ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ད་ལོ་མཚོ་སྔོན་གྱིས་སྒོར་དུང་ཕྱུར ༡༠ ཡིས་ཉམས་ཞན་སློབ་གྲྭ་འབྲིང་ཆུང་སྒྱུར་བཀོད་བྱ་རྒྱུ་རེད།

2015-03-23
   《མཚོ་ནུབ་གྲོང་ཁྱེར་ཚགས་པར》ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་དུས་མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2014ལོ་ནས་2017ལོ་བར་མཚོ་སྔོན་ཞིང་ཆེན་གྱིས་ཁྱོན་མ་དངུལ་སྒོར་དུང་ཕྱུར་73.5བཏང་ནས་ཞིང་ཆེན་དེ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ཁྲོད་ཀྱི་ཉམས་ཞན་སློབ་གྲྭ་སྒྱུར་བཀོད་བྱ་རྒྱུ་ཡིན་པ་དང་2015ལོ་ཁོ་ནར“ཞན་གྲས་སྒྱུར་བཀོད”རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་10གཏོང་རྒྱུ་རེད། བྱ་སྤྱོད་དེ་ཞིང་ཆེན་དེ་ཡོངས་ཀྱི་འོས་འགན་སློབ་གསོའི་སློབ་གྲྭའི་གཞི་རྩའི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། སློབ་གསོ་འདྲ་མཉམ་དང་སྤྱི་ཚོགས་དྲང་བདེན་ལ་སྐུལ་འདེད་གཏོང་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་དང་ས་ཁོངས་དབར་གྱི་ཧེ་བག་ཆུང་དུ་གཏོང་རྒྱུ། གཞི་རྩའི་སྤྱི་པའི་ཞབས་ཞུ་ཆ་སྙོམས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད།
   མིག་སྔར་མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གྲྭའི་ཉལ་ཁང་ཆ་སྙོམས་བྱས་ན་སློབ་མ་རེར་སྨི་ངོས་གྲུ་8.38ཟིན་པ་དང་ སློབ་གྲྭ་འགའ་ཞིག་ཏུ་སློབ་གྲྭའི་ཉལ་ཁང་ཆ་སྙོམས་བྱས་ན་སློབ་མ་རེར་སྨི་ངོས་གྲུ་5ཡང་ཟིན་གྱི་མེད་པ་དེ་རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་ཚད་གཞི་དང་བསྡུར་ན་སྔར་བཞིན་ཧེ་བག་ཆེ་ཙམ་ཡོད་པ་མ་ཟད། ད་དུང་མཚོ་སྔོན་ཞིང་ཆེན་དུ་མི་མང་ཉལ་ཁྲི་གཅིག་དང་མུ་འབྲེལ་ཉལ་ཁྲིའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་སྔར་བཞིན་ཡོད་པ་དང་། ཁྲུས་ཁང་མེད་པའི་ཞག་སྡོད་ལམ་ལུགས་ཀྱི་སློབ་གྲྭ་396ཡོད་པ། སློབ་གྲྭ་དང་སློབ་ཁྲིད་ས་ཚིགས་འགའ་ཞིག་ཏུ་ཆ་འཕྲིན་ཅན་ཡོངས་སུ་ཁྱབ་མེད་པས“འཛིན་གྲྭ་ཀུན་ཁྱབ”འདུ་འགོད་ལག་བསྟར་བྱེད་དགོས་ཀྱི་ཡོད། ཞིང་ཆེན་དེ་ཡོངས་ཀྱི་སློབ་ཆུང(ཟི་ལིང་གྲོང་ཁྱེར་ཕུད)དང་དམའ་རིམ་སློབ་འབྲིང་གི་སློབ་མ་བརྒྱ་རེར་རྩིས་རྒྱག་འཕྲུལ་འཁོར་ལྡན་ཚད་4.71དང་5.22ཡིན་པ་དེ་རྒྱལ་ཡོངས་ཀྱི་2013ལོའི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་གློག་་ཀླད 3.11 དང 7.04 ཉུང་བ་ཡོད་པ་རེད།
   འདི་ལོ་མཚོ་སྔོན་ཞིང་ཆེན་གྱིས“ཞན་གྲས་སྒྱུར་བཀོད”རྣམ་གྲངས་ཁྱོན་ཡོངས་ནས་ལག་ལེན་བསྟར་བ་འགྱུར་ལྡོག་འབྱུང་གཞིར་བརྩིས་ཏེ་ཞིང་ཆེན་དེ་ཡོངས་ཀྱི་ཉམས་ཞན་སློབ་གྲྭ་འབྲིང་ཆུང་གི་སློབ་གཉེར་ཆ་རྐྱེན་ལེགས་སུ་གཏོང་རྒྱུ་དང་། 2014ལོ་ནས་2017ལོ་བར་ཁྱོན་མ་དངུལ་སྒོར་དུང་ཕྱུར་73.5གཏོང་རྒྱུ། འདི་ལོ་སྲིད་གཞུང་གི་སྔོན་རྩིས་ནང་སྒོར་དུང་ཕྱུར་10བཀོད་སྒྲིག་བྱས་ཡོད་པ་རེད། གཞན་ཡང་སློབ་གྲྭ་འབྲིང་ཆུང་གི་Dརིམ་པའི་ཉེན་ཆེའི་ཁང་པ་སྒྱུར་བཀོད་བྱེད་པ་དང་། སློབ་ཁྲིད་ཀྱི་གཞི་རྩའི་ཆ་རྐྱེན་ལེགས་སུ་གཏོང་བ། སློབ་མའི་འཐུང་ཆུའི་བདེ་འཇགས་འགན་ལེན་བྱེད་པ། གཏན་འབེབས་བྱས་པའི་ཚད་གཞི་ལྟར་གསང་སྤྱོད་སྐྲུན་པ། ཞག་སྡོད་ལམ་ལུགས་སློབ་གྲྭར་དགོས་ངེས་ཀྱི་གཟུགས་འཁྲུད་སྒྲིག་ཆས་དང་ཟ་ཁང་སྒྲིག་སྦྱོར་བྱེད་པ་བཅས་ཀྱི་ཐོག་ནས་སློབ་མའི་འཕྲོད་བསྟེན་དང་ཟ་འཐུང་གི་དགོས་མཁོ་སྐོང་རྒྱུ་དང་། སློབ་མ་ཚང་མར་ཚད་ལོན་པའི་སྒྲོག་ཙེ་རྐུབ་སྟེགས་བཀོད་སྒྲིག་བྱས་ནས་ཞག་སྡོད་ལམ་ལུགས་སློབ་གྲྭའི་མུ་འབྲེལ་ཉལ་ཁྲིའི་སྣང་ཚུལ་མེད་པ་བཟོ་རྒྱུ། ཚད་གཞི་མ་ལོན་པའི་སློབ་གྲྭར་འཛུགས་སྐྲུན་རྒྱ་སྐྱེད་བཏང་ནས་ནུས་པ་ཚང་དུ་གཏོང་རྒྱུ་དང་ཚད་གཞི་ལྟར་སློབ་ཁྲིད་ཡོ་བྱད་དང་ལུས་རྩལ་སྒྲིག་བཀོད་སྒྲིག་བྱ་རྒྱུ་བཅས་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག