ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཨ་རིའི་བྱིས་པ་ཞིག་གིས་ལོ་གཅིག་ནང་དངོས་གཞིའི་བསླབ་གནས་གསུམ་བླངས།

2015-05-26

ལོ ༡༡ ཅན་གྱི་བུ་ཆུང་ཐ་ཉི་ཧྲི་ཡ་པོ་ལ་ཧན་གྱིས་ལོ་གཅིག་ནང་འབུར་ཐོན་སྐར་གྲངས་བླངས་ཏེ་སློབ་ཆེན་མཐར་ཕྱིན།

ཀྲུང་གོ་གསར་འགྱུར་དྲ་བའི་ཟླ ༥ བའི་ཚེས ༢༢ ཉིན་གྱི་གློག་འཕྲིན་འབྱོར་གསལ། ཚེས ༢༡ ཉིན་ཕྱི་རྒྱལ་སྨྱན་བྱེད་ཀྱིས་གསར་འགྱུར་སྤེལ་བ་ལྟར་ན། ཨ་རི་ཁ་ལི་ཧྥོ་ཉི་ཡའི་ལོ ༡༡ ཅན་གྱི་བུ་ཆུང་ཐ་ཉི་ཧྲི་ཡ་པོ་ལ་ཧན (Tanishq Abraham)གྱིས་ལོ་གཅིག་ནང་དངོས་གཞིའི་བསླབ་གནས་(Associate´s Degree)གསུམ་བླངས་པ་མ་ཟད། འབུར་དུ་ཐོན་པའི་སྐར་གྲངས་བླངས་ནས་སློབ་ཆེན་གྱི་སློབ་མཐར་ཕྱིན་ཟེར།

ཚེས ༢༠ ཉིན། ཐ་ཉི་ཧྲི་ཁ་ལི་ཧྥོ་ཉི་ཡ་ན་ཡོད་པའི་མེ་གླིང་ཆུ་བོ་སློབ་གླིང་གི་མཐར་ཕྱིན་མཛད་སྒོར་ཞུགས་པ་དང་། ཁོས་བཤད་རྒྱུར། ཁོ་ལ་མཚོན་ན་དེ་ལས་སླ་བོ་ཞིག་རེད། སློབ་གྲོགས་ཁ་ཤས“ཧང་སང་”གིན་འདུག་མོད། འོན་ཀྱང་མང་ཆེ་བ་དེ་ལས་འཛིན་གྲྭའི་ནང་དུ་ན་ཆུང་བྱིས་པ་ཞིག་ཡོད་པ་དེ་ལ་ཡ་མཚར་གྱིན་འདུག ཁོའི་ཨ་མ་ཐ་ཇི(Taji)ཡིས་བཤད་རྒྱུར། བྱིས་གཉོར་ཁང་ནས་བཟུང་ཐ་ཉི་ཧྲི་ཡིས་བྱིས་པ་གཞན་ལས་སློབ་སྦྱོང་བྱེད་སྔ་བ་རེད་ཟེར།

སློབ་བུ་འདི་ཉིད་ལོ ༤ སྟེང་མུན་ས་རྒྱལ་སྤྱི་སློབ་གྲྭ(Mensa International)ཡི་ནང་དུ་རིག་པའི་གནས་ལ་སྦྱངས་འགོ་ཚུགས་པ་དང་། ལོ ༧ ནས་བཟུང་མེ་གླིང་ཆུ་བོ་སློབ་གླིང་དུ་སློབ་ཁྲིད་ལ་ཞུགས། ན་ནིང (ལོ ༡༠)མཐོ་འབྲིང་གི་མཐར་ཕྱིན་རྒྱུགས་གཞི་ཡོངས་སུ་སྤྲད་དེ་སློབ་མཐར་ཕྱིན་པ་རེད།

མེ་གླིང་ཆུ་བོ་སློབ་གླིང་གི་གསུང་བཤད་གནང་མཁན་ཁི་ལོ་(克劳)ཡིས་བཤད་རྒྱུར། སློབ་གྲྭའི་ལོ་རྒྱུས་སྟེང་ཐ་ཉི་ཧྲི་ནི་ཆེས་ཆུང་བའི་མཐར་ཕྱིན་སློབ་མ་ཡིན་པ་འབྲེལ་ཡོད་ཡིག་ཆར་བསྡུར་བ་བྱས་མེད་པས་ཐག་གཅོད་བྱེད་དཀའ་མོད། འོན་ཀྱང་ད་ལོའི་ཆེས་ལོ་ན་གཞོན་པའི་མཐར་ཕྱིན་སློབ་མ་ནི་ཁོ་རང་ཉིད་ལས་གཞན་མེད་དོ།

ཐ་ཉི་ཧྲི་ཡ་པོ་ལ་ཧན་གྱི་ཐེངས་རྗེས་མའི་འཆར་གཞི་ནི་གསོ་རིག་འབུམ་རམས་པའི་བསླབ་གནས་ལེན་རྒྱུ་དེ་ཡིན་ལ། མཐར་ཨ་མེ་རི་ཁའི་ཙུང་ཐུང་ལ་འདུག་འདོད་ཡོད་པ་དང་། ནོ་པེར་བྱ་དགའ་ཡང་ཐོབ་འདོད་ཀྱི་འདུན་པ་ཡོད་པ་བསྟན།

འབྲེལ་ཡོད་རྩོམ་ཡིག