ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

༢༠༡༥ ལོའི་རྒྱལ་ཡོངས་ཚོཊ་ཆེན་གཉིས་ཟླ ༣ པའི་ཚེས ༥ དང ༣ པའི་ཚེས༣ ལ་པེ་ཅིང་དུ་འཚོག་རྒྱུ་རེད།

2015-02-01 ཟླ་བ།
རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ཟླ ༣ པའི་ཚེས ༥ ཉིན།
རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དེ་ཟླ ༣ པའི་ཚེས ༣ ཉིན།
  ཤིན་ཧྭ་དྲ་བའི་པེ་ཅིང་གི་ཟླ ༢ པའི་ཚེས ༡ ཉིན་གྱི་གློག་འཕྲིན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའ་ཚོགས་འདུ་ཐེངས་གསུམ་པ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ཚོགས་འདུ་ཐེངས་གསུམ་པ་དེ་སོ་སོར ༢༠༡༥ ལོའི་ཟླ ༣ པའི་ཚེས ༥ ཉིན་དང་ཟླ ༣ པའི་ཚེས ༣ ཉིན་པེ་ཅིང་ནས་མགོ་རྩོམ་རྒྱུ་ཡིན་འདུག རྒྱལ་ཡོངས་དམངས་ཆེན་རྒྱུན་ཨུའི་གཞུང་དོན་ཁང་དང་རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཁང་གིས། རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་དུས་དེར་བཅར་འདྲི་རུ་ཕེབས་རྒྱུར་དགའ་བསུ་གནང་གི་ཡིན་ཞེས་དེ་རིང་ཁྱབ་བསྒྲགས་བྱས་པ་རེད།
  རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་དང་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་ཐེངས་གསུམ་པ་དེ་པེ་ཅིང་ཞི་ཁྲང་ཨན་སྲང་གི་བྱང་ངོས་ཀྱི་མི་ཊི་ཡ་ལྟེ་གནས(པེ་ཅིང་ཧྥུ་ཞིན་ལམ་ཁ་པ་ཨང ༡༡) སུ་གསར་འགྱུར་ལྟེ་གནས་བཙུགས་ཡོད་ཅིང་། དེས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པའི་བཅར་འདྲི་སྣེ་ལེན་དང་བཀོད་སྒྲིག་ལ་འགན་འཁུར་རྒྱུ་ཡིན་པ་དང་། གསར་འགྱུར་ལྟེ་གནས་དེ་ཟླ ༢ པའི་ཚེས ༢༧ ཉིན་ནས་དངོས་སུ་ལས་མགོ་རྩོམ་རྒྱུ་རེད།
  ཚོགས་ཆེན་གཉིས་ལ་བཅར་འདྲི་བྱ་རྩིས་ཡོད་པའི་གསར་འགོད་པ་ཚང་མས་རེ་ཞུ་བྱེད་དགོས་པ་སྟེ། ཀྲུང་དབྱང་གསར་འགྱུར་ལས་ཁུངས་ཀྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་སུ་རེ་ཞུ་བྱེད་དགོས་པ་དང་། ས་གནས་གསར་འགོད་ཚོགས་པ་ཁག་གིས་འཐུས་ཚབ་པས་གསར་འགྱུར་ལྟེ་གནས་སུ་རེ་ཞུ་རྒྱག་དགོས་ལ། ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གསར་འགོད་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཧོང་ཀོང་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་བྱེད་པའི་འབྲེལ་གཏུག་གཞུང་དོན་ཁང་དུ་རེ་ཞུ་རྒྱག་དགོས། ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་གསར་འགོད་པས་ཀྲུང་དབྱང་མི་དམངས་སྲིད་གཞུང་གི་ཨོ་མོན་དམིགས་བསལ་སྲིད་འཛིན་ས་ཁུལ་དུ་བཅའ་སྡོད་བྱེད་པའི་འབྲེལ་གཏུག་གཞུང་དོན་ཁང་དུ་རེ་ཞུ་རྒྱག་དགོས་པ་དང་། ཐེ་ཝན་ས་ཁུལ་གྱི་གསར་འགོད་པས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐེ་ཝན་ལས་དོན་གཞུང་དོན་ཁང་དུ་རེ་ཞུ་བྱེད་དགོས། ཀྲུང་གོར་སྡོད་པའི་ཕྱི་རྒྱལ་གྱི་གསར་འགོད་པས་གསར་འགྱུར་ལྟེ་གནས་སུ་རེ་ཞུ་བྱེད་དགོས། ཀྲུང་གོར་གནས་སྐབས་སུ་སླེབས་པའི་ཕྱི་རྒྱལ་གྱི་གསར་འགོད་པས་རྒྱལ་ཁབ་གང་དེར་ཡོད་པའི་ཀྲུང་གོའི་གཞུང་ཚབ་ཁང་ངམ་རང་རྒྱལ་ཕྱི་འབྲེལ་པུའུ་ཡིས་བཀའ་དབང་ཡོད་པའི་མཆན་སྤྲོད་ལས་ཁུངས་སུ་རེ་ཞུ་བརྒྱབ་ཆོག གསར་འགོད་པས་མིང་ཐོ་འགོད་པའི་དུས་བཅད་ཟླ ༢ པའི་ཚེས ༢༥ བར་ཡིན།
  གསར་འགོད་པས་བཅར་འདྲི་བྱེད་སྟབས་བདེ་པོ་བཟོ་ཆེད། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱི་དྲ་ངོས་སུ་བཅར་འདྲིའི་གནས་ཚུལ་དང་དེ་འབྲེལ་གནས་ཚུལ་ཁག་དུས་ཐོག་ཏུ་བསྒྲག་རྒྱུ་ཡིན་པ་རེད། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས་དྲ་བའི་དྲ་གནས་ནིhttp://www.npc.gov.cn/pc/12_3 དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་གསར་འགྱུར་ལྟེ་གནས་ཀྱི་དྲ་བའི་དྲ་གནས་ནི http://www.cppcc.people.com.cn ཡིན་པ་དང་། ཟླ ༢ པའི་ཚེས ༡ ནས་བཟུང་མཉམ་དུ་ཤར་གཏོང་བྱ་རྒྱུ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག