ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བལ་བོར་ཡང་འགུལ་ཚད ༧.༥ ཡི་ས་ཡོམ་བྱུང་། བོད་ལྗོངས་གནོད་ཐེབས་ཁུལ་དུ་མ་འོངས་ཉིན་གསུམ་ནང་ཆར་མང་།

2015-05-13

བལ་ཡུལ་དུ་ཡང་བསྐྱར་རིམ་ཚད༧.༥ཡི་ས་ཡོམ་བྱུང་།བོད་ལྗོངས་ཀྱི་གནོད་ཐེབས་ས་ཁུལ་ལ་མ་འོངས་པའི་ཉིན་གསུམ་ནང་ཆར་ཆུ་མང་།

ཀྲུང་གོའི་གནམ་གཤིས་དྲ་བའི་གནས་ཚུལ་དུ།ཀྲུང་གོའི་ས་ཡོམ་ཚོད་བརྟག་ལྟེ་བའི་ཚོད་བགམ་ལྟར་ན་པེ་ཅིང་དུས་ཚོད་ཟླ༥བའི་ཚེས༡༢ཉིན་གྱི་ཆུ་ཚོད༡༥དང་སྐར་མ༠༥སྟེང་།བལ་ཡུལ་དུ་ཡང་བསྐྱར་རིམ་ཚད༧.༥ཡི་ས་ཡོམ་གྱི་གནོད་འཚེ་བྱུང་འདུག(བྱང་འཕྲེད་ཐིག་ཏུའུ༢༧.༨དང་ཤར་གཞུང་ཐིག་ཏུའུ༨༦.༡ཡི་གནས།)ས་ཡོམ་གྱི་འགུལ་ཁུངས་ཀྱི་ཟབ་ཚད་སྟོང་རྨིད༡༠ཡིན་པ་དང་།ས་ཡོམ་གྱི་ལྟེ་བ་ནས་བོད་ལྗོངས་ཀྱི་གཉའ་ལམ་རྫོང་འགྲམ་གྲོང་སྡེ་དབར་སྟོང་རྨིད༣༠མ་གཏོགས་མི་འདུག

མ་འོངས་བའི་ཉིན་གསུམ་རིང་བོད་ལྗོངས་ཀྱི་གནམ་ངོ་འཁྱག་ཅིང་ཆར་ཆུ་མང་།ཚེས༡༢ཉིན་གྱི་མཚན་ལ་སྤྲིན་མང་པ་དང་གནམ་ངོ་འཁྱག་ལ་ཆར་ཆུང་ཆུང་འབབ་རྒྱུ་རེད།ཚེས༡༣ནས་ཚེས༡༤ཉིན་བར་སྤྲིན་མང་ཞིང་ཆར་ཆུ་འབྲིང་ཙམ་འབབ་རྒྱུ་རེད།

བོད་ལྗོངས་ཀྱི་འགྲམ་གྲོང་སྡེ་ཡི་ཆུ་ཚོད༢༤རིང་གི་གནམ་གཤིས་གནས་ཚུལ།

བལ་ཡུལ་གནོད་ཐེབས་ས་ཁུལ་གྱི་མ་འོངས་བའི་ཉིན་གསུམ་རིང་གི་གནམ་གཤིས་སྔོན་བརྡ།

གཞན་མ་འོངས་པའི་ཉིན་གསུམ་ནང་བལ་ཡུལ་གྱི་ས་ཡོམ་གནོད་ཐེབས་ས་ཁུལ་དུ་གནམ་ངོ་རུབ་པ་མང་ཞིང་།མཚམས་མཚམས་སུ་ཆར་བ་ཆུང་ཆུང་འབབ་རྒྱུ་རེད།

གསལ་འདེབས་ཞུ་རྒྱུ་ཞིག་ལ་བོད་ལྗོངས་ཀྱི་ས་ཡོམ་གནོད་ཐེབས་ས་ཁུལ་ལ་མ་འོངས་པའི་ཉིན་གསུམ་ལ་ཆར་ཆུ་མང་བའི་གནམ་གཤིས་ཡིན་པ་དང་།ས་རྒྱུ་སོབ་ཤས་ཆེ་བས།ཆར་བ་བབས་པ་ལས་བསྐྱེད་སྲིད་པའི་འདམ་རྡོའི་བཞུར་རྒྱུན་དང་རི་ཉུལ་སོགས་ཀྱི་རང་བྱུང་གནོད་འཚེ་འབྱུང་བར་འགོག་སྲུང་ནན་མོ་བྱ་དགོས་པ་དང་།དེ་དང་མཉམ་དུ་གནོད་ཁུལ་མང་ཚོགས་ཀྱི་བཀོད་སྒྲིག་དང་འགྲིམ་འགྲུལ་བདེ་འཇགས་དོ་དམ་ལ་ཤུགས་སྣོན་བྱ་དགོས་ལ།གནོད་ཁུལ་གྱི་ནངས་དགོང་གི་གནམ་གཤིས་ཧ་ཅང་འཁྱག་པས་ན་དེར་མཐུན་གྲ་སྒྲིག་གང་འཚམ་བྱེད་པ་དང་།ཆམས་ནད་རིམས་ནད་རིགས་ཀྱི་སྔོན་འགོག་ལ་ཤུགས་སྣོན་དགོས།

འབྲེལ་ཡོད་རྩོམ་ཡིག