དབྱི་རག་གི་རྒྱལ་ས་པ་ཀ་ཏ་ཡི་བྱང་ཕྱོགས་སྤྱི་ལེ ༢༩༠ མཚམས་ཀྱི་ཅེར་ཁོ་ཁཱ་ནས་མི་གཏའ་ཕྱིར་སྤྲད། ཟླ ༤ པའི་ཚེས ༨ ཉིན་མི་འདི་དག་ཁོར་ཏིའི་དམག་ཁུལ་དུ་བསྐྱལ།
ཡ་ཙི་ཏི་རིགས(Yazidi)ཀྱི་ལོ ༩ ལས་སོན་མེད་པའི་བྱིས་པ་ཞིག"དབྱི་སི་ལན་རྒྱལ་ཁབ(IS)"ཀྱི་བྲན་དུ་བཟུང་སྟེ། མ་མཐའ་ཡང་ཐལ་སྤྱོད་པ་བཅུ་ཡིས་བཙན་གཡེམ་བྱས་པས། ད་ལྟ་མངལ་ཆགས་འདུག
ཟླ ༤ པའི་ཚེས ༡༢ ཉིན། དབྱིན་ཇིའི《རང་དབང་ཚགས་པར》དུ། ཁ་ན་དྷའི་རོགས་སྐྱོར་སྡེ་ཁག་གི་དྷོ་ཨོ་དྷི(Yousif Daoud)ཡིས། མིག་སྔར་ཡ་ཙི་ཏིའི་ཡེ་ཤེ་བསISཡིས་བཟོས་པའི་མནར་གཅོད་མྱོང་བཞིན་འདུག་པ་བརྗོད་འདུག་ལ། བུ་མོ་ཆུང་ཆུང་འདི་ཡང་ཡ་ཙི་ཏིའི་ཡེ་ཤེ་ལ་དད་པའི་རྒྱུད་པ་རེད།
དྷོ་ཨོ་དྷི་ཡིས། བུ་མོ་འདིའི་སེམས་ཁམས་དང་ལུས་ཐོག་ཏུ་སོས་ཐབས་བྲལ་བའི་རྨ་བཏོད་ཡོད་པ་མ་ཟད། དེ་ལས་ཀྱང་སེམས་ཚེགས་ཆེ་བ་ཞིག་ནི་གསོན་ཐུབ་དཀའ་བར་འདུག་སྟེ།"མོ་ཆུང་དྲགས་པས་གལ་ཏེ་བྱིས་པ་སྐྱེས་ན་འཆི་ཉེན་ཆེ་ལ། ཕོ་བ་བཤག་ཏེ་མངལ་བླངས་ན་ཡང་ཉེན་ཁ་ཤིན་ཏུ་ཆེ་ཚུལ"བསྟན།
ཁོས་བརྗོད་རྒྱུར།ISཐལ་སྤྱོད་པ་དག་གིས་གཡུལ་སའམ་རང་སྲོག་ཕངས་མེད་ཀྱི་འཇབ་རྒོལ་ལས་ལོག་པའི་མི་རྣམས་ལ་བྱིས་པ་འདི"བྱ་དགའི"ཚུལ་དུ་སྟེར་བས། མ་མཐའ་ཡངISདྲག་ཆས་པ་བཅུ་ཡིས་བཙན་གཡེམ་བྱས་འདུག
《ལོ་ལིན་ལོ་ཞིན་ཚགས》སུ། བུ་མོ་ཆུང་ཆུང་འདི་ཁོར་ཏི་རུ་ཡོད་པའི་རོགས་སྐྱོར་ལས་ཁུངས་ཀྱིས་དབྱི་རག་ནས་བསྐྱལ་ཏེ། མིག་སྔར་འཇར་མན་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱ་བཞིན་པའི་སྒང་རེད་ཅེས་བཀོད་འདུག
རང་དབང་ཐོབ་པའི་མི་གཏའ་སྐོར་འདིའི་ཁྲོད་དུ་བྱིས་པ ༤༠ ཡོད་པ་ལས་གཞན་མང་ཤོས་རྒན་འཁོགས་རེད།
ཟླ ༤ པའི་ཚེས ༨ ཉིན།ISཡིས་བཏང་བའི་ཡ་ཙི་ཏིའི་མི་གཏའ ༢༡༦ ཁྲོ་དུ་བྱི་བྲན་བརྒྱ་ཉེ་བ་ཡོད་ལ། འདི་དག་བཀག་ཉར་བྱས་ཏེ་ཟླ ༨ ལྷག་འགོར། མི་ཁ་ཤས་ཀྱིས་ཐེངས་འདིརISཡིས་མི་འབོར་ཆེན་བཏང་བ་ནི། ཨ་རི་བས་མཁའ་རྒོལ་དང་དབྱི་དམག་གིས་ས་ངོས་ནས་དྲག་འདུལ་བྱས་པར་རག་ཡོད་པར་འདོད།
ISཡིས་བྱེད་ཐབས་འདི་ནི་ཨ་ཙི་ཏའི་འབངས་མི་ཀུན་ལ་བརྙེས་བཅོས་བྱེད་པ་རང་རེད། ལྷག་པར་དུ་རྙིང་ཞེན་ཆེ་བའི་ཚོགས་པ་འདིར་མཚོན་ན། བརྙས་བཅོས་ཐེབས་པའི་བུད་མེད་དང་བྱིས་པ་ཀུན་གྱིས་ལུས་བསྲུངས་མ་ཐུབ་པའི་ཉེས་མིང་ཞིག་ཁུར་ནས་འདུག་དགོས་ཞེས་དྷོ་ཨོ་དྷི་བཤད།
དབྱི་རག་གི་རྒྱལ་ས་པ་ཀ་ཏ་ཡི་བྱང་ཕྱོགས་སྤྱི་ལེ ༢༩༠ མཚམས་ཀྱི་ཅེར་ཁོ་ཁཱ་ནས་མི་གཏའ་ཕྱིར་སྤྲད་པ་དང་། ཟླ ༤ པའི་ཚེས ༨ ཉིན་མི་འདི་དག་ཁོར་ཏིའི་དམག་ཁུལ་དུ་འབྱོར་བར།《རང་དབང་ཚགས་པར》གྱིས་ཁོར་ཏིའི་དམག་ཁུལ་སྨན་པས་བརྟག་དཔྱད་བྱེད་སྐབས། ངང་ཚུལ་སྣ་ཚོགས་རིག་དུས་སེམས་པ་བདེ་ལ་འབབ་ཐབས་བྲལ་ཞེས་བརྗོད།
རྒྱུས་ལོན་བྱུང་བ་ལྟར་ན། རང་དབང་ཐོབ་པའི་མི་གཏའ་ཀུན་གྱི་ལུས་སུ་བརྙས་བཅོས་བྱས་ཤུལ་གསལ་ལ། དེ་དག་ཁྲོད་བྱིས་པ ༤༠ ཡོད་པ་ལས་གཞན་མང་ཤོས་རྒན་འཁོགས་རེད།
"ངོ་མ་དགའ་ནི་ཞིག་རེད། ང་ཚོས་སི་རི་ཡའམ་ཁཱ་ལར་ཁྱེར་འགྲོ་བར་སེམས་ཁུར་ཏག་ཏག་བྱས་ནི་ཡིན"འདི་ནི་ཡ་ཙི་ཏའི་ཧཱ་ཅིས(Mahmoud Haji)ཟེར་བའི་གཏའ་མི་ཞིག་གི་སྐད་ཆ་རེད། ཁོ་ཚོས་ད་དུང་ནམ་ཞིག་ལISཐལ་སྤྱོད་པས་སྲོག་ཀྱང་འཕྲོག་འགྲོ་སྙམ་འདུག
ཁ་བྱང་ཕྱི་མོ།ལོ་དགུའི་བྱིས་པར་མ་མཐའISཐལ་སྤྱོད་པ་བཅུས་བཙན་གཡེམ་བྱས་ཏེ་མངལ་ཆགས།