ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཚོ་སྔོན་པོའི་རྒྱ་ཁྱོན་ལོ་བཅོ་ལྔའི་ཚུན་གྱི་དུས་མཉམ་ལས་ཇེ་ཆེར་སོང་ཡོད།

2015-05-06

མཚོ་སྔོན་ཞིང་ཆེན་གནམ་གཤིས་ཚན་རིག་ཞིབ་འཇུག་ཁང་གི་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྱི་འཁོར་སྐར་རྒྱང་ཚོར་དཔྱད་གཞི་ཡིག་ཆ་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་སྟོང་བཞི་སུམ་བརྒྱ་གྱ་དགུ་དང་གྲངས་ཆུང་གསུམ་གཅིག་ལ་སླེབས་ཡོད་པ་དང་། དེ་ན་ནིང་གི་དུས་མཉམ་དང་བསྡུར་ན་སྤྱི་ལེ་གྲུ་བཞི་མ་དགུ་དང་གྲངས་ཆུང་ཐིག་བརྒྱད་ཀྱིས་ཇེ་ཆེར་སོང་ཡོད་ལ། ༢༠༠༡ལོ་ནས༢༠༡༤ལོའི་དུས་མཉམ་གྱི་ཆ་སྙོམས་དང་བསྡུར་ན། སྤྱི་ལེ་གྲུ་བཞི་མ་བརྒྱ་དང་ཉེར་ལྔ་དང་གྲངས་ཆུང་ཐིག་ལྔའི་ཇེ་ཆེར་སོང་ནས། ལོ་བཅོ་ལྔའི་རིང་གི་དུས་མཉམ་ལས་རྒྱ་ཁྱོན་ཇ་ཆེར་སོང་ཡོད།

གནམ་གཤིས་ཆ་རྐྱེན་དབྱེ་ཞིབ་ལས་མངོན་པ་ལྟར་ན། མཚོ་སྔོན་པོའི་བཞུར་རྒྱུད་མཐའ་འཁོར་གྱི་ཐེམ་ཆེན་དང་ཧེ་ཡན། གུང་ཧོ། རྐང་ཚ་བཅས་རྫོང་བཞིའི་གནམ་གཤིས་ས་ཚུགས་ཀྱི་ན་ནིང་གི་སྟོན་དུས་ནས་ད་ལོའི་ཟླ་བཞི་བའི་ཟླ་དཀྱིལ་བར་གྱི་ཆར་འབབ་ཚད༡༩༨༡ལོ་ནས༢༠༡༠ལོའི་དུས་མཉམ་གྱི་ཆ་སྙོམས་དང་བསྡུར་ན་ལྡབ་གཅིག་ནས་ལྡབ་བདུན་གྱིས་ཇེ་མང་དུ་སོང་ཡོད། ཟླ་གསུམ་པ་ནས་ཟླ་བཞི་བའི་ཟླ་དཀྱིལ་དུ། ཐེམ་ཆེན་དང་རྐང་ཚ། གུང་ཧོ། ཧེ་ཡན་བཅས་རྫོང་བཞིའི་ཆར་འབབ་ཚད་ཅུང་མང་ལ། དྲོད་གྲངས་ཆ་སྙོམས་ཀྱི་ཅུང་མཐོ་བ་དང་། མཚོ་སྔོན་པོའི་ནང་དུ་བཞུར་བའི་ཆར་ཆུ་ཅུང་མང་བའི་རྐྱེན་གྱིས། མཚོ་སྔོན་པོའི་རྒྱ་ཁྱོན་ལོ་སྔོན་དག་གི་དུས་མཉམ་དང་བསྡུར་ན་ཇེ་ཆེར་སོང་ཡོད། ཆེད་མཁས་པ་ཚོས་མཚོ་སྔོན་པོའི་རྒྱ་ཁྱོན་ཇེ་ཆེར་སོང་བ་དེས་མཚོ་སྔོན་པོའི་མཐའ་འཁོར་གྱི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་གཏོང་བའི་ཐད་ཕན་པ་ཡོད་པར་འདོད།

འབྲེལ་ཡོད་རྩོམ་ཡིག