ཁྲུའུ་ཐན་གྲོང་ཁྱེར་ཚགས་པར་གྱི་འཕྲིན།པེ་ཅིང་གསར་འགྱུར་དྲ་བར(The Beijing News)བཀོད་པ་ལྟར་ན།ཕྱིར་མེས་རྒྱལ་ལ་ལོག་པའི་དཔོན་པོ་ཟ་རྔམ་ཅན་ལ་ལས་བྲོས་བྱོལ་སྐབས་ཀྱི་འཚོ་བ་ནི་ཆེས་སྐྱོ་ཤིང་ཡིད་ཕངས་བ་ཞིག་ཡིན་པར་བཤད་མོད། འོན་ཀྱང་བྲོས་བྱོལ་ཉེས་ཅན་མང་པོ་ཞིག་གིས་བག་མེད་རྒྱས་སྤྲོས་ཀྱི་འཚོ་བ་རོལ་བཞིན་ཡོད་ལ།སྤྲོ་གསེང་གཏོང་བྱེད་གྲུ་གཟིངས་དང་།པིན་ལེ་རྟགས་ཅན་གྱི་རླངས་འཁོར(Bentley)།སྡོད་ཁང་།ཡིག་འབྲིའི་ཐོག་ཁང་སོགས་གང་དགོས་ཐམས་ཅད་ཡོད།ཉེ་ལམ།ཉུག་ཡོག་དུས་དེབ(The New York Times)ཏུ་ཨ་རིའི་དཔོན་པོ་ཟ་རྔམ་ཅན་ཞིག་བྲོས་བྱོལ་བྱས་རྗེས་ཀྱི་རྒྱས་སྤྲོས་འཚོ་བ་བཀོད་ཡོད་པ་དང་།དེ་འདྲའི་སྣང་ཚུལ་ནི་ཁེ་ན་ཏ་དང་།ཨོ་སི་ཐྲ་ལི་ཡ་བཅས་སུའང་འདུག
ཆོ་ཅན་ཅོན།པེའར་ཀེར་ཚི་དང་ཁྱིམ་མཚེས་ཡིན་འདུག
དེ་སྔར་ཀྲུང་གོའི་བསགས་འབྲུ་སྤྱི་གཉེར་ལས་ཁུངས་ཧི་ནན་ཀྲིག་ཁོ་ཐད་གཏོགས་ལས་ཁུངས་ཀྲུའུ་རིན་ཀྱི་འགན་བླངས་པའི་ཆོ་ཅན་ཅོན་ནི ༢༠༡༡ ལོའི་ཟླ ༡༡ ཏུ།ཁོ་དང་གཉེན་འཐོར་བའི་ཆུང་མ་ཀྲའོ་ཧྲི་ལན་དང་མཉམ་དུ་བྲོས་བྱོལ་བྱས་ཤིང་།ཨ་སྒོར་ཁྲི་ཚོ ༥༠ བཏང་མཐར་ཨ་རིའི་སྤྱི་དམངས་ཀྱི་ཐོབ་ཐང་ཐོབ་པ་དང་།ཁོང་ཁུ་ཀུང་སི(readymade company)བརྒྱུད་སི་ཡ་ཐོ(seattle)ནས་སྡོད་ཁང་ཉོས།མིག་སྔར།ཆོ་ཅན་ཅོན་སྔར་བཞིན་བྲོས་བྱོལ་བྱེད་བཞིན་ཡོད།
ཀྲུང་དབྱང་བརྙན་འཕྲིན་ཁང་གིས་བཀོད་པ་ལྟར་ན།ཆོ་ཅན་ཅོན་བྲོས་བྱོལ་བྱེད་སྐབས་གྲོན་དངུལ་དུང་ཕྱུར ༣ ལྷག་ཁྱེར་བ་དང་།ཀྲའོ་ཧྲི་ལན་ལ་སི་ཡ་ཐོ་རུ་སྨི་གྲུ་བཞི་མ ༩༠༠ ཙམ་ཡིན་པའི་སྡོད་ཁང་དང་།འཛུགས་སྐྲུན་བྱས་ཆོག་པའི་ས་ཆའི་རྒྱ་ཁྱོན་ལ་ཧ་ལམ་སྨི་གྲུ་བཞི་མ ༣༤༠ཉལ་ཁང ༤ བཅས་ཡོད།ཆོ་ཅན་ཅོན་གྱི་སྡོད་གནས་ནི་སི་ཡ་ཐོའི་ཕྱུག་པོ་དག་གི་སྡོད་གནས་སུ་ཡོད་ལ།ནུབ་ཕྱོགས་ནས་བལྟས་ན།ཕོ་འེ་ལུན(Paul Allen)(Microsoftགསར་འབྱེད་མཁན་གྲས་གཅིག)གྱི་སྡོད་གནས་མོ་སིར་གླིང་ཕྲན(Mercer Island)མཐོང་ཐུབ་པ་དང་།ཡང་པེའར་ཀེར་ཚི་ནི་ཁོའི་ཁྱིམ་གྱི་བྱང་ཕྱོགས་མེ་ཏི་ནཱ(Medina)ས་ཁུལ་དུ་བསྡད་ཡོད།
