ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ཀྱི་ཁེ་ལས་དྲ་བའི་ཐོག་མ་ནོར་བུ་བཟང་བོ།

2015-01-06 ནོར་བུ་བཟང་བོ།

  གངས་ལྗོངས་དྲ་ཐོག་ཚོང་རྫས་སྤྱི་འདུས་ཁྲོམ་ཆེན“ནོར་བུ་བཟང་པོ་དྲ་བ”ནི་ཀན་ལྷོའི་ནོར་བུ་བཟང་པོ་དྲ་ཐོག་ཚོང་དོན་སྒོ་འབྱེད་ཚད་ཡོད་འགན་འཁྲི་ཀུང་ཟིས་སྤྱི་ལོ ༢༠༡༢ ལོའི་ལོ་མཇུག་ནས་ལས་གཞི་འགོ་བརྩམས་ཞིང་སྤྱི་ལོ ༢༠༡༤ ལོའི་ཟླ་བརྒྱད་པར་རྒྱལ་ཁབ་ཀྱི་ཁྲིམས་བསྟུན་ཆོག་མཆན་ཡོངས་སུ་ཐོབ་རྗེས་ད་གཟོད་ཤར་གཏོང་བྱས་པའི་བོད་ནང་གི་དྲ་ཐོག་ཚོང་རྫས་སྤྱི་འདུས་དྲ་བ་ཐོག་མར་གྱུར་ཡོད།

  དྲ་བ་འདིས་སྣ་མང་ཕུན་སུམ་ཚོགས་པའི་བོད་ཀྱི་ཐོན་རྫས་དག་རྒྱལ་ཡོངས་སུ་འགྲེམ་སྤེལ་བྱ་རྒྱུའི་ལོ་རྒྱུས་ཀྱི་ལས་འགན་ལྕི་མོ་དེ་ཁུར་ཡོད་པ་མ་ཟད། བོད་ཀྱི་སྲོལ་རྒྱུན་ཚོང་ལས་ལ་རྒྱལ་སྤྱིའི་དྲ་ཐོག་ཉོ་འཚོང་དུས་རླབས་ཀྱིས་ཕུད་འདེད་གཏོང་བར་ཉེན་ཁ་ལྡོག་པའི་ཐབས་ཇུས་སུའང་ལངས་ཡོད།
  བསྟན་པའི་སྦྱིན་བདག་ཆེན་པོ་ཚོང་དཔོན་ནོར་བུ་བཟང་པོའི་མཚན་མིང་དེ་ཁེ་ལས་ཀྱི་རིག་གནས་རྒྱབ་ལྗོངས་དང་། བསྟན་འགྲོར་སྨན་པའི་སེམས་བྱུང་དེ་ཁེ་ལས་རང་རང་གི་ཁེ་དོན་ཞེ་སྤུས་ལ་གཞིར་བྱས་པའི་མི་རིགས་དྲ་ཐོག་ཁེ་ལས་འདིས་བོད་ཀྱི་ཕུལ་བྱུང་བཟོ་གྲྭ་དང་ཐོན་རྫས་དག་མའི་ཁེ་ལས་དག་ལ་རང་གི་ཐོན་རྫས་དྲ་བ་འདི་བརྒྱུད་ནས་རྒྱལ་ཡོངས་སུ་འགྲེམ་སྤེལ་ཐུབ་པའི་ལྡིངས་ཆ་ལེགས་པོ་ཞིག་བསྐྲུན་ཡོད་པས། ཁེ་ལས་ཚོང་དཔོན་དག་དྲ་བ་འདིར་མཉམ་གཤིབ་ཡོངས་བའི་རེ་བའང་བཅངས་ཡོད།
  མིག་སྔར་རྒྱལ་ནང་གི་མི་རིགས་རང་རྐྱ་བའི་ཐོན་རྫས་དང་མི་རིགས་ཁེ་ལས་པ་མཉམ་ཞུགས་བྱེད་པ་ཆེས་མང་བའི་ནོར་བུ་བཟང་པོ་དྲ་བས་སྲོལ་རྒྱུན་གྱི་སྲང་ལམ་ནང་གི་གཏན་ཁེལ་མི་གྲངས་ཀྱི་མཛད་སྤྱོད་འཁོར་རྒྱ་ལས་ཡོངས་སུ་བརྒལ་ཏེ། ཞིང་ཆེན་ཕྱི་ནང་དང་རྒྱལ་ཡོངས་ཀྱི་མཛད་སྤྱོད་པར་ཆེས་མྱུར་བ་དང་ཆེར་སྟབས་བདེ་བའི་ཐབས་ཀྱིས་ཚོང་དཔོན་དག་གི་ཐོན་རྫས་ངོ་སྤྲོད་དང་བརྗེ་རེས་ཐུབ་པ་བྱས་ཡོད།

