ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ཚན་རིག་པས་སྟེང་དུ་བརྐོས་རིས་ཡོད་པའི་ལོ་ཁྲི ༥༠ སྔོན་གྱི་འགྲོན་བུ་ཞིག་རྙེད་འདུག

2014-12-11 གཡང་སྒྲོལ་།
  ཀེར་ལངས་སྤྲ་མིས་རི་མོ་བརྐོས་ཡོད་པའི་འགྲོན་བུ།
 
  ཆེས་སྔ་བའི་དབྱིབས་རྩིས་སྒྱུ་རྩལ་ལ་ད་ནས་ལོ་ངོ་ཁྲི ༧ ནས ༡༠ ཡི་སྔོན་དུ་ཡར་འདེད་བྱས་ཆོག བརྩམས་ཆོས་འདི་དག་ནི་ཨ་ཧྥེ་རི་ཁ་ལྷོ་མའི་བྲག་ཁུང་གི་བྲག་རྡོའི་སྟེང་བརྐོས་ཡོད་པ་དང་། ཚན་རིག་པ་ལྟར་ན། ཤེས་བ་ཅན་གྱི་མི་དག་ནི་སྤྱི་མཚན་དང་བརྡ་རྟགས་ཀྱིས་གྲུབ་པའི་རྙོག་འཛིང་ལྡན་ཞིང་གཞན་དང་མི་མཐུན་པའི་ངོས་འཛིན་གྱི་བགྲོད་ལམ་ཞིག་ཏུ་བསྐྱོད་ཡོད་པ་མཚོན།
  དེ་ལྟར་ནའང་། གཟའ་འདིའི་གཟའ་ལྷག་པར། ཚན་རིག་པས་བརྐོས་རིས་ལ་དབྱེ་ཞིབ་བྱས་པ་བརྒྱུད། ད་བར་དུ་མ་མཐའ་ཡང་ལོ་ངོ་ཁྲི ༤༣ གྱི་ལོ་རྒྱུས་ལྡན་ཡོད་དེ། བརྐོས་རིས་འདི་ནི་ཧིན་རྡུ་ཉི་ཞི་ཡའི་མཚོ་འགྲམ་གང་ནས་བརྐོས་པ་ལས་མིའི་རིགས་ཀྱི་ཐོན་དངོས་ཤིག་མིན་པ་དང་། ཡང་ན། ཀུན་གྱི་ཤེས་གསལ་གྱི་མིའི་རིགས་འདིའི་རིག་པ་ལས་ཐོན་པ་ཞིག་མ་རེད་ཅེས་བསྒྲགས་བྱུང་།
  གནའ་བོའི་སྒྱུ་རྩལ་བརྩམས་ཆོས་དག་ནི་ཕལ་ཆེར་ང་ཚོའི་མེས་པོ་ཀེར་ལངས་སྤྲ་མི་དག་ལས་ཐོན་པ་ཞིག་སྟེ། ཁོ་ཚོའི་སྤུ་རྟིང་དང་སྨིན་མ་སྟུག་ཅིང་། སྔོན་ཆད་སུས་ཀྱང་ཀེར་ལངས་སྤྲ་མིར་དེ་འདྲའི་འཇོན་ཐང་ལྡན་པ་དྲན་མྱོང་མེད།
  གནའ་རྫས་རྟོག་ཞིབ་པJosephine Joordensགྱིས་ཤེས་པ་དེ་ཉིད་མིག་སྔའི་ཚོད་དཔག་ལས་སྔོན་དུ་ཕྱིན་པར་བཤད། ཧོ་ལན་ལེ་ཊོན་སློབ་ཆེན་གྱིJoordensདང་ཁོའི་ལས་གྲོགས་ཚོས་བརྩམས་ཆོས་དེ་གཟའ་ལྷག་པའི《རང་བྱུང》དུས་དེབ་སྟེང་བཀོད་འདུག
  འགྲོན་བུའི་གསང་པ།
 
  བརྐོས་རིས་འདི་ནི ༡༩༨༡ ལོར་གསར་དུ་ཐོན་ཞིང་། ཧོ་ལན་སློབ་ཆེན་གྱི་མིའི་རིགས་རིག་པའི་ཆེད་མཁསEuge'ne Duboisཡིས་ཉར་པའི་འགྱུར་རྡོའི་ཉར་དངོས་ཤིག་རེད། ཁོའི་ཉར་དངོས་ལ་ཀེར་ལངས་སྤྲ་མིའི་མ་དཔེ་ཡང་ཡོད་པ་དང་། དེརDuboisཡིས་ཀེར་ལངས་སྤྲ་མི(Pithecanthropus erectus)ཞེས་མིང་བཏགས་འདུག གདུང་རབས་ཧྲིལ་པོའི་ཁྲོད། ཀེར་ལངས་སྤྲ་མི་ཐོག་མར་ཧྥེ་གླིང་དང་རིང་དུ་གྱེས་པ་མ་ཟད་དེང་གི་ང་ཚོ་གཏོགས་པའི་མིའི་རིགས་འདིར་གྱུར་པ་རེད།
