ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀེམ་ཅོང་ཨན་གྱི་ད་ལོར་མཐོ་རིམ་དཔོན ༡༥ ཚར་གཅོད་བྱས་འདུག

2015-05-04

ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གསང་འཕྲིན་ཁང་གིས་རྒྱལ་ཚོགས་ཀྱི་གསང་འཕྲིན་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་སྟེང་། བྱང་ཁོ་རེ་ཡའི་རྒྱལ་སྲུང་ཨུ་ལྷན་གྱི་ཨུ་ཡོན་ཀྲང་ཀེམ་ཅོང་ཅན་གྱིས་ད་ལོར་མཐོ་རིམ་དཔོན་རིགས ༡༥ ཚར་གཅོད་བྱས་པར་བསྟན་ཡོད།

ཟླ ༤ པའི་ཚེས ༢༩ ཉིན། ལྷོ་ཁོ་རེ་ཡའི་རྒྱལ་ཁབ་གསང་འཕྲིན་ཁང་གིས་རྒྱལ་ཚོགས་ཀྱི་གསང་འཕྲིན་ཨུ་ལྷན་ཚང་འཛོམས་གྲོས་ཚོགས་སྟེང་། བྱང་ཁོ་རེ་ཡའི་རྒྱལ་སྲུང་ཨུ་ལྷན་གྱི་ཨུ་ཡོན་ཀྲང་དང་པོ་ཀེམ་ཅོང་ཨན་གྱིས་ད་ལོར་མཐོ་རིམ་དཔོན་རིགས ༡༥ ཚར་གཅོད་བྱས་ཡོད་ཚུལ་བསྒྲགས་འདུག ལྷོ་ཁོ་རེ་ཡའི་མཉམ་འབྲེལ་གསར་འགྱུར་ཁང་གིས། ལྷོ་ཁོ་རེ་ཡ་རྒྱལ་ཁབ་གསང་འཕྲིན་ཁང་གི་བཤད་ཚུལ་ལ་གཞིགས་ན། ཀེམ་ཅོང་ཨན་གྱིས་ཚར་གཅོད་བྱས་པའི་མཐོ་རིམ་དཔོན་རིགས ༡༥ ནང་། ཀེམ་ཅོང་ཨན་གྱིས་ཚན་རྩལ་ཚོམས་ཁང་གི་ཕྱི་དབྱིབས་ཇུས་འགོད་ཐད་འབྲེལ་ཡོད་བསམ་འཆར་འདོན་མཁན་རྒྱལ་ཁབ་འཆར་འགོད་ཨུ་ལྷན་གྱི་ཨུ་ཡོན་ཀྲང་སྟེ་པུའུ་ཀྲང་རིམ་པའི་དཔོན་མི་ཞིག་ད་ལོའི་ཟླ ༢ པའི་ནང་ཚར་གཅོད་བྱས་པ་བསྒྲགས།

ལྷོ་ཁོ་རེ་ཡ་རྒྱལ་ཁབ་གསང་འཕྲིན་ཁང་གིས་ཀེམ་ཅོང་ཨན་གྱིས་སྲིད་དབང་སྒེར་གཅོད་ཀྱི་ཟིལ་ཤུགས་ངོམ་ཆེད། གལ་ཏེ་ཁོའི་བསམ་ཚུལ་དང་མི་མཐུན་པའི་ལྟ་བ་འདོན་མཁན་ཡོད་ཚེ། མི་དེ་རིགས་ནི་ཁོའི་དབང་ཤུགས་ལ་འགྲན་སློང་པར་དོགས་ནས་ཚར་གཅོད་བྱེད་ངེས་པ་རེད་ཟེར།

