རྩིས་སྤྲོད་བྱུང་པའི་དོམ་པགས།
དོགས་ཡོད་ཉེས་ཅན་མི་སྣ།
ཡུན་ནན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ལམ་ཉེན་རྟོག་པས་ཡུན་ནན་ཞིང་ཆེན་ཧྲོ་ཐུང་གྲོང་ཁྱེར་ཡན་ཅིན་རྫོང་དུ་དོམ་ཁྲ་བསད་པའི་གྱོད་གཞི་ཞིག་རྩད་ཆོད་བྱུང་ཡོད་པ་དང་། ད་སྔ་དོགས་ཡོད་ཉེས་ཅན་མི་སྣ༡༠འཛིན་བཟུང་བྱས་ནས་དོམ་པགས་གཅིག་དང་། དོམ་ཤ་སྤྱི་རྒྱ་༩.༧༥། དོམ་རྐང་གཉིས། མགོ་རུས་དུམ་བུ་གཉིས། དོམ་མཁྲིས་གཅིག་བཅས་རྩད་ཆོད་ལག་ཟིན་བྱུང་ཡོད། དེ་ཡང་དོམ་ཁྲ་ནི་རྒྱལ་ཁབ་ཀྱི་གཅེས་ནོར་ཞེས་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་གཙོ་གྲས་རེད། གཞན་ཕིང་ཕེ་གསར་འགྱུར་དྲ་བས་བཀོད་འཕྲིན་ལྟར་ན། དེ་སྔོན་གསར་འགོད་པར་དོམ་ཁྲ་བསད་སྐོར་གྱི་གསར་འཕྲིན་འབྱོར་རྗེས། ཡུན་ནན་ཞིང་ཆེན་ནགས་ཚལ་སྤྱི་བདེ་ཅུས་ནས་ར་སྤྲོད་བྱས་པར་གནས་ཚུལ་ཐག་ཆོད་བྱུང་པར། གྱོད་དོན་བྱུང་དུས་ནི་ན་ནིང་ལོའི་ཟླ༡༢པའི་ཚེས་༤ཉིན་ཡིན་ཏེ། དོམ་ཁྲ་དར་མ་ཞིག་དམར་གསོད་བཏང་པ་དང་། དམར་གསོད་གཏོང་མཁན་ཝང་ག་གེ་མོ་སྤུན་གཉིས་དང་དོམ་ཤ་ཉོ་མཁན་ཝུའུ་ག་གེ་གོ་བཅས་འཛིན་བཟུང་ཐེབས་འདུག
དེ་སྔོན་དོམ་ཁྲ་བསད་པའི་གྱོད་གཞི།
༢༠༠༣ལོའི་ཟླ༤པར། ཁྲིན་ཡུས་མྱུར་བགྲོད་གཞུང་ལམ་སང་ཅ་པའོ་ལམ་ཁྲལ་བསྡུ་ཚིགས་སུ་ཁྲིང་ཆིན་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱིས་རླངས་འཁོར་ཞིག་ནས་དོམ་པགས་གཅིག་རྩད་ཆོད་ལག་ཟིན་བྱུང་པ་དང་། དོགས་ཡོད་ཉེས་ཅན་མི་སྣ༤འཛིན་བཟུང་བྱས། ཉེན་རྟོག་མི་སྣས་གསལ་འབྱེད་བྱས་པ་བརྒྱུད། དམར་གསོད་བཏང་པའི་དོམ་ཁྲ་དེ་ནི་ལོ་གཅིག་དང་ཕྱེད་ཀ་ཡིན་པ་དང་། དོམ་པགས་ཀྱི་རིང་ཚད་ལ་ལི་རྨི༨༠ཡོད་འདུག སྤྱི་བདེ་མི་སྣས་བརྟག་དཔྱད་བྱས་དོན། དོམ་ཁྲ་འདི་ནི་སི་ཁྲོན་ཞིང་ཆེན་པའོ་ཤིན་རྫོང་གི་ཞིང་པ་ཡང་ཧྲི་ཁྲིང་གིས་རྒྱུ་ནོར་གྱི་ཆེད་དམར་གསོད་བྱས་པ་ཡིན་ལ།དོམ་པགས་དེ་ཉིད་དམངས་སྒོར་ཁྲི༥༥ཡི་གོང་ཚད་ཀྱིས་ཁྲུང་ཆིན་ཕྱོགས་སུ་བཙོང་འཆར་འདུག ༢༠༠༣ལོའི་ཟླ༧པར། སི་ཁྲོན་ཝུན་ཁྲོན་རྫོང་གི་ཉེན་རྟོག་པས་དོམ་ཁྲ་དམར་གསོད་བྱས་པའི་གྱོད་དོན་ཞིག་རྩད་ཆོད་བྱུང་། ཉེས་ཅན་མི་སྣ་ཀྲང་ག་གེ་མོ་དང་ལི་ག་གེ་མོས་དོམ་ཁྲའི་སྡེར་མོ་ནི་དོམ་ནག་གི་སྡེར་མོ་བཞིན་གོང་ཚད་མཐོན་པོར་བཙོངས་ཐུབ་པ་རྟོགས་ནས། རི་ནས་དོམ་ཁྲ་ཞིག་ལ་མེ་མདའ ༨ འཕངས་ནས་བསད་འདུག ཁོ་ཚོས་དོམ་གྱི་སྡེར་མོ་བཞི་དམངས་སྒོར ༡༣༥༠ གོང་ཚད་ཀྱིས་རང་སྡེ་བའི་སྡེ་མི་ལི་ག་གེ་མོར་བཙོངས་པ་དང་། ལི་ག་གེ་མོས་ཡའོ་ག་གེ་མོར་བཙོང་ནས་མཐའ་མར་དམངས་སྒོར ༢༥༠༠ ཡི་རིན་གོང་གིས་ཁྲིན་ཏུའུ་གྲོང་ཁྱེར་གྱི་སྨན་རྫས་ཚོང་ཁང་ཞིག་ཏུ་བཙོངས་འདུག
