ཟླ་ལྔ་བའི་ཚེས་གསུམ་ཉིན། མཚོ་སྔོན་གྱི་ཉེན་རྟོག་པས་མགོ་ལོག་ཁུལ་དར་ལག་རྫོང་ནས་མེ་མདའ་ཐོགས་པའི་མི་གསོད་དོགས་ཡོད་ཉེས་ཅན་བྲོས་བྱོལ་པ་ཞིག་མེ་མདའ་བརྒྱབ་ནས་བསད་རྗེས། ཉེས་ཅན་མི་སྣ་དེས་གསང་སྦས་བྱས་པའི་ལྔ་དྲུག་རྟགས་ཅན་གྱི་མེ་མདའ་གཅིག་དང་། ལྔ་བཞི་རྟགས་ཅན་གྱི་ལག་མདའ་གཅིག གཟེར་མདའ་གཅིག མེ་མདའ་རིགས་སྣ་ཚོགས་ཀྱི་མདེའུ ༥༡༢ བཅས། གཞན་ད་དུང་སོ་ལྟའི་རྒྱང་ཤེལ་དང་མདེའུ་སྒམ། མདེའུ་ཁུག མཚོན་ཆ་གཞན་པ་སོགས་མང་པོ་རྙེད་ཡོད་པ་རེད།
རྒྱུས་ལོན་བྱུང་བ་ལྟར་ན། མེ་མདའ་བརྒྱབ་ནས་བསད་པའི་དོགས་ཡོད་ཉེས་ཅན་མི་སྣ་དེ་ནི་དར་ལག་རྫོང་སྨོན་པ་ཡུལ་ཚོའི་ཡིན་ལ། ཉེས་ཅན་མི་སྣ་དེ་དང་སང་རུ་མ་ཡུལ་ཚོའི་མདུན་སྐྱོད་འབྲོག་ལས་ཨུ་ལྷན་གྱི་འབྲོག་པ་ཞིག་གི་བར་ལ་འགལ་བ་ཡོད་པ་རེད། ༢༠༠༩ ལོའི་ཟླ ༥ བའི་ཚེས ༢༠ ཉིན། ཉེས་ཅན་མི་སྣ་དེས་མི་གཞན་པ་གསུམ་དང་མཉམ་དུ་དགྲ་ཤ་བརྩད་ནས། འབྲོག་ལས་ཨུ་ལྷན་གྱི་འབྲོག་པ་དེར་མེ་མདའ་བརྒྱབ་ནས་བསད་པ་མ་ཟད་ཁོང་གི་ཆུང་མ་ལ་རྨས་སྐྱོན་བཟོས་ཡོད་པ་རེད།
འཐབ་འཛིང་ཡུལ་དངོས་དང་ཉེས་ཅན་མི་སྣ་དེས་གསང་སྦས་ཡུལ་ནས་རྙེད་པའི་མདེའུ་རེད།
རྨས་སྐྱོན་ཐེབས་པའི་ཉེན་རྟོག་པར་སྨན་ཁང་ནས་སྨན་བཅོས་བྱེད་བཞིན་པའི་ཚུལ།
ཉེན་རྟོག་པས་ཉེས་ཅན་མི་སྣ་འཛིན་བཟུང་བྱེད་བཞིན་པའི་བརྒྱུད་རིམ།
ཉེན་རྟོག་པས་ཉེས་ཅན་མི་སྣ་འཛིན་བཟུང་བྱེད་པའི་བརྒྱུད་རིམ།