ཁྲིམས་སྐྱོང་དགོང་ཚགས་ཀྱི་འཕྲིན། དེ་རིང་ཕྱི་དྲོར། ཀྲུང་དབྱང་སྒྲིག་ཨུ་ཡི་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་སྤྱི་ཅུའུ་ལ་གཞིས་ཆགས་ཀྱི་སྒྲིག་བཤེར་ཚན་ཆུང་གི་ཚན་གཙོ་ལི་ཆོའུ་ཧྥེང་གིས་ཀྲུང་དབྱང་སྒྲིག་ཨུའི་དྲ་ཚིགས་ཀྱི་བཅར་འདྲི་དང་ལེན་བགྱིད་སྐབས། ད་ལོར《གསར་འགྱུར་པར་སྐྲུན་དང་རྒྱང་སྒྲོག་བརྙན་གཟུགས་ལས་མིའི་རུལ་འགོག་སྤྱོད་བཟང་སྐོར་གྱི་ཆོད་ཡིག》ཅིག་ཆེད་དུ་བསྒྲིག་རྒྱུ་དང་། དེར་སྦྲགས《རང་གཅུན་སྤྱི་ཆིངས》ཤིག་ཀྱང་དགྲམ་རྩིས་ཡིན་ཞིང་། དེ་ལས་སྔ་མ་བཙན་དྲག་ཆེ་བས། ངེས་པར་བསྲུང་དགོས།
ངོ་སྤྲད་ལྟར་ན། སྒྲིག་བཤེར་ཚན་ཆུང་གིས་ན་ནིང་ནས་གསར་འགྱུར་པར་སྐྲུན་དང་། རྒྱང་སྒྲོག་བརྙན་གཟུགས་ཁྱབ་ཁོངས་ཀྱི་དོན་གནད་ཆེན་པོ་བཅུར་རྟོག་ཞིབ་མཐིལ་ཕྱིན་བགྱིད་མགོ་བརྩམས་ཏེ། དེའི་ཁྲོད་གནས་པའི་རུལ་སུངས་ཀྱི་སྤྱིར་བཏང་སྣང་ཚུལ་དང་རྒྱུན་ལྡན་བྱ་ཐབས། ལྷག་པར་ངན་གོམས་ཇི་ལྟ་བུ་ཆགས་འདུག་པར་རྒྱུས་ལོན་བྱས། ད་ལོར་ལོ་སྔོན་མའི་རྨང་གཞིའི་ཐོག་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་ཏུ་གཏང་རྒྱུ་ཡིན།
ལྟ་རྟོག གཙོ་བོ་མིའི་འདེམས་བཀོལ་དང་སྲིད་འཛིན་ཆོག་མཆན་སྐོར་གྱི་རྟོག་ཞིབ།
མངགས་བཅོལ་སྡེ་ཁག་སྒྲིག་བཤེར་ཚན་ཆུང་གི་ལྟ་རྟོག་ཐད། ལི་ཆོའུ་ཧྥེང་གིས་སྦ་གསང་མེད་པར། ཆེད་ལས་ལ་གཞོལ་ཆེ་བས། མངགས་བཅོལ་ལས་བྱེད་པ་རང་གིས་ཀྱང་མི་ཤེས་རྐྱེན། སྔོན་ཆད་གཟུ་དཔང་དང་ལྟད་མོ་བ་ཙམ་དུ་ཟད་པས། ཐ་ན་དེ་དག་གི་འགེབས་སྲུང་བར་གྱུར་ཡོད་ཅེས་གསུངས།