མིག་སྔར།ཀྲའོ་ཧྲི་ལན་ནི་ཨ་རིའི་ཞིབ་དཔྱོད་ཁང་གིས་འཛིན་བཟུང་བྱས་པ་དང་།ཆོ་ཅན་ཅོན་ཡང་འཛིན་རྒྱུའི་བཀའ་རྒྱ་བཀྲམ་འདུག
ཁྲིན་མུའུ་ཡེང་།ས་གཞིས་ལས་རིགས་རབ་གྲས་གསར་འབྱེད་བྱས།
ཁེ་ན་ཏ་ཝིན་ཀི་ཧྭའི་ས་གཞིས་ལས་རིགས་གཉེར་མཁན་གྲགས་ཅནMichaelChingནི་བྲོས་བྱོལ་ཉེས་ཅན་ཁྲིན་མུའུ་ཡེང་ཡིན་ལ།ཁོ་ནི་ཧོ་པེ་ཞིང་ཆེན་ཨུ་ཡོན་ལྷན་ཚོགས་ཀྱི་ཧྲུའུ་ཅི་སྔོན་མ་ཁྲིན་ཝེ་ཀའོ་ཡི་བུ་ཡིན་པ་དང་།༢༠༠༠ ལོར་ཁི་ན་ཏ་རུ་བྲོས་བྱོལ་བྱས་ཤིང་།ད་ལྟ་ཝིན་ཀི་ཧྭར་བསྡད་ཡོད།རྒྱུས་ལོན་ལྟར་ན།དེ་སྔ ༡༩༩༦ ལོར།ཁྲིན་མུའུ་ཡེང་གིས་ཁེ་ན་ཏའི་ལྗང་བྱང་བླངས་ཡོད་མོད།འོན་ཀྱང་ཁེ་ན་ཏའི་སྤྱི་དམངས་སུ་འགྱུར་བའི་ཞུ་ཡིག་ལ་ཡང་དང་བསྐྱར་དུ་ཆོག་མཆན་མ་བཀོད།
ཁེ་ན་ཏའི་རྒྱལ་ཁབ་སྦྲག་ཚགས(Nation Mail)སུ་བཀོད་པ་ལྟར་ན། ཁྲིན་མུའུ་ཡེང་གིས་བདག་གཉེར་བྱེད་བཞིན་པའི་ཁེ་ལས་ཀྱིས་ཁེ་ན་ཏར་ཐོག་ཁང་དང་ཚོང་ལས་ས་གཞིས་རབ་གྲས་ཆེན་པོ ༣ གསར་འབྱེད་བྱས་ཡོད་ལ། དཔེར་ན།ཝིན་ཀི་ཧྭ་གྲོང་ཁྱེར་དུ་ཡོད་པའི་ཐོག་ཁང"རབ་གྲས ༤༥ "དང་།མཚོ་ཁུག་ཁོ་ཡུ་ཆིན་དུ་ཡོད་པའི"མཚོ་འགྲམ་གྱི་གུང་གསེང་གཏོང་སའི་མགྲོན་ཁང"ལྟ་བུ་བཅས་མང་པོ་འདུགདེ་མ་ཟད།ཁོར་དབང་བའི་ཝིན་ཀི་ཧྭའི་ནུབ་ཕྱོགས་ཀྱི་ཞང་ཧྲུའུ་ལིན་དུ་ཡོད་པའི་སྡོད་ཁང་དེར་དངུལ་སྒོར་ཁྲི་ཚོ ༢༠༠༠ ལྷག་གི་རིན་ཐང་ཡོད་པ་དང་།ཁོའི་བྱིས་པ་འགྲིམས་བཞིན་པའི་སློབ་གྲྭ་ནི་ཡུལ་དེར་སྐད་གྲགས་ཁྱབ་པའི་སྒེར་བཙུགས་སློབ་གྲྭ་ཞིག་ཡིན།བྱང་ཕྱོགས་ཀྲུང་གོའི་སྔ་དྲོའི་ཚགས་པར(South China Morning Post)དུ་བཀོད་པ་ལྟར་ན།ཁྲིན་མུའུ་ཡེང་གིས ༢༠༡༣ ལོར་ཝིན་ཀི་ཧྭ་དང་ཉེ་བའི་མཚོ་ཁུག་ཏུ་སྤྱི་ཆིང ༦༥ ཡོད་པའི་གླིང་ཕྲན་ཆུང་ཆུང་ཞིག་ཉོས་པ་དང་།དེར་མི་སྒེར་གྱི་གནམ་གྲུ་ཐང་འདུག་ཅེས་བཀོད་ཡོད།