འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་4ཚེས་19ཉིན་གློག་འཕྲིན་འབྱོར་གསལ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡིས་ཡོངས་བསྒྲགས་བྱས་པའི་2015ལོའི་ཟླ་3པའི་འཕྲིན་གཏོང་ལས་རིགས་ཀྱི་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་གྱི་སྙན་ཞུ་གསར་ཤོས་ལས་མངོན་པར། མིག་སྔར་རང་རྒྱལ་གྱི་སྒུལ་བདེའི་ཁ་པར་སྤྱོད་མཁན་གྱི་གཞི་མི་ཁྱོན་མི་དུང་ཕྱུར་13ཙམ་ཟིན་པ་དང་སྒུལ་བདེའི་དྲ་སྦྲེལ་སྤྱོད་མཁན་གྱི་གཞི་ཁྱོན་མི་དུང་ཕྱུར་9ཙམ་ཟིན་ཡོད། ཟླ་3པར་4Gསྤྱོད་མཁན་མུ་མཐུད་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་བྱུང་ནས་སྤྱོད་མཁན་མི་ཁྲི་2300གཙང་འཕར་ཡོད་པ་རེད།
ཟླ་3པའི་ཟླ་མཇུག་བར་རང་རྒྱལ་གྱི་སྒུལ་བདེའི་དྲ་ཆེན་སྤྱོད་མཁན་གྱི་སྤྱི་འབོར་དུང་ཕྱུར་6.4ཟིན་པ་དང་སྒུལ་བདེའི་ཁ་པར་སྤྱོད་མཁན་ལ་ཁྱབ་ཚད་49.3%ཟིན་པ་དེ་ལོ་གོང་མའི་ལོ་མཇུག་ལས་བརྒྱ་ཆའི་གྲངས་4འཕར་ཡོད། 4Gཨང་རྟགས་བཏོན་རྗེས་3Gསྤྱོད་མཁན་4Gལ་སྤྱོད་མཁན་ལ་མགྱོགས་མྱུར་བསྒྱུར་བས་ཟླ་3པར་3Gསྤྱོད་མཁན་ཁྲི་960.6ཉུང་དུ་ཕྱིན་པ་དང་4Gསྤྱོད་མཁན་ཁྲི་2388མང་དུ་ཕྱིན་ནས་སྤྱོད་མཁན་བསྡོམས་འབོར་དུང་ཕྱུར་1.62ཟིན་པ་དེས་སྒུལ་བདེའི་ཁ་པར་སྤྱོད་མཁན་བསྡུར་གྲངས་ཀྱི་12.5%བཟུང་ཡོད་པ་རེད།(རྩོམ་འགན་པ། རྟ་མགྲིན)