  ཡིན་ནའང་། Duboisཡིས་བརྐོས་རིས་ལ་ཞིབ་བརྗོད་ཅི་ཡང་བྱས་མི་འདུག ལོ་ངོ་བདུན་གྱི་ཡར་སྔོན་དུ་ད་གཟོདJoordensདང་ལས་གྲོགསSteven Munro ཡིས་ཐོག་དང་པོར་དོ་སྣང་བྱས་པ་དང་། Steven Munroནི་ཨོ་སི་ཁྲུ་ལི་ཡའི་རྒྱལ་ཁབ་རྟེན་མཛོད་ཁང་གི་མིའི་རིགས་རིག་པའི་མཁས་པ་ཞིག་རེད།
  Joordens ཚོ་ཆུང་ལ་མིག་སྔར་ཁོངས་མི ༢༡ ཡོད། ཞིབ་རྩིས་བརྒྱབ་པ་བརྒྱུད། ཁོ་ཚོས་འགྲོན་བུ་གྲུབ་དུས་ནི་ལོ་ངོ་ཁྲི ༤༣ ནས་ཁྲི ༥༤ བར་ཡིན་པར་རིགས་འདེད་བྱས་འདུག འགྲོན་བུ་གཞན་པའི་སྟེང་དུའང་བརྐོས་ཤུལ་དང་བུ་ག་ཡོད་མོད། དེར་འབྱུང་རྐྱེན་གཞན་དག་མེད་པར་བྱས་འདུག་ལ། དེས་སྐབས་དེར་ཀེར་ལངས་སྤྲ་མིས་ལག་ཆ་སྤྱད་ནས་འགྲོན་བུ་དེ་དག་ཁ་ཕྱེ་བ་མཚོན་ཡོད།
  གནའ་རྫས་རྟོག་ཞིབ་རིག་པའི་ཁྱབ་ཁོངས་སུ། ཞིབ་འཇུག་པ་རྣམས་ཀྱིས་ཚོད་དཔག་རྫོགས་མེད་བྱས་འདུག་ཅིང་། རྡོ་ཆགས་དེ་རིགས་ལ་འགྲེལ་བཤད་ཡག་པོ་ཞིག་ཇི་ལྟར་བྱེད་པའི་ཐད།"བརྟག་ཐབས་སྨྲ་བ་ནི་ཤིན་ཏུ་འཕྲོད་པ་ཞིག་རེད།"ཧྲི་མིས་སིན་སློབ་ཚོགས་ཀྱི་གནའ་རྫས་རྟོག་ཞིབ་པAlison Brooksཡིས།"དེ་ནི་ང་ཚོས་ནམ་རྒྱུན་མྱུལ་ཞིབ་སྒྲུང་གཏམ་ལེགས་ཤོས་ཤིག་ཀློག་པ་དང་ཀུན་ནས་མཚུངས"ཟེར།
  མིའི་རིགས་འཕེལ་འགྱུར་གྱི"གཏིང་ཟབ་པའི་ཤུགས་རྐྱེན།
 
  "Brooksཡིས། གཏམ་རྒྱུད་འདིའི་ང་ཚོས་ཀེར་ལངས་སྤྲ་མི་དང་རང་ཉིད་ལ་རྒྱུས་ལོན་བྱེད་པར་ཤུགས་རྐྱེན་གཏིང་ཟབ་ལྡན་པར་འདོད། སྤྱིར་བཏང་། ལོ་ངོ་ཁྲི ༡༠ ནས་ཁྲི ༢༠ ཡར་སྔོན་དུ། མིའི་རིགས་ཀྱི་ལུས་ཁམས་སྒྲིག་གཞི་དང་ཉིན་རྒྱུན་སྤྱོད་ལམ་ཐད་ནས་ད་གཟོད་དེང་རབས་ཅན་གྱི་བགྲོད་ལམ་དུ་བསྐྱོད་པ་རེད། འཕེལ་འགྱུར་ཐད་ནས་བལྟས་ནའང་གོ་རིམ་འདི་ཤིན་ཏུ་མགྱོགས་པར་འདོད་ཟེར།
  དེའི་རྗེས་ཀྱི་ལོ་ངོ་སྟོང་ཕྲག་ལྷག་རིང་། རི་མོ་དང་བརྐོས་རིས་ཐོན་པ་དང་། ཤེས་པ་ཁྱད་པར་བ་དེ་ང་རང་ཚོའི་མིང་སྟེ་ཤེས་བ་ཅན་གྱི་མི་ཞེས་པའི་སྟེང་ན་མངོན་ཡོད། ཉི་ཨན་དྷི་ཐི་མི་ལ་ཡང་ཕུན་སུམ་ཚོགས་པའི་བརྡ་རྟགས་རིག་གནས་ཡོད་མོད། ཁོ་རང་ཚོ་ནི་སྐབས་དེའི་དུས་རབས་ནི་ཤིན་ཏུ་ཉེ་བར་སེམས། ཤེས་པ་ཅན་གྱི་མི་དང་བསྡུར་ན། ཁོ་ཚོའི་འཕེལ་འགྱུར་ཐད་ཀྱང་དམིགས་བསལ་རང་བཞིན་ལྡན་མི་འདུག
  ཀེར་ལངས་སྤྲ་མིའི་དབྱིབས་རྩིས་སྒྱུ་རྩལ་གསར་རྩོམ་ཐད་ཀྱང་མིའི་རིགས་ཀྱིས་ཐུན་མིན་རང་བཞིན་གྱི་འགྲན་བསླངས་ཡོད་པ་རེད།"ང་ཚོའི་དེང་རབས་མིའི་རིགས་ཀྱི་དཔེ་སྟོན་སྤྱོད་ལམ་ཞེས་པ་དེ་ནི་གློ་བུར་ཐོན་པ་ཞིག་མིན་པར།""དུས་དེ་ལས་སྔ་བའི་སྐབས་སུ་ཐོན་ཡོད་པ་རེད་ཅེས"Joordensཡིས་དེ་སྐད་བརྗོད་བྱུང་།
  《རང་བྱུང》དུས་དེབ་སྟེང་བཀོད་པའི་དཔྱད་རྩོམ་དུ། Joordensགྱི་ཚོགས་པས་སྒྱུ་རྩལ་དང་། བརྡ་རྟགས་རིག་པ། དེང་རབས་ཅན་སོགས་བརྡ་ཆད་དག་དང་གཞོལ་ཡོད། ཁོ་མོས་བལྟས་ན ང་ཚོས་བརྐོས་རིས་མཁན་གྱི་ཀུན་སློང་རྟོགས་དཀའ་མོད། འགྲོན་བུ་འདིར་ལོ་ངོ་ཁྲི ༡༠ ཡི་ལོ་རྒྱུས་ལྡན་པ་མ་ཟད། ཤེས་བ་ཅན་གྱི་མིའི་འགྱུར་རྡོའི་ཁྲོད"མི་རྣམས་ཀྱིས་དེ་ཉིད་བརྡ་རྟགས་དང་སྔ་མའི་སྒྱུ་རྩལ་ཞིག་ཏུ་ངོས་འཛིན་བྱས་ཡོད་པ"མཐོང་ཐུབ་ཟེར།
  "དེང་རབས་མིའི་རིགས་ཀྱི་སྤྱིད་ལམ"ཅི་རེད་ཅེ་ན། གསར་རྙེད་འདིས་ཡང་བསྐྱར་གནད་དོན་དཀའ་རྙོག་ཅན་ཞིག་བཏོན་ཡོད་པ་རེད་ཅེས་པེན་ཤི་ཧྥེ་ཉི་ཡ་ཁུལ་འཛུགས་སློབ་ཆེན་གྱི་གནའ་བོའི་མིའི་རིགས་རིག་པའི་མཁས་པ་གྱིས Pat Shipmanཡིས་དེ་སྐད་ཟེར།
  དོན་དངོས་སུ། དེང་རབས་ཀྱི་མིའི་རིགས་ལ་ཤེས་བ་ཁྱད་པར་བ་ལྡན་མིན་ཐད། "ད་དུང་བསམ་གཞིགས་གཏོང་དགོས"ཞེས Joordensཡི་སྐད་ཆ་འདི་དྲངས་ཆོག
  ཕྱིས་འབྱུང་ལོ་ངོ་དུ་མའི་རིང་། གནད་དོན་འདིར་མུ་མཐུད་དུ་གྲོས་བསྡུར་བྱ་རྒྱུ་དང་ཆབས་ཅིག ཞིབ་འཇུག་མཁན་གྱིས་ཉར་དངོས་ལ་སྔར་བས་བརྟག་དཔྱད་གཏང་ཐོག་སྔོག་འདོན་ཡུལ་དངོས་ལ་འཚོལ་ཞིབ་བྱེད་དགོས། མཇུག་མཐར Joordens ཡིས"ང་ཚོའི་བགྲོད་ལམ་ད་དུང་རྒྱུན་རིང"ཞེས་བཤད་བྱུང་།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག