ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

སྒེར་གྱིས་རླངས་འཁོར་བཏང་ནས་མེ་ཏོག་ཏུ་ཡུལ་སྐོར་ལ་འགྲོ་རྒྱུའི་ལམ་ཐིག་གི་སྒོ་མོ་ཕྱེ་བ།

2015-04-29

ཤིན་ཧྭ་གསར་འགྱུར་ཁང་ནས་གནས་ཚུལ་སྤེལ་གསལ། གངས་བརྡིབས་པ་སོགས་རང་བྱུང་གནོད་འཚེའི་ཤུགས་རྐྱེན་འོག་ཟླ་བ་གསུམ་པར་སྒོ་བརྒྱབ་པའི་ལམ་ཐིག་སྟེ། རང་སྒེར་གྱིས་རླངས་འཁོར་བཏང་ནས་མེ་ཏོག་ཏུ་ཡུལ་སྐོར་ལ་བསྐྱོད་པའི་ལམ་ཐིག་ད་ཆ་སྒོ་ཕྱེ་འདུག་མོད། ཡིན་ནའང་ན་ནིང་ཟླ་བ་བཅུ་པའི་ཟླ་མཇུག་ཏུ་སྒོ་བརྒྱབ་པའི་ལམ་ཐིག་སྟེ། རྐང་ཐང་མར་མེ་ཏོག་རྫོང་དུ་ཡུལ་སྐོར་ལ་འགྲོ་བའི་ལམ་ཐིག་སྔར་བཞིན་གང་གསོག་ཐེབས་རྐྱེན་ད་དུང་སྒོ་ཕྱེ་མེད་པ་རེད།

མེ་ཏོག་རྫོང་ཡུལ་སྐོར་ཅུས་ཀྱི་འགོ་འཛིན་ལྷག་པ་ཚེ་རིང་གིས་ངོ་སྤྲོད་གནང་བ་ལྟར་ན། གངས་ཆེན་པོ་བབས་ནས་ལ་འགག་པའི་རྐྱེན་གྱིས་མེ་ཏོག་ཏུ་རྐང་ཐང་མར་ཡུལ་སྐོར་ལ་བསྐྱོད་པའི་ལམ་ཐིག་དེ་ཚོད་དཔལ་ལྟར་ན་ཟླ་བ་ལྔ་པར་སྒོ་ཕྱེ་ཐུབ་བཟོ་ཡོད་པ་དང་། དུས་མཚུངས་སུ་ལྷག་པ་ཚེ་རིང་གིས་ད་དུང་རྐང་ཐང་མར་ཡུལ་སྐོར་ལ་འགྲོ་རྒྱུར་དགའ་བའི་ཡུལ་སྐོར་བ་ཚོར། མེ་ཏོག་གི་ཡུལ་སྐོར་ལམ་རྒྱུད་ཀྱི་གནམ་གཤིས་འགྱུར་བ་ཆེ་ཞིང་། ལམ་རྒྱུད་གཡང་གཟར་ཅན་ཡིན་པས་ཡུལ་སྐོར་བ་གང་བྱུང་དུ་འགྲོ་མི་ཆོག་པ་དང་། རྐང་ཐང་ལམ་ཐིག་སྒོ་མོ་ཕྱེ་རྗེས་ཀྱང་རང་ཉིད་ཀྱི་གཟུགས་པོའི་གནས་ཚུལ་ལ་བལྟ་དགོས་པ་མ་ཟད་ཉམས་མྱོང་ཡོད་པའི་ཡུལ་སྐོར་སྣེ་ཤན་པ་བཙལ་ནས་འཆར་འགོད་བྱས་པའི་ལམ་ཐིག་གཞིར་བཟུང་ཡུལ་སྐོར་ལ་འགྲོ་དགོས་པའི་དྲན་སྐུལ་གནང་འདུག

འབྲེལ་ཡོད་རྩོམ་ཡིག