ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོ་ནས་བལ་བོ་དབར་གྱི་གཞུང་ལམ་ཕྱོགས་གཉིས་ཀ་ནས་ཤར་གཏོང་ཐུབ་པ།

2015-05-22

ཟླ་5ཚེས་20ཉིན། ཀྲུང་གོའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རོགས་སྐྱོབ་རུ་ཆེན་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཧྥུ་ལིང་དང་བལ་བོའི་དམག་ཕྱོགས་ཀྱི་འཐུས་མི་ཧྲང་ཞའོ་དམག་དཔོན་ལྷ་མོ·ཐ་ཕ་གཉིས་ཀྱིས་བལ་བོའི་ཏི་མུའུ་ལེ་གྲོང་ཚོར་ཐུན་མོང་ཐོག་ཀྲུང་གོའི་སྐྱིད་གྲོང་འགག་སྒོ་ནས་བལ་བོའི་ཀ་ཏ་མན་རྡུ་བར་གྱི་གཞུང་ལམ་ཤར་གཏོང་ཐུབ་པ་ཁྱབ་བསྒྲགས་བྱས་པ་དེ་ཐོག་ནས་བལ་བོར་ས་ཡོམ་དྲག་པོ་བརྒྱབ་སྟེ་འགག་པའི་ཀྲུང་བལ་གཞུང་ལམ་བོད་ལྗོངས་འགྲམ་འགག་སྒོ་ནས་བལ་བོའི་རྒྱལ་ས་ཀ་ཏ་མན་རྡུ་བར་དང་བོད་ལྗོངས་སྐྱིད་གྲོང་འགག་སྒོ་ནས་ཀ་ཏ་མན་རྡུ་བར་གྱི་ཀྲུང་ནེའི་བགྲོད་ལམ་ཆེ་གྲས་གཉིས་ཕྱོགས་གཉིས་ཀ་ནས་ཤར་གཏོང་ཐུབ་པ་མཚོན་ཞིང་། འདི་ནི་ཉིན་དེར་བལ་བོའི་ཏི་མུའུ་ལེ་རུ་ཀྲུང་གོའི་དྲག་ཆས་ཉེན་རྟོག་འགྲིམ་འགྲུལ་རོགས་སྐྱོབ་རུ་ཆེན་གྱི་སྤྱི་ཁྱབ་བཀོད་འདོམས་པ་ཧྥུ་ལིང(གཡོན་གྱི་གསུམ་པ)གིས་བལ་བོའི་དམག་ཕྱོགས་ཀྱི་འཐུས་མི་དང་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

འབྲེལ་ཡོད་རྩོམ་ཡིག