BBCགསར་ལམ་གྱིས་བསྒྲགས་པ་ལྟར་ན། ལྷོ་ཁོ་རེ་ཡ་རྒྱལ་ཚོགས་ཀྱི་གྲོས་མི་སེན་ཁུང་མིན་གྱིས་གསང་འཕྲིན་དཔོན་མི་ཞིག་གི་སྐད་ཆ་དྲངས་ཏེ་བཤད་རྒྱུར། ཀེམ་ཅོང་ཨན་གྱི་སྒེར་གཅོད་སྲིད་དབང་ལ་མཚོན་ན་གནས་ལུགས་ལ་སྤྱོད་སྒོ་ཅི་ཡང་མེད་ཅིང་། ཁོ་དང་ལྡོག་ཕྱོགས་ཀྱི་བསམ་ཚུལ་འདོན་མཁན་ཡོད་པ་ཐམས་ཅད་རང་ཉིད་ཀྱི་དགྲ་ཟླར་བརྩིས་ཏེ་ཚར་གཅོད་ཀྱིས་སྲིད་དབང་སྒེར་གཅོད་ཀྱི་ཟིལ་ཤུགས་ངོམ་པ་ཡིན་ཟེར།

དབྱེ་ཞིབ་མི་སྣས་དེ་འདྲའི་ཧང་སངས་དགོས་དོན་ཅི་ཡང་མེད་དེ། BBCཡིས་བསྒྲགས་པ་ལྟར་ན། བྱང་ཁོ་རེ་ཡས་༢༠༡༣ ལོའི་ལོ་མཇུག་ལ་ཀྲང་ཁྲེང་ཙེ་དམར་གསོད་བྱས་པ་དང་། ན་ནིང་ཡང་དཔོན་མི་དྲུག་གློ་བུར་དུ་གར་སོང་ཆ་མེད་དུ་གྱུར་པ་ལྟ་བུའི་དེ་སྔོན་ཡང་གཙོ་འཛིན་གྱི་ཆབ་སྲིད་འགྲན་ཡའི་སྲོག་བཅད་མྱོང་ཡོད་ཅིང་། ལྷོ་ཁོ་རེ་ཡའི་གསར་ལམ་ནས་དེ་དག་ནི་སྲོག་བཅད་ཀྱིས་ཚར་གཅོད་བྱས་པ་རེད་ཅེས་བསྒྲགས།

ཧྲོའར་དུ་སྡོད་པའིBBCཡི་གསར་འགོད་པ་ཨེ་ཝན་སིས་དབྱི་ཞིབ་ཀྱི་ཚུལ་དུ།གལ་ཏེ་གནས་ཚུལ་དེ་ངོ་མ་ཡིན་ན་ཀེམ་ཅོང་ཨན་གྱི་དབང་ཤུགས་ཉིན་རེ་ནས་ཉིན་རེར་ཇེ་དྲག་ཡིན་ཡིན་ཏེ། ཀེམ་ཅོང་ཨན་གྱིས་ལོ་གསུམ་ལ་དབང་བསྒྱུར་བྱས་འདུག་ཀྱང་། ཁོང་ལ་བདེ་འཇགས་ཀྱི་ཚོར་བ་བསྐྱེད་ཐུབ་མིན་ནི་གནད་དོན་རེད་ཟེར། གཞན་ལྷོ་ཁོ་རེ་ཡའི་གསར་འགྱུར་མཉམ་འབྲེལ་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། གནམ་བདེ་དམག་གྲུ་ཞེས་པའི་དོན་རྐྱེན་དང་སུ་ནེ་བརྙན་ལས་ནག་ཉེས་བཀལ་པའི་དོན་རྐྱེན་གྱི་ཇུས་འགོད་པར་ཉེས་འགེལ་བྱས་པའི་བྱང་ཁོ་རེ་ཡའི་ཉེན་རྟོག་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀེམ་ཡིན་ཀྲེའི་དམག་ཐོབ་དེ་དམག་དཔོན་ཆེན་མོ་ནས་ཧྲང་ཅང་གི་དཔོན་རིམ་ལ་ཕབ་པ་རེད། འདས་བའི་ལོ་གསུམ་ནང་ཀེམ་ཡིན་ཀྲེའི་དམག་ཐོབ་དེ་ཐེངས་དུ་མར་བསྒྱུར་མྱོང་བ་དང་། དམག་དཔོན་ཆེ་མོ་ནས་དམག་དཔོན་འབྲིང་མ་དང་། དམག་དཔོན་འབྲིང་མ་ནས་ཡང་བསྐྱར་དམག་དཔོན་ཆེ་མོར་སྤར་མྱོང་བ་རེད།

འབྲེལ་ཡོད་རྩོམ་ཡིག