ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་སློབ་ཆེན་གྱིས༢༠༡༥ལོའི་གསར་འགྱུར་རིག་པའི་ཆེད་ལས་སློབ་མ༢༥བསྡུ་རྒྱུ་ཡིན་པ།

2015-05-06

གསར་འགོད་པས་བོད་ལྗོངས་སློབ་ཆེན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོར་བོད་ལྗོངས་སློབ་ཆེན་གྱིས་བོད་ལྗོངས་ཕྱོགས་ནས༢༠༡༥ལོའི་གསར་འགྱུར་རིག་པའི་ཆེད་ལས(བོད་སྐད་སྙན་སྒྲོན་དང་གཙོ་སྐྱོང་པའི་སྒྱུ་རྩལ་ཁ་ཕྱོགས)སློབ་མ་བསྡུ་རྒྱུ་ཡིན་པ་རེད། འཆར་གཞི་ལྟར་ན། སློབ་མ༢༥བསྡུ་རྒྱུ་དང་དངོས་གཞིའི་ཚན་ཁག་གི་རིམ་པ་དང་དགེ་འོས་མིན་པའི་རིགས་ཡིན་པ་དང་དེའི་ཁྲོད་སློབ་མ་བུ༡༢དང་བུ་མོ༡༣བསྡུ་རྒྱུ་ཡིན་པ་རེད།

ཆེད་ལས་དེའི་སློབ་བསྡུའི་ཡིག་རྒྱུགས་ཀྱི་ནང་དོན་ཁྲོད་རྩོམ་ཡིག་ཀློག་པ་དང་། སྐབས་ཐོག་བརྗོད་གཞིར་དཔྱད་བརྗོད། མི་སྒེར་གྱི་རྩལ་འགྲན་སོགས་ཚུད་ཡོད། སློབ་བསྡུའི་འཆར་གཞི་དང་དེ་བཞིན་རྒྱུགས་ལེན་བསྐྱར་མའི་མི་གྲངས་ལ་གཞིགས་ནས་ཚད་ལོན་ཚད་གཏན་འཁེལ་བྱ་རྒྱུ་རེད། རྒྱུགས་ལེན་བསྐྱར་མའི་སྐར་གྲངས་དང་དེ་བཞིན་ཚད་ལོན་རྒྱུགས་སྤྲོད་སློབ་མའི་མིང་ཐོ༢༠༡༥ལོའི་ཟླ༥བའི་ཚེས༢༥ཉིན་ཙམ་དུ་བོད་ལྗོངས་སློབ་ཆེན་གྱི་སློབ་གླིང་དྲ་བ་སྟེ་སློབ་བསྡུའི་ཆ་འཕྲིན་ལེ་ཚན་ཐོག་ཡོངས་བསྒྲགས་བྱ་རྒྱུ་ཡིན་པ་རེད།

འབྲེལ་ཡོད་རྩོམ་ཡིག