འཛིན་ལྟ་སྐུལ་ཚོགས་པས་རང་སྐྱོང་ལྗོངས་ལྔ་རུ་མ་རྩའི་ཚོང་རའི་ཟབ་སྦྱོང་རྟེན་གཞི་བཙུགས་ཤིང་། ཞལ་འདེབས་མ་དངུལ་སྒོར་དུང་ཕྱུར་གཅིག་བསྡུས་ནས་དངུལ་རྩ་དངུལ་འཛིན་གྱི་འཇོན་མི་སྐྱེད་བསྲིངས་ཐད་སྤྱད། ཆ་རྐྱེན་ལོངས་པའི་ནུབ་རྒྱུད་ཁེ་ལས་ཀྱིས་ཡོངས་ཁྱབ་ཏུ་ཚོང་ར་འདོན་པར་དམིགས་བསལ་གྱི་ཞིབ་བཤེར་ལམ་ལུགས་ལག་བསྟར་གནང་རྒྱུ་དང་། མི་རིགས་ས་ཁུལ་དུ་མ་རྩའི་ཚོང་ར་སྤྱད་ནས་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་རེད།
བཞི། 《མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་བསྐྲུན་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། སྡོད་ཁུལ། ཤང་གྲོང་། སློབ་གྲྭ། དགོན་སྡེ་སོགས་སུ་བསྐྱོད་པར་སྐུལ་འདེད་ཀྱི་ལག་བསྟར་བསམ་འཆར》པར་འགྲེམས་གནང་།
ཟླ ༧ པའི་ཚེས ༣ ཉིན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས《མི་རིགས་མཐུན་སྒྲིལ་སྔོན་ཐོན་གསར་བསྐྲུན་བྱེད་སྒོ་ལས་ཁུངས་དང་། ཁེ་ལས། སྡོད་ཁུལ། ཤང་གྲོང་། སློབ་གྲྭ། དགོན་སྡེ་སོགས་སུ་བསྐྱོད་པར་སྐུལ་འདེད་ཀྱི་ལག་བསྟར་བསམ་འཆར》པར་འགྲེམས་གནང་ནས། “བསྐྱོད་པ་དྲུག”གི་དཔྱད་ཞིབ་དམིགས་ཚད་གསལ་པོར་བྱས་པ་དང་། བྱེད་སྒོའི་ཡུན་རིང་ལམ་ལུགས་བཙུགས་ནས་གསར་བསྐྲུན་བྱེད་སྒོ་གཞི་རིམ་དུ་སྤེལ་བར་སྔར་བས་སྐུལ་འདེད་གནང་ཡོད་པ་རེད།
ལྔ། ལི་ཁེ་ཆིང་གིས་ཤིན་ཅང་ཡུ་གུར་རིགས་ཀྱི་སློབ་མར་འཕྲིན་ལན་སྤྲིངས་པ།
ཟླ ༨ པའི་ཚེས ༡༡ ཉིན། ཙུང་ལི་ལི་ཁེ་ཆིང་གིས་ནན་ཅིང་ཕུ་ཁའོ་སློབ་འབྲིང་ཤིན་ཅང་འཛིན་གྲྭའི་སློབ་ཕྲུག་ཀུ་རུ་མུ་རེ་མུ་ཐེ་ཝུ་རར་འཕྲིན་ལན་སྤྲིངས་ནས་ཁོ་མོ་དང་སློབ་གྲོགས་ཚོས་ལང་ཚོའི་སྐྱེ་སྟོབས་འབར་ཞིང་ཕུགས་བསམ་བརྩོན་ལེན་གནང་པ། བདེ་ཐང་འཚར་ལོངས་འབྱུང་ནས་ཤེས་བྱ་གསར་པས་སྤྱི་ཚོགས་ལ་དྲིན་ལན་གཞལ་དགོས་ཞེས་སྐུལ་ལྕག་གནང་།
དྲུག“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཐུན་མིན་གྲོང་ཚོ”སྐོར་ཁག་དང་པོར་སྒོ་བྱང་བཀལ།
ཟླ ༩ པར། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་གྱིས་རྒྱལ་ཡོངས་ཀྱི་གྲོང་ཚོ༢༤༠ལ་སྐོར་ཁག་དང་པོའི“ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཐུན་མིན་གྲོང་ཚོའི”མཚན་སྙན་བསྩལ། “ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཐུན་མིན་གྲོང་ཚོ”སྲུང་སྐྱོབ་དང་འཕེལ་རྒྱས་དཔེ་སྟོན་ལས་དོན་སྤེལ་བའི་ལོ་ངོ་ལྔའི་རིང་། ཐུན་མིན་ཁྱད་ཆོས་ལྡན་ཞིང་། ཐོན་ལས་ཀྱི་གཞོགས་འདེགས་ནུས་པ་ལྡན་པ། མི་རིགས་རིག་གནས་ཀྱི་རྨང་སྟུག་པ། འཚོ་སྡོད་ཁོར་ཡུག་མཛེས་ཤིང་སྡུག་པ། མི་རིགས་འབྲེལ་བ་འཆམ་མཐུན་ཅན་གྱི་གྲངས་ཉུང་མི་རིགས་ཀྱི་གྲོང་ཚོ་སྐོར་ཞིག་གསར་དུ་ཐོན།
བདུན། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་ཐེངས་དྲུག་པ་བསྡུས།
ཟླ ༩ པའི་ཚེས༢༨ཉིན་ནས་ཚེས ༢༩ ཉིན་བར། ཀྲུང་དབྱང་མི་རིགས་ལས་དོན་ཚོགས་འདུ་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་འདུ་ཐེངས་དྲུག་པ་པེ་ཅིང་དུ་བསྡུས། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་རང་རྒྱལ་གྱི་མི་རིགས་ལས་དོན་ཐད་འཕྲད་པའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་ལ་ཁྱོན་ཡོངས་ནས་དབྱེ་ཞིབ་མཛད་ཅིང་། མིག་སྔར་དང་རྗེས་ཕྱོགས་དུས་རབས་ངེས་ཅན་རིང་རང་རྒྱལ་གྱི་མི་་རིགས་ལས་དོན་གྱི་སྲིད་བྱུས་དང་ཁ་ཕྱོགས་ལ་འགྲེལ་བརྗོད་གཏིང་ཟབ་གནང་པ་མ་ཟད། ཚོགས་འདུས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་དང་དཔེ་སྟོན་མི་སྒེར༡༤༩༦ལ་གཟེངས་བསྟོད་གནང་།
བརྒྱད། 《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལག་བསྟར་འགྲེམ་སྤེལ་གནང་ནས་ལོ༣༠འཁོར་བའི་རྗེས་དྲན་བྱེད་སྒོ་བསྡུས།
ཟླ ༡༠ པའི་ཚེས ༡༧ ཉིན། 《མི་རིགས་ས་ཁོངས་རང་སྐྱོང་བཅའ་ཁྲིམས》ལག་བསྟར་འགྲེམ་སྤེལ་གནང་ནས་ལོ༣༠འཁོར་བའི་རྗེས་དྲན་བྱེད་སྒོ་པེ་ཅིང་དུ་བསྡུས། ཨུ་ཡོན་ཀྲང་ཀྲང་ཏི་ཅང་ཚོགས་འདུར་ཞུགས། མི་རིགས་རིག་གནས་ཕོ་བྲང་དུ་མུ་འབྲེལ་བརྗོད་དོན་འགྲེམས་སྟོན་སྤེལ་བ། ཀྲུང་དབྱང་གི་སྨྱན་སྦྱོར་གཙོ་བོས་མུ་འབྲེལ་དྲིལ་སྒྲོག་གནང་ནས། མི་རིགས་རང་སྐྱོང་ས་ཁུལ་གྱི་འཕེལ་རྒྱས་ཐད་ལོན་པའི་འོད་སྟོང་འབར་བའི་གྲུབ་འབྲས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་ཐད་གསོན་ཉམས་དོད་པོས་འགྲེམ་སྟོན་གནང་ཤིང་། མི་རིགས་ས་ཁོངས་རང་སྐྱོང་གི་འཕེལ་རྒྱས་སྟོབས་ཤུགས་གསར་པས་སྐུལ་འདེད་གནང་།
དགུ 《གནས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་བཅོས་སྒྱུར་སྐོར་གྱི་བསམ་འཆར》འགྲེམས་སྤེལ་གནང་།
ཟླ ༡༢ པའི་ཚེས ༢༢ ཉིན། ཤིན་ཧྭ་གསར་འགྱུར་ཁང་སོགས་ཀྲུང་དབྱང་སྨྱན་སྦྱོར་གྱིས་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས《གནས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་བཅོས་སྒྱུར་སྐོར་གྱི་བསམ་འཆར》འགྲེམས་སྤེལ་གནང་སྐོར་གསར་ལམ་དུ་སྤེལ། 《བསམ་འཆར》ནི་གནས་བབ་གསར་པའི་འོག་གི་མི་རིགས་ལས་དོན་ལ་ཤུགས་སྣོན་དང་བཅོས་སྒྱུར་གོ་ཆོད་པ་གནང་རྒྱུ་དང་། མཐུན་སྒྲིལ་སྒོས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སྣེ་ཁྲིད་དེ་ཐུན་མོང་ཐོག་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་བསྐྲུན། ཧུར་ཐག་སྒོས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ལ་སྐུལ་འདེད་གནང་རྒྱུ་བཅས་དམིགས་སུ་བཟུང་པའོ།
བཅུ། ཀྲུང་གོའི་དྲ་ལམ་བརྙན་འཕྲིན་ཁང་གི་གྲངས་ཉུང་མི་རིགས་སྐད་ཀྱི་སྨྱན་སྦྱོར་གསར་པའི་སྒྲོག་གཏོང་སྟེགས་བུའི་སྐུད་ལམ་དངོས་སུ་ཤར་གཏོང་བྱུང་།
ཟླ ༡༢ པའི་ཚེས ༣༠ ཉིན། ཀྲུང་གོའི་དྲ་ལམ་བརྙན་འཕྲིན(CNTV)ཁང་གི་གྲངས་ཉུང་མི་རིགས་སྐད་ཀྱི་སྨྱན་སྦྱོར་གསར་པའི་སྒྲོག་གཏོང་སྟེགས་བུའི་སྐུད་ལམ་དངོས་སུ་ཤར་གཏོང་བྱུང་། འདི་ནི་ཀྲུང་དབྱང་མི་རིགས་ལས་དོན་གྱི་དགོངས་དོན་ནན་ཏན་གྱིས་ལག་བསྟར་བྱས་པ་བརྒྱུད། མི་རིགས་རིག་གནས་སྒྲོག་གཏོང་མ་ལག་གསར་གཏོད་དང་། གྲངས་ཉུང་མི་རིགས་ཀྱི་སྔོན་ཐོན་སྲོལ་རྒྱུན་རིག་གནས་དར་སྤེལ། མི་རིགས་རིག་གནས“ཕྱི་རུ་བསྐྱོད་པར”སྐུལ་རོགས་གནང་པའི་བྱེད་ཐབས་གཙོ་བོར་གྱུར་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)