ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཤང་ཀང་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲོའུ་ཡུང་ཁང་ཉེན་རྟོག་པས་འཛིན་བཟུང་བྱས་འདུག

2014-12-12 སྒྲོལ་ཚེ།
  ཤང་ཀང་བརྙན་འཕྲིན་ཁང་ནས་བཏང་བའི་གནས་ཚུལ་ལྟར་ན། ཉེན་རྟོག་པས་ཟླ ༡༢ པའི་ཚེས༡༡ ཉིན་གྱི་ས་སྲོད་ཀྱི་དུས་ནས་བཟུང་ཅིན་ཀྲུང་བཙན་བཟུང་ཁུལ་གྱི་འཛིན་བཟུང་གི་ལས་ཚད་ཇེ་མགྱོགས་སུ་བཏང་བ་དང་། དགོང་མོའི་ཆུ་ཚོད ༩ པའི་སྐབས་སུ། སློབ་མའི་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲོའུ་ཡུང་ཁང་འཛིན་བཟུང་བྱས་འདུག
  ཉེན་རྟོག་པས་ས་སྲོད་དུས་ནས་བཟུང་འཛིན་བཟུང་གི་ལས་ཚད་ཇེ་མགྱོགས་སུ་བཏང་བ་དང་། དགོང་མོའི་ཆུ་ཚོད ༩ པའི་དུས་སུ་སར་ཙོག་སྡོད་བྱས་པའི་མི་རྣམས་ཉེན་རྟོག་པས་རེ་རེ་བཞིན་འཛིན་བཟུང་བྱས། སློབ་མའི་ལྷན་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀྲོའུ་ཡུང་ཁང་དང་། བཟོ་ཏང་གི་ཁྲིམས་འཛུགས་ཚོགས་པའི་གྲོས་མི་ལི་ཀྲོ་རིན་སོགས་འཛིན་བཟུང་བྱས། འཛིན་བཟུང་བྱས་པའི་མི་རྣམས་ཡུལ་སྐོར་རླངས་འཁོར་ཆེ་བའི་ནང་བཅུག་སྟེ་ཉེན་རྟོག་ཁང་དུ་ཁྲིད།
  སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲོའུ་ཡུང་ཁང་འཛིན་བཟུང་ཐེབས་པ།
  བཙན་བཟུང་ཁུལ་གཙང་འཕྱག་བྱེད་བཞིན་པ།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག