ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཞིས་ཅིན་ཕིང་གིས་ཀྲུང་གོ་དང་རྒྱ་གར་རོགས་མཐུན་འབྲེལ་བ་འཛུགས་རྒྱུར་བསམ་འཆར་བཞི་བཏོན།

2015-05-18

ཟླ ༥ པའི་ཚེས ༡༤ ཉིན།ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་ཞི་ཨན་ནས་རྒྱ་གར་སྲིད་འཛིན་མོ་ཏི་དང་ཐུགས་འཕྲད་གནང་།

ཚེས ༡༤ ཉིན་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་རྒྱ་གར་སྲིད་འཛིན་མོ་ཏི་གཉིས་ཞི་ཨན་ནས་ཐུགས་འཕྲད་གནང་།ཞིས་ཅིན་ཕིང་གིས་ནན་གྱིས་བསྟན་དོན། ཕྱོགས་གཉིས་ཀས་ལོ་རྒྱུས་ཀྱི་འཕེལ་ཕྱོགས་དང་རང་རང་གི་མི་རིགས་བསྐྱར་དར་གྱི་འཐབ་ཇུས་དགོས་མཁོ་དང་བསྟུན་ནས་སྔར་ལས་ཟབ་པའི་རོགས་མཐུན་གྱི་འབྲེལ་བ་འཛུགས་དགོས་ཞེས་བརྗོད་བྱུང་།

ཞིས་ཅིན་ཕིང་གིས་དེའི་ཕྱོགས་ལ་བསམ་འཆར་བཞི་བསྟན་དོན།གཅིག་ནི་འཐབ་ཇུས་ཀྱི་ཚད་རིམ་དང་རྒྱལ་ཁབ་གཉིས་ཀྱི་རྒྱང་རིང་བའི་འཕེལ་རྒྱས་ཀྱི་ཕྱོགས་ནས་ཕྱོགས་གཉིས་ཀའི་འབྲེལ་བར་ལྟ་སྟངས་འཛིན་པ་དང་ཐག་གཅོད་དགོས་ལ།རྒྱལ་སྤྱི་དང་ས་ཁུལ་གྱི་ལས་དོན་ཁྲོད་ཀྱི་འཐབ་ཇུས་མཉམ་འབྲེལ་ལ་ཤུགས་རྒྱབ་ནས།རྒྱལ་སྤྱིའི་སྒྲིག་སྲོལ་སྔར་ལས་དྲང་བདེན་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བ་ལ་འབད་དགོས།ཕྱོགས་གཉིས་ཀས་རྒྱུད་གཅིག་ལམ་གཅིག་དང་།ཡ་གླིང་རྨང་གཞིའི་སྒྲིག་ཆས་ཀྱི་མ་རྩའི་དངུལ་ཁང་སོགས་རེ་འདུན་དག་དང་སྲིད་འཛིན་མོ་ཏི་ཡིས་བཏོན་པའི་ཤར་ཕྱོགས་སུ་འགུལ་སྐྱོད་ཞེས་པའི་སྲིད་ཇུས་ཕྱོགས་ལ་འབྲེལ་འདྲིས་བྱས་ནས་ཐུན་མོང་གི་ཆ་བཙལ་ནས་ཁ་སྤྲད་ཆོག་ལ།ཟུང་ཕན་གཉིས་རྒྱལ་གྱི་མཉམ་འབྲེལ་བྱེད་སྟངས་ལ་གྲོས་བསྡུར་བྱས་ནས་མཉམ་དུ་འཕེལ་རྒྱས་འགྲོ་བ་ལ་སྐུལ་འདེད་བྱས་ཆོག

གཉིས་ནི་སྔར་ལས་ཟབ་པའི་སྒོ་ནས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་ཁ་སྤྲད་ནས་དཔལ་འབྱོར་གྱི་ཕུང་བོ་ཆེན་པོ་གཉིས་ཕན་ཚུན་ཚད་མཐོན་པོའི་ངང་རོགས་རམ་དང་ཞན་ཆ་གསབ་ནས་མུ་མཐུད་དུ་ས་ཁུལ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཟུང་ཏུ་གྱུར་ནས་ས་གནས་དཔལ་འབྱོར་གཅིག་གྱུར་ཅན་ལ་སྐུལ་འདེད་བཏང་ནས་འཛམ་གླིང་དཔལ་འབྱོར་གྱི་འཕེལ་རྒྱས་ལ་ནུས་པ་བཏོན་ཆོགགཙོ་བོ་ནི་ལྕགས་ལམ་དང་ཐོན་ལས་ཁུལ་སོགས་ཕྱོགས་ནས་མཉམ་འབྲེལ་དང་།གྲོང་རྡལ་ཅན་གསར་བ་དང་མི་ཤུགས་ཐོན་ཁུངས་གསོ་སྦྱོང་སོགས་ཕྱོགས་ནས་མཉམ་འབྲེལ་བྱས་ཆོགཀྲུང་གོའི་ཕྱོགས་ནས་ཀྲུང་གོའི་ཁེ་ལས་རྒྱ་གར་དུ་བསྐྱོད་ནས་མ་དངུལ་འཇོག་པ་ལ་རྒྱབ་སྐྱོར་ཡོད་པས་ཧུན་རྡུ་ཕྱོགས་ནས་ཆ་རྐྱེན་སྐྲུན་རྒྱུར་རེ་བ་བཅངས་ཡོད།

གསུམ་ནི་མཉམ་དུ་ཤུགས་རྒྱབ་ནས་རྒྱལ་ཁབ་གཉིས་ཀྱི་ཕན་ཚུན་ཡིད་ཆེས་གོང་མཐོར་གཏོང་བ་དང་།མི་མཐུན་པ་དང་གནད་དོན་ལ་ཡག་པོར་བདག་འཛིན་བྱས་ནས་ཕྱོགས་གཉིས་ཀའི་འབྲེལ་བ་སྤྱི་ལ་གནོད་མི་བསྐྱེད་པ་བྱེད་དགོས།

བཞི་ནི་རྒྱལ་ཁབ་གཉིས་ཀྱི་ལས་རིགས་སོ་སོ་བར་འབྲེལ་འདྲིས་བྱེད་པར་སྐུལ་མ་བཏང་ནས་ཆ་རྒྱུས་ཇེ་ཟབ་ཏུ་གཏོང་བ་དང་།ཀྲུང་གོ་དང་རྒྱ་གར་རིག་གནས་འབྲེལ་འདྲིས་དང་རྒྱ་གར་ཡུལ་སྐོར་ལོའི་བྱ་འགུལ་སྤེལ་ནས་མུ་མཐུད་དུ་རིག་མཛོད།སྨྱན་སྦྱོར།ན་གཞོན་འབྲེལ་འདྲིས་ཕྱོགས་ལ་ཤུགས་རྒྱགས་ཁུལ་བར་མཛའ་མཇུན་འགྲོ་རེས་ཇེ་ཆེར་གཏོང་བ།རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་དང་རིམ་པ་མང་པོའི་མི་ཆོས་མཉམ་འབྲེལ་གྱི་སྒྲིག་གཞི་ཆེན་པོར་སྐུད་འདེད་བཏང་ནས་ཀྲུང་གོ་དང་རྒྱ་གར་མཛའ་མཐུན་མཉམ་འབྲེལ་ཕྱོགས་གཉིས་ཀའི་ཐུན་མོང་གི་ལྟ་བ་རུ་ཆགས་སུ་འཇུག་དགོས།

འབྲེལ་ཡོད་རྩོམ་ཡིག