ལོ་འདི་འགའ་རིང་། ངས་མི་རིགས་གྲངས་ཉུང་གི་སྐད་ཡིག་བཅའ་ཁྲིམས་འཛུགས་པར་རྟག་པར་སྐུལ་གྱིན་ཡོད། དམིགས་ཡུལ་འདི་འགྲུབ་ཕྱིར་ཞིང་ཆེན་ཕྱི་རུ་བརྟག་དཔྱད་ཞིབ་འཇུག་དང་ཆེད་མཁས་མང་པོར་བློའང་དྲིས་མྱོང་། གྲོས་གཞི་ལོ་བསྟུད་མར་སྤྲོད་ཀྱིན་ཡོད། ཐབས་ཤེས་ཀྱང་མང་པོ་བཏང་། དཀའ་བའང་མང་པོར་གདོང་གཏད་པ་ཡིན། འབྲས་བུ་ཅུང་ཞིག་ལོན་བྱུང་སྟེ། ༢༠༡༠ ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཁང་གིས《མི་རིགས་གྲངས་ཉུང་གི་སྐད་ཡིག་དོ་དམ་ལས་དོན་ལེགས་པོར་བསྒྲུབ་དགོས་པའི་སྐོར་གྱི་བསམ་འཆར》བཏོན། ༢༠༡༣ ལོར། ཡུན་ནན་ཞིང་ཆེན་གྱི《མི་རིགས་གྲངས་ཉུང་གི་སྐད་ཡིག་ལས་དོན་སྲོལ་ཡིག》དེའང་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་།
ལོ་འདི་ཚོར་ངས་སྐད་ཡིག་གི་ཁྲིམས་འཛུགས་པར་སྐུལ་གྱི་ཡོད་དེ། རྟག་པར་ས་ཆ་གང་ལ་བརྟག་དཔྱད་དུ་ཕྱིན་ན། དེའི་མང་ཚོགས་ཀྱིས་ངའི་ལག་པ་ནས་འཇུས་ཏེ་སྨྲ་རྒྱུར། འཚོ་བ་མི་རིགས་རང་གི་སྐད་དང་ཡི་གེར་འབྲལ་ཐབས་མེད་ལ། ཚན་རྩལ་ཤེས་བྱ་སྦྱོང་བར་ཡང་མི་རིགས་རང་གི་སྐད་ཡིག་དགོས་གལ་ཆེ་ཟེར། དེ་ལ་དམིགས་ཡུལ་འདི་འགྲུབ་པའི་ཕྱིར། ཞིང་ཆེན་ཕྱི་རུ་བརྟག་དཔྱད་ཞིབ་འཇུག་དང་ཆེད་མཁས་མང་པོར་བློའང་དྲིས་མྱོང་། གྲོས་གཞི་ལོ་བསྟུད་མར་སྤྲོད་ཀྱིན་ཡོད། ཐབས་ཤེས་ཀྱང་མང་པོ་བཏང་། དཀའ་བའང་མང་པོར་གདོང་གཏད་པ་ཡིན།
ལས་ཁུངས་འགའ་ཞིག་གིས་ཁོ་བོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཡིན་པ་ཤེས་པས་ངའི་ལས་ཀ་ལ་རོགས་ཅི་ནུས་བྱེད། ལོ་འདི་ཤས་རིང་འབྲས་བུའང་ཅུང་ཟད་ལོན་བྱུང་།༢༠༡༠ ལོར་རྒྱལ་ཁབ་མི་རིགས་དོན་གཅོད་ཁང་གིས《མི་རིགས་གྲངས་ཉུང་གི་སྐད་ཡིག་དོ་དམ་ལས་དོན་ལེགས་པོར་བསྒྲུབ་དགོས་པའི་སྐོར་གྱི་བསམ་འཆར》བཏོན། ༢༠༡༣ ལོར། ཡུན་ནན་ཞིང་ཆེན་གྱི《མི་རིགས་གྲངས་ཉུང་གི་སྐད་ཡིག་ལས་དོན་སྲོལ་ཡིག》དེའང་ཡུན་ནན་ཞིང་ཆེན་དམངས་ཆེན་རྒྱུན་ཨུས་གྲོས་ཞིབ་བརྒྱུད་གྲོས་འཆམ་བྱུང་།
ང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་རེད། ཐོབ་ཐང་འདི་ཡོད་པས་མི་སེར་ལ་དོན་ཁ་ཡོད་ལག་ཡོད་རེ་བསྒྲུབ་ན་སྙམ།(རྩོམ་འགན་པ། རྟ་མགྲིན)