ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

མཐའ་སྲུང་དཔོན་དམག་གིས་གནོད་འཚེ་ཕོག་ཁུལ་མང་ཚོགས་ལ་སེམས་ཁམས་ཁྲིད་སྟོན་བྱས་པ།

2015-05-06

སྐྱིད་རོང་གྲོང་རྡལ་ཆ་ཚང་སློབ་ཆུང་གི་སློབ་མས་སེམས་ཁམས་ཁྲིད་སྟོན་རོལ་རྩེད་བརྩེ་བཞིན་པ།

སྤྱི་ཟླ༥བའི་ཚེས༤ཉིན། བོད་རང་སྐྱོང་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་སྐྱིད་རོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་སེམས་ཁམས་བློ་འདྲིའི་དགེ་རྒན་གྱིས་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་ཉེ་འགྲམ་དུ་ཡོད་པའི་སྐྱིད་རོང་རྫོང་སྐྱིད་རོང་ཤང་ཆ་ཚང་སློབ་ཆུང་གི་ལོ་རིམ་དང་པོ་ནས་གསུམ་པའི་བར་གྱི་སློབ་མར་ས་ཡོམ་རྗེས་ཀྱི་སེམས་ཁམས་ཁྲིད་སྟོན་དང་སེམས་ཁམས་སླར་གསོ་བྱེད་བཞིན་ཡོད། སྐྱིད་རོང་རྫོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་དཔོན་དམག་གིས་གནོད་འཚེ་ཕོག་ཁུལ་དུ་སེམས་ཁམས་ཁྲིད་སྟོན་གྱི་སློབ་ཚན་དང་པོ་འཁྲིད་པ་དང་། འཆར་གཞི་བྱས་ན་གཟའ་འཁོར་རེར་སེམས་ཁམས་ཁྲིད་སྟོན་ཐེངས་རེ་བྱེད་རྒྱུ་དང་སློབ་ཚན་རེ་སྐར་མ༤༠ཚོགས་རྒྱུ། སློབ་ཚན་དེ་དག་རོལ་རྩེད་ཀྱི་བྱ་ཐབས་ཐོག་ནས་སྤེལ་རྒྱུ་རེད།

མཐའ་སྲུང་དཔོན་དམག་དང་ཆ་ཚང་སློབ་ཆུང་གི་སློབ་མ་མཉམ་དུ་རོལ་རྩེད་བརྩེ་བཞིན་པ།

མཐའ་སྲུང་དཔོན་དམག་དང་ཆ་ཚང་སློབ་ཆུང་གི་སློབ་མ་མཉམ་དུ་རོལ་རྩེད་བརྩེ་བཞིན་པ།

འབྲེལ་ཡོད་རྩོམ་ཡིག