  ནོར་བུ་བཟང་བོ་ཞེས་པའི་ཚོང་ལས་ལྡིངས་ཆ་འདིར་ད་སྔ་ཡུལ་ཐོན་དངོས་རྫས་དང་མི་རིགས་གྱོན་ཆས། ལུས་གསོ་སྨན་རྫས། ལྷ་ཅ་མཆོད་ཆ། མ་བཅོས་རྒྱུ་ཆ། བོད་ལུགས་ཁྱིམ་ཆས། ཡུལ་སྐོར་མཁོ་དངོས་དང་ལག་བཟོས་ཐོན་རྫས་སོགས་ས་མིག་བཅུ་དྲུག་ལ་བགོས་ཡོད་པས། ཉོ་མཁན་གྱི་ཆ་ནས་དཀར་ཆགས་གསལ་བ་དང་། ཁེ་ལས་ལ་མཚོན་ན་རིགས་མི་འདྲ་བའི་ཐོན་རྫས་མཛད་སྤྱོད་པར་མངོན་ཐུབ་པ་བྱས་ཡོད། ད་སྔ་ནོར་བུ་བཟང་པོར་མི་རིགས་ཁེ་ལས་པ༧༨ལྷག་གི་ཚོང་རྫས་མི་འདྲ་བ༢༧༨༣ལྷག་གི་ཆིངས་ཡིག་བཞག་ཡོད་ལ། མ་འོངས་པར་དེ་ལས་ལྷག་པའི་མི་རིགས་ཀྱི་གསར་ཐོན་དངོས་རྫས་དག་དུས་ཐུང་ནང་ང་ཚོར་མཉམ་འབྲེལ་ཡོང་རེ་ཡོད།
  མིག་སྔར་ནོར་བུ་བཟང་དྲ་ཚིགས་ཀྱིས་ཆེད་ལས་མི་སྣ་དགུ་དང་ཚོང་དོན་ཞབས་ཞུ་བ་མི་བཅུ། གཞུང་འབྲེལ་གནང་མཁན་མི་གསུམ། ཐོན་རྫས་མཛེས་བཟོ་བ་མི་བདུན། དེ་མིན་གཞན་པའི་ལས་ཞབས་པ་བཅས་ལས་བཟོ་བ་སུམ་བཅུ་ལྷག་བསྡུས་ནས་དྲ་ཚིགས་ཀྱི་སྒྲིག་གཞིའི་མ་ལག་ཡོད་ཚད་གསར་དུ་འབྲི་བཟོ་བྱེད་བཞིན་འདུག དྲ་ཚིགས་འདིས་རྗེས་ཕྱོགས་མུ་ནས་མི་རིགས་ཚོང་རྫས་འཁོར་རྒྱུགས་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་རང་མི་རིགས་ཀྱི་ཁེ་ལས་པ་དག་གི་ཚོང་ལས་ལ་གསོན་ཤུགས་བསྐྲུན་ཐུབ་པར་ཡིད་ཆེས་ཆེན་པོ་ཡོད།
  དེ་བས་རྗེས་ཕྱོགས་རྒྱ་ཆེའི་ཤེས་ལྡན་པ་ཡོངས་ཀྱིས་སྣེ་ཁྲིད་དེ། འཁོས་ཞན་ཉམ་ཐག་གི་མི་རིགས་ཚོང་ལས་ལ་ཕྱོགས་པའི་ནོར་བུ་བཟང་པོའི་དྲ་ཚིགས་ལ་རྒྱབ་སྐྱོར་བྱ་བའི་རེ་བ་དང་བཅས། ནོར་བུ་བཟང་བོའི་དྲ་ཐོག་ནས་ཁྱེད་ཅག་ལ་མཁོ་བའི་བོད་པའི་ཚོང་རྫས་དེ་ཉོ་ཐུབ་པའི་བཀྲ་ཤིས་སྨོན་འདུན་ཞུ་བ་ལགས།
དྲ་གནས།www.zangbaowang.com
ཡིག་ཟམ།zangboo@126.com
ཁ་པར།4006277726
(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག