ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མིའི་བཤང་གཅི་འབར་རྫས་སུ་བཀོལ་བའི་སྤྱི་སྤྱོད་མོ་ཊ་ཐོག་མ་དབྱིན་ཇིར་བྱུང་།

2014-11-27 བཀྲ་འདུལ།

   ཟླ ༡༡ པའི་ཚེས ༡༩ ཉིན་དབྱིན་ཇིའི《ཉིན་རེའི་སྦྲག་ཚགས》སུ་བཀོད་པ་ལྟར་ན། དབྱིན་ཇིའི་སྐྱེ་ཁམས་མོ་ཊ་ཐོག་མ Bio-Busཉེ་ཆར་ལམ་ལ་ཞུགས་ཏེ།  པ་སི(Buth)ནས་པུའུ་ལི་སུ་ཐོ་ཨེར(Bristol)གནམ་གྲུ་འབབ་ཚིགས་བར་ཐོག་དང་པོར་བསྐྱོད་པ་དང་།  བར་ཐག་ཕལ་ཆེར་སྤྱི་ལེ ༣༢ ཡོད། སྐྱེ་ཁམས་སྤྱི་སྤྱོད་མོ་ཊ་དེ་རིགས་ནི་མིའི་རིགས་ཀྱི་བཤང་གཅི་དང་ཡང་ན་ཟས་སྙིགས་སོགས་ལས་ཐོན་པའི་ན་རླུང(甲烷)འབར་རྫས་བྱས་ཡོད་པས། དབྱིན་ཇི་རྒྱལ་ཁབ་ཀྱི་མཁའ་དབུགས་སྤུས་ཚད་ཡག་ཏུ་འགྲོ་ངེས་རེད་ཅེས་བརྗོད་ཀྱི་འདུག
   Bio-Busསྤྱི་སྤྱོད་མོ་ཊ་ལ་འདུག་སྟེགས་བཞི་བཅུ་ཡོད་ཅིང་། རྫ་མ་གཅིག་གི་འབར་རྫས་ཤོང་ཚད་ནི་མི་ལྔའི་ལོ་གཅིག་རིང་གི་བཤང་གཅི་ལས་ཐོན་པའི་ན་རླུང་དང་འདྲ་བས། Bil-Bus སྤྱི་ལེ ༣༠༥ རིང་འཁོར་སྐྱོད་བྱེད་ཐུབ་ཀྱི་ཡོད།  སྤྱི་སྤྱོད་མོ་ཊ་དེར་ད་ལྟ་བཀོལ་བཞིན་པའི་ན་རླུང་ཝའེ་སའེ་ཁོ་སི་ནུས་ཁུངས་སྤྱི་གཉེར་ཁངGENeco ཡིས་བཙོང་བཞིན་པའི་བཙོག་ཆུ་གཙང་བསྒྱུར་བཟོ་གྲྭ་ནས་ཐོན་པ་ཡིན། 
   ཀུང་ཟི་དེའི་འགན་ཁུར་པ་གཙོ་བོ་མུའུ་ཧན་མོ་ཏི་ས་ཏེའུ་ཆི(Mohammed Saddi)ཡིས། "ན་རླུང་འབར་རྫས་བྱས་པའི་མོ་ཊས་དབྱིན་ཇིའི་གྲོང་ཁྱེར་གྱི་མཁའ་དབུགས་སྤུས་ཚད་ཇེ་ལེགས་གཏོང་བའི་ཐད་ནས་ནུས་པ་གལ་ཆེན་འདོན་ཐུབ་པ་མ་ཟད། མིའི་རིགས་ཀྱི་བཤང་གཅི་ཡི་རིན་ཐང་ཡང་མངོན་ཡོད། འོན་ཀྱང Bil-Bus ལ་ད་དུང་། ས་གནས་དེ་གའི་མིའམ་ཐ་ན་ལམ་མགྲོན་ཚོའི་བཤང་གཅི་ཡིས་སྒུལ་ཤུགས་བྱས་ཀྱང་ཆོག"ཅེས་བརྗོད།
   སྤྱི་སྤྱོད་མོ་ཊ་སྟེང་གི་མི་གྲངས ༤༠ ཡི་ལོ་རེའི་བཤང་གཅི་ལས་ཐོན་པའི་འབར་རྫས་ལ་བརྟེན་ནས། Bil-Bus སྤྱི་སྤྱོད་མོ་ཊ་དབྱིན་ཀུ་ལན་ལྷོ་ཕྱོགས་ཀྱི་ལ་ཙི་ཅོ (Land's End)ནས་སུའུ་ཀུ་ལན་གྱི་སྐམ་སའི་ཆེས་བྱང་སྣེའི་ཐེན་ཡ་ཧའེ་ཅོ(John O'Groats)བར་སྐྱོད་ཆོག་ལ། འབག་བཙོག་ཕྱིར་འབུད་ཚད་ནི་ཁྲའེ་ཡིའུ་ལས་ཀྱང་ཉུང་བ་རེད།     

   དབྱིན་ཇིའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་རྩ་འཛུགས་ཀྱི་དབྱང་རླུང་བྲལ་བའི་ཟས་འཇུ་དང་སྐྱེ་དངོས་ཐོན་ཁུངས་མཐུན་ཚོགས(ADBA)ཀྱི་ལག་བསྟར་ལས་འཛིན་ཞ་ལོ་ཐི་མོ་ཏུན(Charlotte Morton)གྱིས་སྨྲས་དོན། "BioBus ཡིས་མིའི་རིགས་ཀྱི་བཤང་གཅི་དང་ང་ཚོས་གཡུག་པའི་ཟས་རིགས་ཀྱི་སྙིགས་རོའང་ཐོན་ཁུངས་རྩ་ཆེན་ཡིན་པ་བདེན་དཔང་བྱས་ཡོད། མིའི་རིགས་ཀྱི་ཟས་སུ་སྤྱོད་བྱེད་པར་མི་འཚམ་པ་དག་རིགས་ཕྱེ་ནས་ཉར་ཚགས་བྱེད་པ་དང་། དབྱང་བྲལ་བའི་ཟས་འཇུ་ཕྱིར་བསྡུ་བྱེད་པར་བརྟེན་ནས་ཁོར་ཡུག་གནོད་མེད་རླངས་གཟུགས་དང་སྐྱེ་དངོས་རྫས་འགྱུར་ལུད་རྫས་སུ་བསྒྱུར་ཆོག་ལ། དེ་དག་གད་སྙིགས་འཕོ་སར་གནོན་པའམ་མེ་སྲེག་དགོས་དོན་མེད"ཅེས་བརྗོད་བྱུང་།
   GENecoཡིས་རྒྱལ་ཡོངས་ཀྱི་བསྡུ་ཉོ་ས་ཚིགས་ལ་བརྟེན་ནས། ཐད་ཀར་ཁྱིམ་ཚང ༨༣༠༠ ཡི་མིའི་རིགས་ཀྱི་བཤང་གཅི་བསྡུས་ཏེ་རླངས་གཟུགས་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད། 
   དབྱིན་ཇི་རྒྱལ་ཁབ་ཀྱི་མིའི་བཤང་གཅི་འབར་རྫས་སུ་བཀོལ་བའི་སྐྱེ་ཁམས་སྤྱི་སྤྱོད་མོ་ཊ་ཐོག་མ་ལམ་ལ་ཞུགས་ཡོད། གསར་སྤེལ་མཁན་གྱིས། སྐྱེ་ཁམས་སྲུང་སྐྱོང་གི་སྤྱི་སྤྱོད་མོ་ཊ་དེ་རིགས་ཀྱིས་དབྱིན་ཇིའི་མཁའ་དབུགས་སྤུས་ཚད་ཇེ་ལེགས་སུ་བསྒྱུར་སྲིད་ཅེས་བཤད།


Bio-Busནི་པ་ས་ནས་པུའུ་ལི་ས་ཐོ་ཨེར་གནམ་གྲུ་འབབ་ཚིགས་བར་དུ་ཐོག་དང་པོར་བགྲོད་ལ། སྤྱིའི་ལམ་ཐག་རིང་ཚད་སྤྱི་ལེ ༣༢ ཡོད། 

སྐྱེ་དངོས་འབར་རྫས་ཐོག་མར་འདོན་མཁན་གྱིས། Bio-Bus ཡིས་ཟླ་བ་རེར་སྐུ་མགྲོན་ཁྲི ༡ སྐྱེལ་འདྲེན་ཐུབ་པས། མིའི་རིགས་ཀྱི་བཤང་གཅི་གི་རིན་ཐང་མངོན་ཡོད་པ་དང་། མ་འོངས་པར་སྤྱི་པའི་འགྲིམ་འགྲུལ་རྒྱུན་མཐུད་ངང་འཕེལ་རྒྱས་ཐུབ་པ་རེད་ཅེས་བཤད། 

སྤྱི་སྤྱོད་མོ་ཊ་ཐོག་གི་མི་གྲངས ༤༠ ཡི་ལོ་རེའི་བཤང་གཅི་ལས་ཐོན་པའི་འབར་རྫས་ཀྱི་འབག་བཙོག་ཕྱུར་འབུད་ཚད་ཁྲའེ་ཡིའུ་སྣུམ་ལས་ཀྱང་ཉུང་།

(རྩོམ་འགན་པ། རྟ་མགྲིན)
 
འབྲེལ་ཡོད་རྩོམ་ཡིག