ང་ཚོས་ངེས་པ་དོན་གྱིས་ལས་བྱེད་མི་སྣའི་ལྟ་རྟོག་གི་གནད་དོན་ཐག་གཅད་དགོས་ན། དགག་བྱ་གསུམ་མཆིས་ཏེ། དགག་བྱ་དང་བོ། འགན་ཁུར་ལས་ཁུངས་ཀྱི་ལས་ཚབ་བྱ་རྒྱུ་འགོག་དགོས་པ་དང་། དགག་བྱ་གཉིས་པ། མ་འབྲེལ་གཞན་དོན་དུ་བསམ་སྟེ། རང་ཉིད་ལྟད་མོ་བ་ཙམ་གྱུར་བ་འགོག་དགོས་པ། དགག་བྱ་ཐ་མ་ནི་སྨིག་རྒྱུའི་རི་དྭགས་དང་ཆུ་ནང་གི་ཉ་མོར་བལྟ་བ་ལྟར་ཙབ་ཙུབ་བྱེད་པ་བཀག་སྟེ། ཅི་ལ་ཡང་གསལ་ཐག་ཆོད་དགོས་པ་བཅས་སོ། །
ཡང་ཁོང་གིས། མངགས་བཅོལ་སྡེ་ཁག་གི་སྒྲིག་བཤེར་ཚན་ཆུང་འགྲོ་ཡུལ་ལས་ཁུངས་གང་དུ་ཟབ་ཞུགས་དགོས་པ་དང་། དེ་མཚུངས་ལས་ཁུངས་གང་གི་གཞིར་གནས་ལྟ་རྟོག་གཙོ་འགན་སྡེ་ཚན་གྱི་ལས་ཚབ་བྱ་མི་རུང་བར་བཤད།
ད་དུང་། མངགས་བཅོལ་སྡེ་ཁག་གི་ལྟ་རྟོག་འགན་འཁྲི་ཡོངས་སུ་འགྲུབ་སླད། སྒྲིག་བཤེར་ཚན་ཆུང་ལ་ལེགས་བཅོས་དཔྱིས་ཕྱིན་པ་ཞིག་བྱས། འགྲོ་ཡུལ་གྱི་ལས་ཁུངས་ནས་མངགས་བཅོལ་སྡེ་ཁག་གི་རང་འཁྲིའི་བྱ་བ་དག་ལ་གཡོལ་བ་མེད་པར་དོན་གཉེར་བྱ་རྒྱུ་དང་། ལྟ་རྟོག་གི་ལས་ཀ་ཁ་ཅིག་ལས་ཁུངས་དེ་ག་རང་གི་འགན་ཁུར་ཡིན་པ་དག་ལ་གང་བྱུང་དུ་ལག་མི་བསྲིང་བར། སོ་སོས་རང་འགན་དང་བླང་བྱ་རྒྱུ་གལ།
ཀྲུང་དབྱང་སྒྲིག་ཨུ་ཡི་རྒྱལ་ཁབ་གསར་འགྱུར་པར་སྐྲུན་རྒྱང་སྒྲོག་སྤྱི་ཅུའུ་ལ་གཞིས་ཆགས་ཀྱི་སྒྲིག་བཤེར་ཚན་ཆུང་གིས་ལེགས་བཅོས་བྱས་རྗེས་ལྟ་རྟོག་བྱ་ཐབས་ལ། ༦ + ༡༠ བཀོད་པ་ཟེར་ཞིང་། དྲུག་ཅེས་པ་གང་ཞེ་ན། ཏང་སྲོལ་སྲིད་གཙང་གི་གཙོ་འགན་ལག་ཏུ་བསྟར་ཚུལ་དང་། མིའི་འདེམས་བཀོལ་གྱི་ལྟ་རྟོག ཀྲུང་དབྱང་གཏན་འབེབས་ལེ་ཚན་བརྒྱད་མའི་དགོངས་པ་དོན་འཁྱོལ། སྒྲིག་ལམ་རབས་དང་རིམ་པའི་ལག་བསྟར་གནས་ཚུལ། སྲིད་འཛིན་ཆོག་མཆན། སྒྲིག་བཤེར་ལས་བྱེད་པའི་དཔུང་སྡེ་བཅས་དྲུག་གོ །
གཞན་ད་དུང་། འགྲོ་ཡུལ་ལས་ཁུངས་རང་གིས་འགན་འཁུར་དགོས་པའི་ལྟ་རྟོག་དོན་ཚན་དུ་མ་ཡོད་དེ། དཔེར་ན། འོས་ཆོག་རྒྱུགས་གཞི་དང་། མཁོ་ཆས་ཉོ་ཚོང་། རྣམ་གྲངས་ཆེ་ཁག ད་དུང་སྤྱི་ཚོགས་ཚོགས་སྤྱིའི་དོ་དམ་སོགས་ཚན་པ་བཅུ་ཡོད་དོ། །
གྲུབ་འབྲས། ན་ནིང་ཉེས་དོན ༤༠༥ ཙམ་ལ་རྩད་ཞིབ་བྱས་པ་འདས་པའི་ལོ་ལྔའི་ཡང་རྩེར་སོན་ཡོད།
ལི་ཆོས་ཧྥེང་གིས། ལོ་མང་བོའི་ནང་སྒྲིག་བཤེར་ཚན་ཆུང་གིས་རྩ་བའི་བྱེད་ཐབས་དུ་མ་སྤྱིར་བསྡོམས་ཡོད་དེ། བྱེད་ཐབས་དང་བོ་ནི། ཉིན་རྒྱུན་གང་ལ་ཡང་རྟོག་པས་འཇུག་རྒྱུ་སྟེ། ལས་ཁུངས་གང་གི་མི་ལ་འདྲིས་རྗེས་ཆ་རྒྱུས་ཡོད་པར་གྱུར་ངེས་ཤིང་། ལས་བྱེད་རེ་རེ་བའི་སྤྱོད་པར་བརྟག་པ་དང་། ལྷག་དོན་ཅུའུ་རིམ་པ་ཡན་ཆོད་ཀྱི་ལས་བྱེད་པར་ནན་དུ་བརྟག་དགོས།
ཐབས་གཞན་ཞིག་ནི། ལྟ་སྐོར་རྟོག་ཞིབ་ཡིན་ཏེ། ན་ནིང་ཚན་ཆུང་གིས་རང་རྟོག་ལྟ་སྐུལ་སྤེལ་ཞིང་། ཏང་ཨུའི་སྐོར་ཞིབ་ཐབས་ལམ་གྱི་ཇུས་འཆར་ཐོག་མར་བྲིས། ཏང་ཨུའི་སྐོར་ཞིབ་ཐབས་ལམ་གྱིས་དངོས་ཚུལ་གཞིར་བྱས་ཀྱིས། འགྲོ་ཡུལ་ལས་ཁུངས་ཀྱི་རྟོག་ཞིབ་བྱ་ཡུལ་གུང་བསྒྲིགས་པ། དཔེར་ན། བརྙན་ཟློས་ཀྱི་ཉོ་འཚོང་། འཁྲབ་ཚན་ཆེ་ཁག སྒྲིག་ཆས་ཀྱི་ཉོ་ཚོང་། འཁོར་སྐར་ལེ་ཚན་གྱི་བཀོད་སྒྲིག་སོགས་ནི། འགྲོ་ཡུལ་ལས་ཁུངས་ཀྱི་ཉེན་གནས་དང་དོགས་ཡུལ་ཡིན། དེའི་སྐོར་ང་ཚོས་གཙོ་བོ་ལྟ་སྐོར་གྱི་བྱེད་ཐབས་སྤྱད་དགོས་ཞེས་གསུངས།
ལྟ་སྐོར་རྟོག་ཞིབ་ལ་སྤྱིར་བཏང་ལྟ་རྟོག་དང་ཆེད་དོན་རྩད་ཞིབ་གཉིས་ཡོད་ཅིང་། ན་ནིང་ཆེད་དོན་རྩད་ཞིབ་ཀྱིས་ཆེད་སྤྱོད་མ་དངུལ་གལ་འགངས་ཆེན་པོ་འགར་ཆེད་དུ་རྟོག་ཞིབ་བྱས། ཆེད་སྤྱོད་མ་དངུལ་ཧ་ཅང་མང་བས། དེ་དག་ལ་རིགས་དབྱེས་པར་མ་ཟད། ཆེད་དོན་རྩད་ཞིབ་བརྒྱུད། གནད་དོན་མང་དུ་རྙེད་པ་དག་ཐེར་བྱས། འགན་བྱོལ་ལ་རྩད་བཅད་ཁུངས་འདེད་བྱས་ཏེ། འགྲོ་སོང་ལྷག་མ་མི་འོས་པ་ཚང་མ་ཚུར་བསྡུས།
ད་དུང་རྟོག་ཞིབ་ཐབས་ལམ་ཞིག་ཡོད་པ་ནི། མང་ཚོགས་ཞུ་གཏུག་ཡིན་ཏེ། མང་ཚོགས་ཀྱིས་ཞུ་གཏུག་རེ་རེ་ཁུངས་རྨེད་རྩད་གཅོད་བྱས་ནས། དྲང་བདེན་སྒོས་ཐག་གཅད་དགོས། ད་ལོ་བསྡོམས་པའི་གྱོད་ཚན ༤༠༥ ཙམ་ལ་རྩད་ཞིབ་བྱས་ཤིང་། གྱོད་གཞི་བཙུགས་པ་དང་། གྱོད་དོན་ཐག་བཅད་པ། མཐའ་མཇུག་ཉེས་ཆད་བཅད་པའི་སྲིད་ཕྱོད་ཚང་མ་ལོ་ལྔའི་མང་ཤོས་ཆགས་ཡོད།
གཞན་དུ། ན་ནིང་སྒྲིག་བཤེར་ཚན་ཆུང་གིས་སྤྱི་ཚོགས་ཚོགས་སྤྱིའི་གཏན་འབེབས་ལེ་ཚན་བརྒྱད་མའི་དགོངས་པ་དང་འགལ་ཏེ་སྤྱི་དོན་ལ་བརྫུས་ནས་ལྗོངས་རྒྱུར་ཕྱིན་པར། ཅུའུ་རིམ་པ་ཡན་གྱི་མགོ་ཁྲིད་གཉིས་ལ་ཉེས་ཆད་སྤྲད།
རྒྱང་ལྟ། ད་ལོར་བརྙན་གཟུགས་ལས་རིགས་ཀྱི་ངན་གོམས་ལ་དག་ཐེར་ནན་མོ་བགྱི་རྒྱུ་ཡིན།
ལི་ཆོའུ་ཧྥེང་གིས། ན་ནིང་ཆེད་དོན་རྩད་ཞིབ་བྱས་ཏེ། གཏན་འབེབས་ལེ་ཚན་བརྒྱད་མའི་དགོངས་པ་དང་། ངན་བཞི་འགོག་པའི་ལག་ལེན་ཁྲོད། དུས་ཆེན་སོ་སོར་ཆེད་དོན་ཞིབ་བཤེར་རྩ་འཛུགས་བྱས། ད་ལོར། སྒྲིག་བཤེར་ཚན་ཆུང་གིས་ཆེད་དོན་རྩད་ཞིབ་ཀྱི་ནུས་ཤུགས་གཙོ་བོ་སྔོན་ཆད་དོ་དམ་ཅུང་ལྷོད་ཡངས་ཡིན་པའི་སྤྱི་ཚོགས་ཚོགས་སྤྱིར་ཁ་གཏད་རྒྱུ་ཡིན་ཞེས་གསུངས།
རྒྱུས་ལོན་ལྟར་ན། སྒྲིག་བཤེར་ཚན་ཆུང་གིས་གློག་རྡུལ་སྲིད་སྐྱོང་གིས། སྲིད་འཛིན་བཤེར་མཆན་དང་ཆོག་མཆན། ལྟ་རྟོག་དོན་ཚན། གློག་རྡུལ་ལྟ་སྐུལ་བཅས་མཉམ་སྦྲགས་བྱ་འཆར་ཡོད།
བྱ་བ་ཐམས་ཅད་ལ། ཚན་རིག་ལག་རྩལ་གྱིས་ལྐོག་མིག་གིས་ལྟ་རྟོག་བྱས་ཏེ། མངོན་ལྐོག་ཟུང་འབྲེལ་གྱི་ལྟ་རྟོག་འདིས་འོག་ནས་མགོ་བདེ་དྲན་འཕྲུལ་སུ་ཡང་ཐར་ས་མེད་པ་བྱ་དགོས། རྣམ་གྲངས་འདི་ན་ནིང་ནས་མགོ་བརྩམས་ཤིང་། སྐབས་བབ་གྲུབ་འབྲས་ཀྱང་མི་དམན་ཞིག་ཐོབ་ཡོད།
ཡང་ཁོང་གི་ལྟ་བ་ལྟར་ན། མངགས་བཅོལ་སྡེ་ཁག་གི་འགྲོ་ཡུལ་ལས་ཁུངས་ཀྱི་ཐུན་མོང་གི་སྣང་ཚུལ་ཙམ་ལ་རྒྱུས་ལོན་བྱས་པའི་མི་ཆོག་པར། ཡང་ཟབ་གནད་དོན་ཆེ་ཁག་ལ་ཐག་ཆོད་དགོས་ཏེ། སྒྲིག་བཤེར་ཚན་ཆུང་གིས་ན་ནིང་ནས་གསར་འགྱུར་པར་སྐྲུན་དང་། རྒྱང་སྒྲོག་བརྙན་གཟུགས་ཁྱབ་ཁོངས་ཀྱི་དོན་གནད་ཆེན་པོ་བཅུར་རྟོག་ཞིབ་མཐིལ་ཕྱིན་བགྱིད་མགོ་བརྩམས་ནས། དེའི་ཁྲོད་གནས་པའི་རུལ་སུངས་ཀྱི་སྤྱིར་བཏང་སྣང་ཚུལ་དང་རྒྱུན་ལྡན་བྱ་ཐབས། ལྷག་པར་ངན་གོམས་ཇི་ལྟ་བུ་ཆགས་འདུག་པར་རྒྱུས་ལོན་བྱས། ད་ལོར་དེའི་རྨང་གཞིའི་ཐོག་གཏིང་ཇེ་ཟབ་ཏུ་གཏང་རྒྱུ་ཡིན།
གནད་འགག་གི་ཁྱབ་ཁོངས་སུ་གཙོ་བོ་བརྙན་ཟློས་ཀྱི་ཉོ་འཚོང་དང་། འཁྲབ་ཚན་ཆེ་ཁག སྒྲིག་ཆས་ཀྱི་ཉོ་ཚོང་། འགྲེམས་བརྡའི་ཚོང་གཉེར། གསར་འགྱུར་སྡུད་སྒྲིག ཕྱི་རྒྱལ་འཕྲིན་ཁག་སོགས་འདུ།
ད་ལོར་ང་ཚོས《གསར་འགྱུར་པར་སྐྲུན་དང་རྒྱང་སྒྲོག་བརྙན་གཟུགས་ལས་མིའི་རུལ་འགོག་སྤྱོད་བཟང་སྐོར་གྱི་ཆོད་ཡིག》ཅིག་ཆེད་དུ་བསྒྲིག་རྒྱུ་དང་། དེར་སྦྲགས《རང་གཅུན་སྤྱི་ཆིངས》ཤིག་ཀྱང་དགྲམ་རྩིས་ཡིན་ཞིང་། དེ་ལས་སྔ་མ་བཙན་དྲག་གིས་གཅུན་ཞིང་། ཕྱི་མས་རང་འདུན་གྱིས་བསྡམས་ཏེ། སྔ་ཕྱི་གཉིས་ཀ་ཟུང་འབྲེལ་སྒོས། སྤྱོད་གཙང་སྲོལ་བཟང་གི་ལས་རིགས་འཕེལ་རྒྱས་ཀྱི་འདུན་ལྗོངས་གསར་བ་ཞིག་བསྐྲུན་དགོས།
(ཁྲིམས་སྐྱོང་དགོང་ཚགས) ཀྲུང་དབྱང་སྒྲིག་ཨུའི་དྲ་ཚིགས་ལས། རུལ་རྒོལ་གྱིས་གདུལ་བྱ་མིན་པའི་བཙན་ས་ཞིག་ཡེ་ནས་མེད།
ཟླ ༡ ཚེས ༢༨ ཉིན། ཀྲུང་དབྱང་སྒྲིག་ཨུས《ཀྲུང་གོའི་སྒྲིག་བཤེར་རྟོག་ཞིབ་ཚགས་པར》གྱི་རྩོམ་ཡིག་བརྒྱུད་འགོད་ཀྱིས་སྐད་དོན། རུལ་རྒོལ་ནི་དྲག་པོའི་གཡུལ་འཐབ་ཅིག་ཡིན་ཞིང་། དེའི་ཁྲོད་གདུལ་བྱར་བཙན་ས་གོམ་གང་དང་། གཏུམ་པོ་མི་གཅིག་མེད་པའི་བར་དུ་འཐབ་རྩོད་མཐར་ཆོད་དགོས་ཞེས་སོ། །
རྩོམ་ཡིག་ཏུ། མིག་སྔར་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་རྒོལ་འཐབ་རྩོད་ཀྱི་གནས་སྟངས་སྔར་བཞིན་ཛ་དྲག་ཡིན་ཞིང་། མཐའ་གཅིག་ཏུ་རུལ་སུངས་མི་ཕོད་མི་ནུས་མི་འདོད་པ་ཞིག་མངོན་གྱུར་བྱ་རྒྱུར་ད་དུང་རྔོ་ཐོགས་མེད་པས། གནད་འགག་གི་གནས་སྐབས་འདིར། ལོག་པ་རྩ་ཡན་གཅིག་ཀྱང་སྐྱེ་རུ་འཇུག་མི་རུང་ཕྱིར། ངེས་པར་མ་མཐུད་དུ་རུལ་སུངས་ཀྱི་ཁྲིམས་ཆད་ཇེ་ནན་ཇེ་དྲག་ཏུ་བཏང་སྟེ། ཆད་པས་ལོག་པ་བཀག་ནས། དམིགས་ཡུལ་ཆེ་ཆུང་སུ་ལ་ཡང་ལྟོས་པ་མེད་པར། རུལ་སུངས་ཐར་ལམ་མེད་པའི་དཀན་གཟན་དང་གཅོང་རོང་དུ་བསྐྲད་དགོས།
ཡང་རྩོམ་ཡིག་ཁྲོད་ནན་གྱིས་བརྣན་དོན། རུལ་སུངས་ཀྱི་ཁྲིམས་ཆད་ཇེ་ནན་ཇེ་དྲག་ཏུ་བཏང་བར། གཙོ་སྙིང་འབུར་དུ་ཐོན་པར་བྱས་ནས། སྲོག་རྩར་བསྣུན་དགོས་ཤིང་། ཞིབ་ནན་སྒོས་ལས་ཁུངས་མགོ་ཁྲིད་དང་ལས་གནས་གནད་ཅན་གྱི་མགོ་ཁྲིད་ཀྱིས། བཟོ་ལས་འཛུགས་སྐྲུན་ལ་ལག་བསྲིངས་པ་དང་། ས་ཚོང་བྱེད་པ། རྒྱལ་ཁབ་ཀྱི་རྒྱུ་རྫས་ཁྱུར་མིད་བྱས་ནས། དཔོན་ཉོ་དཔོན་ཚོང་དང་། དབང་བཀོལ་སྒེར་གཉེར། རུལ་སུངས་ངན་རེངས། ལས་གཡོལ་འགན་བྱོལ་སོགས་ཐག་བཅད་ནས། ཆབ་སྲིད་སྒྲིག་ལམ་དང་རྩ་འཛུགས་སྒྲིག་ལམ་ལ་འགལ་མིན་ཡང་སྙིང་དུ་བཟུང་སྟེ། གསུག་རྔན་ལྐོག་སྤོར་དང་། བདེན་དཔང་མེད་བརླག འབྲེལ་ངན་བཙུགས་ནས་ཞིབ་བཤེར་ལ་བར་ཆད་བཟོ་བར། སྒྲིག་ལམ་ལྟར་ཐག་གཅོད་ནན་མོ་བྱ་རྒྱུ་དོན་རྩར་གཟུང་དགོས།
དུས་མཚུངས་སུ། དོན་རྐྱེན་ཁུངས་སྣེ་ལ་དོ་དམ་ནན་མོ་བྱས་ནས་མགྱོགས་མྱུར་ངང་གནད་དོན་རྙེད་ཅིང་ཐག་བཅད་དེ། ལྟ་རྟོག་ཞིབ་བཤེར་གྱི་སྤུས་ཚད་མཐོར་འདེགས་དང་། ལས་ཆོད་ཇེ་མཐོར་གཏང་དགོས། མེ་ཆུང་དུས་ནས་གཞིལ་བ་ལྟར། གནད་དོན་ལ་དབྱེ་ཞིབ་གནད་ཐིངས་པ་བྱས་ཏེ། སྒྲིག་བཤེར་གྱི་རྔམ་ཟིལ་ཇེ་ཆེ་དང་རུལ་སུངས་ཀྱི་རྩ་བ་གཞོམ་དགོས།(རྩོམ་འགན་པ། རྟ་མགྲིན)