ཀྲུང་གོའི་བོད་ལྗོངས་དྲ་བ།>རིག་གནས།

ལོ་ངོ ༢༥༠༠ སྔོན་གྱི་ཨེ་ཅིབ་པུར་སྐམ་ཞིག་ས་སྒོར་བུད།

2014-12-10 དབང་འབུམ།

  དབྱིན་ཇིའི་ཉིན་རེའི་ཚགས་པར་གྱིས་ཟླ ༡༢ པའི་ཚེས ༨ ཉིན་གསལ་བསྒྲགས་བྱས་པ་ལྟར་ན། ཨ་རིའི་ཋེ་ཁ་ཀོའི་ཧྥེ་ཨེར་དྷི་རང་བྱུང་གནའ་རྫས་བཤམས་སྟོན་ཁང་གིས་ལོ་ངོ ༢༥༠༠ སྔོན་གྱི་གནའ་བོའི་ཨེ་ཅིབ་ཀྱི་རྡོ་ཡི་བང་སོ་ཞིག་གི་སྒོ་འབྱེད་པ་དང་། བང་སོ་དེའི་ནང་དུ་པུར་སྐམ་ཞིག་ཡོད་ལ། པུར་ཐུམ་སོགས་རལ་ནས་སེར་པོར་གྱུར་པ་དང་འདས་པོའི་རྐང་འཛུབ་པུར་ཐུམ་ལས་གསལ་བོར་ཕྱིར་བུད་འདུག
  བང་སོའི་ཁྲོད་ཀྱི་པུར་སྐམ་དེ་གསོན་དུས་ཀྱི་མིང་ལ་མེ་ཉེར་དྷིས་སི (Minirdis)ཟེར། དེ་ནི་ལོ་བཅུ་བཞིའི་སྟེང་འདས་ཤིང་སྐབས་དེའི་ཨེ་ཅིབ་ཀྱི་མཆོད་དཔོན་ཞིག་གི་བུ་ཡིན། བང་སོ་དེ་ཆེས་ཐོག་མར་རྙེད་དུས་ནི་དུས་རབས ༢༠ པའི་ལོ་རབས ༢༠ ཡི་སྐབས་ཡིན་ཞིང་། ད་ལྟ་དངོས་སུ་བང་སོའི་སྒོ་འབྱེད་དེ་པུར་ཕྱི་ལ་བསྟན་པ་རེད། མི་རྣམས་ཀྱིས་ད་དུང་པུར་ཐུམ་ཕྱི་ནས་འདས་པོའི་རྐང་འཛུབ་ལས་མཐོང་མི་ཐུབ། གལ་ཏེ་གདོང་གི་འབག་ཐུར་སེར་པོ་དེ་བླངས་ན་པུར་རང་ཞུགས་སུ་འཐོར་བའི་ཉེན་ཁ་ཆེ།
  གནའ་རྫས་བཤམས་སྟོན་ཁང་འདིའི་གཙོ་འཛིན་བྷ་རོན(J. P. Brown) དང་ཚན་རིག་པ་གཞན་འགའ་ཡིས་པུར་འདེགས་བྱེད་ཀྱི་སྟེགས་བུ་ཞིག་བཟོས་ཏེ་བཤམས་སྟོན་ཁང་གི་བརླན་བཤེར་སོགས་མཁའ་དབུགས་སྙོམ་ཐུབ་པའི་རྟོག་ཞིབ་ཁང་ཞིག་ལ་བཞག རྡོ་ཡི་བང་སོའི་སྟེང་དུ་གལ་ཏེ་མེ་ཉེར་དྷིས་སི་གསོན་ཡོད་ཚེ། ཁོའང་ཁོའི་ཕ་ལྟར་མཆོད་ཡོན་པ་ཞིག་ཏུ་འགྱུར་ངེས་ཞེས་བྲིས་ཡོད། ཡིན་ཡང་མིག་སྔར་ཚན་རིག་པ་དག་གིས་མེ་ཉེར་དྷིས་སི་ཡི་འདས་རྐྱེན་དཔག་མི་ཐུབ།
  རྡོའི་བང་སོ་དེ་ནི་དུས་རབས ༢༠ པའི་ལོ་རབས ༢༠ ནང་ཧྥེ་ཨེར་དྷི་རང་བྱུང་གནའ་རྫས་བཤམས་སྟོན་ཁང་གིས་ཋི་ཁ་ཀོའི་ལོ་རྒྱུས་མཐུན་ཚོགས་ལས་བླངས་ཤིང་། བཤམས་སྟོན་ཁང་འདི་རུ་ཨེ་ཅིབ་ཀྱི་མིའི་པུར་སྐམ ༣༠ ལྷག་ཡོད། པུར་སྒྲོམ་ཕྱོགས་མང་པོ་ཞིག་ན་འཐོར་འདུག་པས་པུར་སྐམ་དེ་ཐད་ཀར་ཕྱི་ལ་མངོན་འདུག
  ༢༠༡༥ ལོའི་ཟླ ༩ པ་ནས་བཟུང་སྟེ་མེ་ཉེར་དྷིས་སི་པུར་སྐམ་ལོ་ཟི་ཨན་ཇི་སི Los Angeles རང་བྱུང་གནའ་རྫས་བཤམས་སྟོན་ཁང་ནས་ཤོམ་གྲབས་ཡོད་པ་དང་། ༢༠༡༦ ལོའི་སྟོན་ཁར Denver རང་བྱུང་གནའ་རྫས་བཤམས་སྟོན་ཁང་ནས་ཤོམ་གྲབས་ཡོད།(རྩོམ་འགན་པ། སྒྲོལ་ཚེ)
འབྲེལ་ཡོད་རྩོམ་ཡིག