༢༠༠༧ ལོའི་ཟླ ༦ པར། སི་ཁྲོན་པའོ་ཞིང་དོམ་ཁྲ་སྲུང་སྐྱོབ་ས་ཁུལ་དུ། རྔོན་པ་ལི་ཆི་ཅོན་གྱིས་དོམ་ཁྲ་ཞིག་དམར་གསོད་བྱས་འདུག
མིའི་རིགས་ནི་ཡུལ་ཕྱིའི་དོམ་ཁྲའི་ཚེ་སྲོག་གི་ཉེན་ཁ་གཙོ་བོར་གྱུར་འདུག
ལོ་རྒྱུས་ཡིག་ཚགས་སྡོམ་རྩིས་བྱས་པར་གཞིགས་ན། རང་བྱུང་འཇིགས་པ་དང་། ཁ་ཟས་དཀོན་པ། ནད་ཡམས་བྱུང་པ། སྡོད་གནས་ཇེ་ཆུང་དུ་ཕྱིན་པ་སོགས་ནི་དོམ་ཁྲ་དག་ཡུལ་ཕྱི་ནས་ཤི་རྐྱེན་གཙོ་བོ་ཡིན་ལ། ཁོ་ཚོའི་སྲོག་དགྲ་གཙོ་བོ་ནི་གཟིག་དང་མཚའ། སྲེ་མོང་བཅས་རེད། ཞིབ་འཇུག་པས་ཞིབ་འཇུག་ལྟར་ན་ཡུལ་ཕྱིའི་དོམ་ཁྲ་དག་ནི་འཚོ་བཅུད་ཀྱིས་མ་འདང་པ་དང་། ལུས་སྟོབས་ཞན་པ། ནུས་འགོག་གི་ནུས་པ་ཉམས་པ་སོགས་ཀྱི་དབང་གིས་ཤི་བ་ཡང་མང་པོ་ཡོད་འདུག
གཞི་གྲངས་ལྟར་ན། འཆི་ལམ་དུ་ཤོར་པའི་རི་སྐྱེས་དོམ་ཁྲའི་སུམ་ཆའི་གཅིག་ནི་འཇུ་སྟོབས་ཉམས་པའི་དབང་གིས་རེད། དེ་ཡང་དོམ་ཁྲ་ནི་དུས་རབས་གསར་པའི་དུས་འགོར་འཕེལ་རྒྱས་བྱུང་པའི་ཤ་གཟན་སྲོག་ཆགས་རིགས་ཤིག་ཡིན་ཏེ། འཇུ་བདེ་བའི་སྲོག་ཆགས་རིགས་ཁ་ཟས་སུ་བསྟེན་གྱི་འདུག ད་བར་དུ་འཇུ་ལམ་གྱི་དབང་པོར་ཤ་ཟན་སྲོག་ཆགས་ཀྱི་ཁྱད་ཆོས་ལྡན་ཡོད་པ་རེད། དེ་བས་དོམ་ཁྲས་སྨྱུག་མ་འབོར་ཆེན་རྒྱུ་ལམ་ནས་འཇུ་དཀའ་བས། སྨྱུག་མ་མང་པོ་ཟོས་ནས་འཇུ་མ་ཐུབ་པ་དེས་རྒྱུ་ལམ་ལ་གནོད་པ་ཆེན་པོ་ཐེབས་ནས་དང་ག་འགག་པ་དང་། ཕོ་རྒྱུ་ཚ་ནད་སོགས་ཀྱི་ནད་རིགས་ཀྱང་འཆི་རྐྱེན་གཙོ་བོར་གྱུར་ཡོད་པ་རེད།
རང་བྱུང་འཇིགས་པ་དང་དང་ནད་རིགས་གཉིས་དང་བསྡུར་ན།་མིའི་རིགས་ཀྱི་གནོད་འཚེ་ནི་དོམ་ཁྲ་རྩ་མེད་འགྲོ་བའི་ཉེན་ཁ་ཆེ་ཤོས་རེད། དོམ་ཁྲ་འཚོ་ཁུལ་དུ་སྲིད་གཞུང་གིས་ཆོག་འཐུས་མེད་པའི་གཏེར་ཁུངས་ཐོན་སྤེལ་དང་། འབག་བཙོག་ ཤིང་ཆ་གཅོད་པ། རྔོན་ལས་སོགས་ཀྱིས་དོམ་ཁྲའི་འཚོ་གནས་དང་རྒྱུད་སྤེལ་བར་གནོད་པ་ཆེན་པོ་ཐེབས་ཡོད། དོམ་ཁྲ་འདི་དག་གི་འཚོ་ཁུལ་ལ་གཏུབ་ལུང་གཏུབ་བྱས་པ་དེས། ས་གནས་མང་པོར་དོམ་ཁྲ་ཕན་ཚུན་བར་རྒྱུད་སྤེལ་ཁག་པོ་ཡོད་པ་དང་། རིགས་རྒྱུད་ཉམས་པ་དང་རྒྱུད་འཕེལ་མ་ཐུབ་པ། ཕྲུ་གུ་གསོན་ཚད་དམའ་བ། ནད་ཡམས་སྔོན་འགོག་གི་ནུས་པ་སོགས་ཀྱིས་དེ་དག་རྩ་མེད་དུ་འགྱུར་བའི་ཉེན་ཁ་ཡང་ཆེ་རུ་ཕྱིན་འདུག