ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་ཀུང་ཟི་ཞིག་གིས་མཁའ་དུར་གྱི་སྒོ་ཕྱེས། དུར་ཐལ་སྟོང་ཁམས་ནས་གཏོར་ཆོག

2014-12-22 དབང་འབུམ།

ཉིན་རེའི་སྦྲག་ཚགས་ཚེས༡༢གྱི་གསར་འགྱུར་ལྟར་ན།  ཨ་རིའི་ཀུང་ཟི་ཞིག་གིས་ཚེ་འདས་ཀྱི་རུས་ཐལ་མཁའ་དབྱིངས་ནས་ས་གོ་ལའི་ཕྱོགས་སུ་གཏོར་ཐུབ་པའི་སྤུར་བྱ་ཞིག་བཟོས་འདུག་ཟེར། སྤུར་བྱ་དེས་ཚེ་འདས་ཀྱི་རུས་ཐལ་ཁྱེར་ནས་མཁའ་དབྱིངས་སུ་སྐྱོད་དེ་སའི་གོ་ལའི་རླངས་རིམ་གྱི་ཡན་ལ་ཐོན་རྗེས་ཕྱིར་སའི་གོ་ལའི་ཕྱོགས་སུ་རུས་ཐལ་གཏོར་ཐུབ་པ་དང་། རུས་ཐལ་གཏོར་བའི་སྐབས་བརྙན་མིག་གིས་རུས་ཐལ་སའི་གོ་ལའི་ཕྱོགས་སུ་འཐོར་བའི་རྣམ་པ་མཐོང་ཐུབ་ཅིང་། པར་གཟུགས་ལས་སའི་གོ་ལའི་ཟླུམ་གཟུགས་ཀྱི་དབྱིབས་ཀྱང་གསལ་བོར་མངོན་ཐུབ་ཟེར། 

མེ་ཟོ་ལོ་ཧྥེ་ཐུ་ཟེར་བའི་ཀུང་ཟི་འདི་ནི་ཨ་རིའི་ཁིན་ཐི་ཁིའི་མངའ་སྡེ་ཡི་ལེ་ཁི་སིན་ཏོན་གྲོང་ཁྱེར་དུ་ཡོད།  མེ་ཟོ་ལོ་ཧྥེ་ཐུ་ཀུང་ཟིས་ཟུར་དྲུག་ལྟེབ་མའི་རུས་ཐལ་གྱི་སྒམ་གྱི་ནང་དུ་མཁའ་སྐྱོད་དབུགས་ལྒང་བཞག་སྟེ་རུས་ཐལ་མཁའ་དབྱིངས་སུ་འཁྱེར་ཞིང་། འགུལ་སྐྱོད་དང་བསྟུན་པའི་བརྙན་ཆས་ཤིག་གིས་ས་ངོས་ལས་མཐོ་ཚད་སྨི༢༢༨༦༠ཡི་མཁའ་དབྱིངས་ནས་རུས་ཐལ་ཕྱིར་སའི་གོ་ལའི་ཕྱོགས་སུ་གཏོར་བའི་སྐད་ཅིག་མ་དེ་ཚེ་འདས་ཀྱི་ཉེ་མི་དག་གིས་ཀྱང་མཐོང་ཐུབ། 

མཁའ་སྐྱོད་དབུགས་ལྒང་མཁའ་དབྱིངས་སུ་ཚད་ངེས་ཅན་ཞིག་ལ་སླེབས་རྗེས་མཁའ་དབུགས་སྟོང་ཞིང་སའི་འཐེན་ཤུགས་ཀྱི་དབང་གིས་རུས་ཐལ་སྒམ་གྱི་འོག་སྒོ་དེ་རང་ཤུགས་ཀྱི་ཕྱེས་ཏེ་རུས་ཐལ་གཏོར་བ་ཡིན། 

ཚན་རིག་པ་དག་གིས་རུས་ཐལ་གཏོར་བ་ན་དུས་ཡུན་ཅི་ཙམ་གྱི་རིང་ལ་འབྱུང་བར་ཐིམ་པ་ད་དུང་མི་ཤེས་པས། ང་ཚོས་སྔོན་ལ་སོལ་བ་ཁྱེར་ནས་ཚོད་ལྟ་བྱས། སོལ་བ་དེ་དག་མཁའ་དབྱིངས་སུ་ཐུར་དུ་གཏོར་བ་ན་ཟླ་འགའ་རེ་ལ་མཁའ་དབྱིངས་སུ་སྐྱོད་དེ་གཞི་ནས་ས་ངོས་སུ་འབབ་པ་རེད། དེ་བས་རུས་ཐལ་ཡང་ཟླ་འགའ་རེ་ལ་མཁའ་དབྱིངས་སུ་སྐྱོད་ནས་དེའི་རྗེས་སུ་ཆར་དང་ཁ་བའི་ཚུལ་གྱིས་ས་ངོས་སུ་ལྷུང་ངེས། 

མེ་ཟོ་ལོ་ཧྥེ་ཐུ་ཀུང་ཟིས་ཐོག་མར་ཨུན་དྷི་ཨན་ན་མངའ་སྡེ་དང་། ཁི་ལོ་ལ་དོ་མངའ་སྡེ། མོ་སི་ཁོ་གསར་བ་མངའ་སྡེ་སོགས་སུ་འགོ་བརྩམས་ཏེ་ཚེ་འདས་ཀྱི་རུས་ཐལ་མཁའ་དབྱིངས་སུ་བསྐྱལ། རུས་ཐལ་ཐེངས་རེ་བསྐྱལ་ན་རིན་གོང་ཨ་སྒོར༢༨༠༠ཡི་འགྲོ་སོང་གཏོང་དགོས།  ཁོང་ཚོས་རྗེས་ནས་འཛམ་གླིང་ས་ཆ་སོ་སོ་ནས་ཀྱང་ལག་བསྟར་བྱེད་རྒྱུ་ཡིན་ཟེར། ཡིན་ཡང་འགྲོ་སོང་གི་ཐད་ས་ཆ་གང་ཡིན་ཡང་ཨ་སྒོར༧༥༠༠གཏོང་དགོས་ཟེར། 

ལས་མིས་གློག་ཀླད་ཀྱིས་མཁའ་སྤྱོད་དབུགས་ལྒང་གི་རྗེས་འདེད་ཀྱིན་པའི་པར། 
 (རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག