ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ནེའུ་ཟེ་ལན་གྱི་སོ་ནམ་པའི་མི་མེད་གནམ་གྲུས་འབྲོག་ཁྱིའི་ཚབ་ཏུ་ལུག ༢༠༠༠ འཚོ་བ།

2015-06-03
མི་མེད་གནམ་གྲུ་ནི་སང་ཌི་སིའི་མིག་ཟུང་དང་འདྲ་བར། མཁའ་དབྱིངས་ནས་ལུག་ཁྱུ་གང་དུ་ཡོད་པ་གསལ་བོར་མཐོང་ཐུབ།
མི་མེད་གནམ་གྲུ་ནི་སང་ཌི་སིའི་མིག་ཟུང་དང་འདྲ་བར། མཁའ་དབྱིངས་ནས་ལུག་ཁྱུ་གང་དུ་ཡོད་པ་གསལ་བོར་མཐོང་ཐུབ།
སང་ཌི་སིས་བྱིས་པ་ཞིག་གི་ལག་ནས་མི་མེད་གནམ་གྲུ་རྙིང་པ་འདི་ཉོས་པ་རེད། ད་རུང་དུས་ཚོད་རིང་བོ་སྤྱད་ནས་བཟོ་བཅོས་བརྒྱབ།
          དབྱིན་ཇིའི་གསར་ལམ་དུ་སྤེལ་བའི་གནས་ཚལ་ལྟར་ན། ནེའུ་ཟེ་ལན་གླིང་ཕྲན་ལྷོ་མའི་སོ་ནམ་པ་ལེ་ཐི་སང་ཌི་སིས་ཆེད་དུ་མི་མེད་གནམ་གྲུ་ཞིག་བཅོས་སྒྲིག་བྱས་པ་དང་། གནམ་གྲུའི་སྟེང་དུ་སྒྲ་དུང་དང་ཉེན་བརྡ་གཏོང་ཆས་སོགས་སྒྲིག་འཇུག་བྱས། དེས་འབྲོག་ཁྱུའི་ཚབ་བྱས་ཏེ་ལུག ༢༠༠༠ འཚོ་རོགས་བྱེད་ཐུབ་པ་རེད།
          བརྒྱ་ལུག་སྟོང་ལུག་རྫ་ལུང་རི་ལུང་འགྲིམ་ནས་འགྲོ་བ་དང་། དེའི་རྣམ་པ་ནི་ཧྥེ་གླིང་གི་རི་དྭགས་གནས་སྤོ་ཆེན་པོ་དང་མཚུངས། བརྙན་ལེན་བྱེད་མི་མེད་གནམ་གྲུའི་སྟེང་དུ་ཡོད་པ་དང་། མི་མེད་གནམ་གྲུས་དེ་དག་བརྙན་དུ་ལེན་ཐུབ་པ་མ་ཟད་ད་རུང་ལུག་ཀྱང་འཚོ་རོགས་བྱེད་ཐུབ།
          སང་ཌི་སིར་མེ་ལི་ནོའུ་ལུག ༢༠༠༠ དང་ས་ཞིང་དབྱིན་མུའུ་ཁྲི ༢.༩ ཡོད་པ་རེད། འདས་ཟིན་པའི་ལོ ༡ དང་ཕྱེད་ཀའི་ནང་ཁོང་གིས་མི་མེད་གནམ་གྲུ་སྤྱད་ནས་ལུག་འཚོས། ཁོང་གིས་འདི་འདྲ་ཡིན་ན་ཧ་ཅང་སྟབས་བདེ་པོ་འདུག་ཟེར། ཁོང་གིས་སྒྲ་དུང་ཞིག་གནམ་གྲུའི་སྟེང་སྒྲིག་འཇུག་བྱས་པ་དང་། ཐོག་མར་ལུག་ཁྱུ་ཕྱོགས་གཅིག་ཏུ་བསྡུས་རྗེས་དེད་དེ་འགྲོ་བ་དང་། དེ་ནས་རང་གིས་འཕྲུལ་རྟ་བཞོན་ཅིང་འབྲོག་ཁྱི་ཁྲིད་དེ་འགྲོ།
          བརྙན་ནང་དུ་མི་མེད་གནམ་གྲུའི་སྒྲ་ཡིས་ལུག་ཁྱུ་ཆུ་མོའི་འགྲམ་གྱི་འགག་རོང་དུ་དེད་པ་དང་། དེ་རྗེས་ཁོང་གི་འབྲོག་ཁྱིས་ལུག་ཁྱུ་དེད་དེ་ཆུ་མོའི་སྟེང་གི་ཟམ་པ་རྒྱུ། ཁོང་གིས་ཞིང་ར་ཆེན་པོ་བདག་སྐྱོང་བྱེད་མཁན་མི་གཅིག་མ་གཏོགས་གླས་མེད་པས། མི་མེད་གནམ་གྲུས་ཁོ་བོའི་དུས་ཚོད་མང་པོ་གྲོན་ཆུང་བྱས་ཡོད་ལ། ལུག་ཁྱུའི་གྲངས་ཀ་ལེན་པར་ཡང་སྟབས་བདེ་ཆེན་པོ་བསྐྲུན་ཡོད། མི་མེད་གནམ་གྲུ་ནི་སང་ཌི་སིའི་གནམ་མཁའ་རུ་ཡོ་པའི་མིག་ཟུང་དང་འདྲ། དེ་ལྟར་ལུག་ཁྱུ་ནི་ལག་མཐིལ་དུ་བླངས་ཡོད་པ་ལྟ་བུར་སྣང་། ཁོང་གི་ལུག་གཅིག་ར་སྐོར་ལ་ཐོག་པས། སང་ཌི་སིས་མི་མེད་གནམ་གྲུ་སྤྱད་ནས་རྙེད་པ་མ་ཟད་སྐྱོབ་ཐུབ་པ་བྱུང་།
འབྲེལ་ཡོད་རྩོམ་ཡིག