ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

དབྱིན་ཇིའི་ལོ ༣༩ ཅན་གྱི་བུད་མེད་ཀྱིས་བྱིས་པ ༡༨ པ་བཙའ་ལ་ཉེ།

2014-12-24 གནམ་ལྷ་ཡག
《ཉིན་རེའི་སྦྲག་ཚགས》སུ་བཀོད་དོན་ལ། དབྱིན་ཇིའི་ཁྱོ་ཤུག་གཉིས་ཀྱིས་ལོ ༢༥ རིང་བྱིས་པ ༡༧ བཙས་ནས། དབྱིན་ཇི་རྒྱལ་ཁབ་ཏུ་བཟའ་མི་མང་ཤོས་ཀྱི་ཁྱིམ་ཚང་དུ་གྱུར་ཡོད་པ་དང་། གནས་ཚུལ་འདི་ལ་དྲ་གྲོགས་མང་པོས་དོ་སྣང་དང་གླེང་བརྗོད་སྤེལ་འདུག ད་ལྟ་བཟའ་མི༡༧དེ་བཟའ་མི༡༨དུ་འགྱུར་ལ་ཉེ། པར་འདི་ནིRadfordཁྱོ་ཤུག་གཉིས་དང་ཕྲུ་གུ་ཚོ་རེད།

Radfordཁྱོ་ཤུག་གཉིས་ཀྱིས་ཁོ་ཚོར་དགའ་མཁན་གྱི་མི་གྲངས་ཁྲི༣ལ་མི་སེམས་སྒུལ་བའི་འཕྲིན་གསར་ཞིག་བསྒྲགས་པ་སྟེ། “མི་འགྱངས་པར་ཁོ་ཚོའི་བྱིས་པ༡༨པ་བཙའ་རྒྱུ་ཡིན”ཟེར། ཁྱོ་ཤུག་གཉིས་ལ་བཅར་འདྲི་བྱེད་དུས་སྨྲས་དོན། “ཁོ་ཚོས་ཕྲུ་གུ་དེ་བཙའ་བར་དགའ་སྣང་གིས་རེ་སྒུག་བྱེད་བཞིན་ཡོད་ལ། དེ་ནི་གནམ་གྱིས་གནང་བའི་གཅེས་ཕྲུག་ཡིན་པར་འདོད”ཟེར། པར་ནིRadfordཁྱོ་ཤུག་གཉིས་དང་ཁོ་ཚོའི་བྱིས་པ་རྣམས་ཡིན།

Radfordཁྱོ་ཤུག་གཉིས་ནི་ཆུང་འདྲིས་ཀྱི་བརྩེ་གྲོགས་ཡིན་ལ། Mrs.Radford ལོ ༡༤ ཡིན་དུས་ཁོ་གཉིས་ལ་བུ་ཕྲུག་དང་པོ Chris སྐྱེས་ཤིང་། དེ་ད་ལྟ་ལོ ༢༥ ལ་སོན་ཡོད། ད་ནི་ལོ ༣༩ ལ་སོན་པའི་ཆུང་མ་དང་ལོ ༤༣ ལ་སོན་པའི་ཁྱོ་ག་གཉིས་ཀྱིས་དབྱིན་ཇིའི་མའོ་ཁམ་བྷི་ཡི་ལན་ཀ་ཧྲེར་དུ་སོབ་གོར་བཙོང་ས་ཞིག་གཉེར་གྱིན་ཡོད་ལ་ཡོང་འབབ་ཤིན་ཏུ་བཟང་། རྒྱུན་ལྡན་གྱི་བྱིས་གཉོར་ཁ་གསབ་རོགས་དངུལ་དེ་མ་གཏོགས་སྲིད་གཞུང་གི་རོགས་དངུལ་སོགས་ཅི་ཡང་ལེན་བཞིན་མེད་པས། དེ་ནི་ཁོང་ཚོའི་གཟི་བརྗིད་ཅིག་ཏུ་བསམ་ཡོད།  པར་ནིRadfordཁྱོ་ཤུག་གཉིས་དང་ཕྲུ་གུ་ཚོའི་རྒྱུན་ལྡན་གྱི་འཚོ་བའི་རྣམ་པ་ཡིན།

ཡིན་ཡངMrs.Radfordལ་ཕྲུ་གུ ༡༨ པ་མ་སྦྲུམ་སྔོན་ལ། བྱིས་པ Alfie རྐྱེན་ལམ་དུ་ཤོར། Mrs.Radfordཡིས་བཤད་རྒྱུར། “བྱིས་པ་འདས་པའི་སྡུག་བསྔལ་གྱིས་ང་ལ་མནར་གཅོད་ཚད་མེད་ཐེབས། ཡིན་ཡང་ངས་རང་གི་སེམས་ཁམས་ལ་སྙོམས་སྒྲིག་ཅི་ཐུབ་བྱས་ནས། ཨ་མ་བཟང་པོ་ཞིག་བྱེད་པར་འབད་པ་བྱས་ལ། སྐབས་ལ་ལར་སེམས་ནས་སྡུག་བསྔལ་ཡོད་ནའང་གདོང་ནས་འཛུམ་བསྟན་པ་ཡིན”ཟེར། ཁོ་ཚོས་འཕྲིན་དེ་བསྒྲགས་པ་ན་དྲ་གྲོགས་མང་པོས་རྒྱབ་སྐྱོར་དང་རྟེན་འབྲེལ་ཞུས། དེའི་ཁྲོད་དྲ་གྲོགསGeraldine Evansཡིས་དེའི་ཐད་གླེང་བརྗོད་སྤེལ་དོན། “ཁྱེད་གཉིས་ཀྱི་སྟེང་དུ་སློབ་སྦྱོང་བྱེད་འོས་པ་མང་དུ་གདའ་སྟེ། དཔེར་ན། ཕ་མ་ཇི་ལྟར་བྱེད་དགོས་པ་དང་། ཁྱིམ་ཚང་ཇི་ལྟར་བསྐྱང་དགོས་པ་སོགས་རེད། བདག་གིས་སེམས་ཁོང་ནས་ཁྱེད་ཅག་ལ་རྟེན་འབྲེལ་ཞུ”ཞེས་ཟེར། པར་འདི་ནི༢༠༡༡ལོར། Radfordཁྱོ་ཤུག་དང་བྱིས་པ་ཚོ་ཁཱ་ན་རི་གླིང་ཚོམས་སུ་སྤྲོ་གསེང་བྱེད་དུས་རེད། 

བྱིས་པ་འདི་འདྲའི་མང་ཡང་ཁ་གསོ་ཐབས་ལ་སེམས་ཁུར་བྱེད་མི་དགོས་ཏེ། ཁོ་གཉིས་ཀྱིས་སོབ་གོར་བཙོང་ས་ཞིག་ཕྱེས་ཡོད་ཅིང་ཚོང་ཤིན་ཏུ་བྲིན་པས། བྱིས་གཉོར་གྱི་ཁ་གསབ་མ་དངུལ་དེ་ལས་སྲིད་གཞུང་རོགས་དངུལ་བརྟེན་གྱིན་མེད། དེ་ནི་ཁོ་གཉིས་ཀྱི་གཟི་བརྗིད་དུ་བསམ་ཡོད། 
འདི་ནིMrs.Radfordཁྱོ་ཤུག་དང་བུ་ཕྲུག་ཚོའི་སྡོད་གནས་རེད།
(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག