ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

“འཐེན་ཐུག་དཔལ་འབྱོར”གྱིས་མཚོ་སྔོན་གྱི་མང་ཚོགས་ཁྲི 15 ཙམ་ཕྱུག་པོར་གྱུར།

2015-02-03
  འཐེན་ཐུག་ལས་མཚོ་སྔོན་གྱི་མང་ཚོགས་ཁྲི 15 ཙམ་ཕྱུག་པོར་གྱུར་པ། ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ 1 ཚེས 29 ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། གྲོལ་མ་ཐག་པའི་མཚོ་སྔོན་ཞིང་ཆེན་གྱི“ཚོགས་འདུ་གཉིས”ནས་གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་མཚོ་སྔོན་གྱི“འཐེན་ཐུག་དཔལ་འབྱོར”གྱི་ལས་གཉེར་བྱེད་མཁན་ཁྲི 14.7 ཡོད་པ་དང་། རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཆེ་འབྲིང 270 ལྷག་ཙམ་ལ་འཐེན་ཐུག་ཟ་ཁང་ཁྲི 2.12 ཟིན་པར་ལོར་ཁེ་སྤོགས་སྒོར་དུང་ཕྱུར་60ལས་བརྒལ་ཡོད་པ་རེད།
  འཐེན་ཐུག་ནི་ནུབ་བྱང་མང་ཚོགས་ཀྱི་ལྟོ་ཆས་གཙོ་བོའི་གྲས་ཤིག་ཡིན། དུས་རབས་གོང་མའི་ལོ་རབས 80 པའི་ནང་མཚོ་སྔོན་ཞིང་ཆེན་བ་ཡན་ཧུའེ་རིགས་རང་སྐྱོང་རྫོང་གི་ཞིང་པ་ཧན་ཅིན་ལུའུ་དང་ཧན་ཏུང་སོགས་མཚོ་སྔོན་ཞིང་པས་ཕུའུ་ཅན་སོགས་མཚོ་རྒྱུད་གྲོང་ཁྱེར་ལ་སྔ་རྗེས་སུ་འཐེན་ཐུག་ཟ་ཁང་ཐོག་མར་བཙུགས།
  “དེ་དུས་ཟ་ཁང་སྨི་ངོས་གྲུ་བཅུ་གྲངས་ལས་མེད་པ་དང་ལྟོ་གོས་འཕྱིད་ཙམ་བྱུང་རྗེས་འཐེན་ཐུག་ཟ་ཁང་གི་གཞི་ཁྱོན་ཆེ་རུ་བཏང་ནས་ཡན་ལག་ཟ་ཁང་མང་པོ་བཙུགས་ཏེ་ཕ་ཡུལ་ནས་གཉེན་གྲོགས་མང་པོ་རོགས་པར་སྐད་བཏང་བ་ཡིན། དེ་ལྟ་བུའི་ངང་ཕ་ཡུལ་གཅིག་པ་མང་པོ་དབུལ་པོའི་གནས་ལས་སྒྲོལ་བར་སྣེ་ཁྲིད་བྱས་པ་ཡིན”ཞེས་ད་ཆ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཧན་ཏུང་གིས་ཕྱིར་དྲན་བྱེད་བཞིན་བཤད།
  “འཐེན་ཐུག་དཔལ་འབྱོར”འཕེལ་རྒྱས་གཏོང་ཆེད་མཚོ་སྔོན་གྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར 60 ཙམ་ལ་དོན་གཅོད་ཁང་བཙུགས་ནས་ས་གནས་དེ་གར་ཟ་ཁང་བཙུགས་པའི་མཚོ་སྔོན་བར་བློ་འདྲི་བྱེད་པའི་ཁར་ཁོང་ཚོར《ངལ་ནུས་འདོན་པའི་ལག་ཁྱེར》གཉེར་རོགས་བྱས་ཤིང་། ལས་མིའི་ལག་ཁྱེར་དེའི་མདུན་ཤོག་ལ་འཐེན་ཐུག་གི་བྱུང་བ་བཀོད་ལ་རྒྱབ་ཏུ་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། དམངས་སྲིད། སྤྱི་བདེ་སོགས་ཚན་པའི་ཐམ་ག་དང་ཞིབ་དཔྱད་བསམ་འཆར་ཡང་བཀོད་ཡོད།
  ལས་གཉེར་གྱི་གཞི་ཁྱོན་ཆེ་རུ་སོང་བ་དང་སྦྲགས་ཉེ་བའི་ལོ་ཤས་ནང་མཚོ་སྔོན་གྱི་འཐེན་ཐུག་དེ་ཐོན་ལས་དང་སྤུས་རྟགས་སུ་འགྱུར་ནས་བ་ཡན་ཁོ་ནར་ཞིང་ཆེན་གཞན་ལ་ཐོ་འགོད་བྱས་པ 40 ལྷག་ཙམ་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག