ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཤར་ཕྱོགས་སྐར་ཆེན་རྟགས་ཅན་འབྲུ་ཆུར་ནུབ་རྗེས་མི་བཅུ་ལྷག་བསྐྱབས་པ་དང་འཚོལ་སྐྱོབ་སྔར་བཞིན་བྱེད་བཞིན་ཡོད།

2015-06-02

ཤར་ཕྱོགས་སྐར་ཆེན་རྟགས་ཅན།

ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགྱུར་ལྟར་ན། ཤར་ཕྱོགས་སྐར་ཆེན་རྟགས་ཅན་གྱི་འགྲུལ་སྐྱེལ་གྲུ་གཟིངས་འབྲུ་ཆུར་ནུབ་པའི་རྗེས། ཡུལ་དངོས་ནས་མི་རོ་གཅིག་རྙེད་པ་དང་། དེ་ནི་ཡུལ་སྐོར་ལས་ཁུངས་ཤིག་གི་སྣེ་ཤན་པ་ཡིན་པ་རེད། གཞན་ཧུའུ་པེ་ཉིན་རེའི་ཚགས་པར་གྱི་གསར་འགོད་པས་སྤེལ་བའི་འཕྲིན་དུ་འཚོལ་སྐྱོབ་མི་སྣ་ཆུར་བསྐྱལ་ཏེ་གྲུ་གཟིངས་ལ་ལག་པ་རྡེག་པ་ན་གྲུ་གཟིངས་ནས་ལན་བཏབ་བྱུང་བ་དང་། དེས་གྲུ་གཟིངས་ནང་སྔར་བཞིན་མི་གསོན་ཡོད་པ་ཤེས་ལ་འཚོལ་སྐྱོབ་རེ་བ་བྱིན།

ཡུལ་དངོས།

དུས་ཚོད ༡༢ སྐབས་གྲུ་གཟིངས་སུ་ད་རུང་རྡེག་སྒྲ་ཡོད་པ་དང་། དུས་ཚོད ༡༠ བའི་སྐབས་གྲགས་པའི་སྒྲ་ལས་ཆེ་བ་རེད།ཆུ་བསྐྱལ་བ་གྲུ་གཟིངས་ཀྱི་འགོའི་ཕྱོགས་སུ་བཅར་ནས་ལོ ༦༥ ཅན་གྱི་རྒན་མོ་ཞིག་བདེ་ལེགས་ངང་བསྐྱབས།

ཡུལ་དངོས།

འགྲུལ་སྐྱེལ་གྲུ་གཟིངས་མགོ་རྟིང་ཡོངས་སུ་ལོག་ཏེ་ཞབས་གནམ་ལ་གཏད་ཡོད་པ་རེད། ཉེན་སྐྱོབ་མི་སྣ་འབོར་ཆེན་ཉེན་སྐྱོབ་ཀྱི་ལས་ལ་བྲེལ་བཞིན་པ་དང་། མིག་སྔའི་བར་མི ༡༣ བསྐྱབས་ཐུབ་པ་བྱུང་།

གསར་ལམ་དུ་དོན་རྐྱེན་བྱུང་བའི་སྐབས་ཚད་རིམ ༡༢ ཅན་གྱི་རླུང་གཡུག་བཞིན་པ་དང་དེ་མ་ཉིད་དུ་རྦ་རླབས་དྲག་པོ་འཕྱུར་ཏེ། གྲུ་གཟིངས་མགོ་རྟིང་བསློགས་པ་རེད། མིག་སྔར་གྲུ་དཔོན་དང་འཁོར་དཔོན་གཉིས་བསྐྱབས་པ་རེད། ཁོ་ཚོའི་གསལ་བཤད་ལྟར་ན། དོན་རྐྱེན་བྱུང་བའི་སྐབས་མི ༧ གནས་དེ་ནས་ངོགས་སུ་བསྐྱལ་ཏེ་ཉ་བ་རྣམས་ལ་རོགས་སྐྱོབ་ཞུས་པ་རེད།

ཡུལ་དངོས།

ད་ལྟ་འཚོལ་སྐྱོབ་ཡུལ་དངོས་སུ་ཆར་བ་འབབ་བཞིན་ཡོད་པ་དང་། ས་ཁམས་ཆ་རྐྱེན་གྱི་བར་ཆད་ཐེབས་པས། ཉེན་སྐྱོབ་ལ་དཀའ་ཁག་ཆེན་པོ་འཕྲད་ཡོད།

ཟླ ༦ པའི་ཚེས ༡ ཉིན་གྱི་མཚན་གྱི་ཆུ་ཚོད ༡༡ ལྷག་གི་སྟེང་། འགྲུལ་བ ༤༠༠ ལྷག་བཞུགས་པའི་འགྲུལ་སྐྱེལ་གྲུ་གཟིངས་གློ་བུར་དུ་རླུང་འཁོར་དྲག་པོ་དང་འཕྲད་པས། འབྲུ་ཆུའི་ཧུའུ་པེ་ཧྲི་ཧྲིག་མཚམས་ནས་མགོ་རྟིང་ལོག་པ་རེད། འབྲུ་ཆུའི་གྲུ་ལམ་དང་མཚོ་དོན་སྡེ་ཁག་གིས་འཚོལ་སྐྱོབ་གྲུ་གཟིངས ༡༠ ལྷག་བཏང་ནས་ཉེན་སྐྱོབ་ཀྱི་འགོ་བཙུགས།

ཚེས ༢ ཉིན་གྱི་ཆུ་ཚོད ༨ སྐབས་སུ་འབྲུ་ཆུའི་གྲུ་ལམ་གྱི་་འཚོལ་སྐྱོབ་སྙོམས་སྒྲིག་ལྟེ་གནས་ཀྱིས་གཞུང་ཞབས་གྲུ ༣༤ དང་འགྲོ་འོང་གི་གྲུ་མང་པོ་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་རོགས་སྐྱོབ་ཀྱི་ལས་ཀར་ཞུགས། ཡུལ་དངོས་ནས་མི ༩ བསྐྱབས།

མིག་སྔར་བསྐྱབས་པའི་མི་དག་ལས་མི་གསུམ་ལ་སྨན་བཅོས་བྱེད་བཞིན་ཡོད་པ་དང་། རྨས་སྐྱོན་ལ་ཉེན་ཁ་ཆེར་མེད། ཀྲང་ནི་ལོ ༣༧ ཡིན་པ་དང་ཉེན་ཁ་མེད། ཐན་ནི་ལོ ༤༢ ཡིན་པ་དང་ཕྲག་པ་གཡོན་མའི་རུས་ཚིགས་ཐོར། པུས་མོ་གཡོན་པའི་རུས་ཚིགས་ལ་གས་ཁ་ཤོར། ཁྲེང་ནི་ལོ ༥༠ ཡིན་པ་དང་། རྐང་པ་གཡོན་པར་གས་ཐོར་རང་བཞིན་གྱི་རྨས་ཕོག་ཡོད་པ་དང་། རྐང་པ་གཡོན་པའི་རྐང་རྟིང་ཉྭ་རིལ་གས་ཆད་བྱུང་། རྨས་སྐྱོན་ཕོག་རྐྱེན་ནི་ཕལ་ཆེར་ཐར་ལམ་དུ་འབྲོ་བའི་སྐབས་སུ་དངོས་པོ་གཞན་ལ་རྡེག་པས་ཡིན་སྲིད། མིག་སྔར་རྨས་མ་རྣམས་རྣམ་རིག་བསང་ཡོད་པ་དང་ཉེན་ཁ་ཆེར་མེད།

དོན་རྐྱེན་བྱུང་སའི་ཆུ་ངོས་རྒྱ་ཅུང་ཆེ་བ་དང་འཚོལ་སྐྱོབ་ལས་ཀར་དཀའ་ཁག་ཆེན་པོ་ལྡན། གཞན་ཆུར་ནུབ་པའི་གྲུ་གཟིངས་ཀྱི་ཕུང་ཆེ་བ་དང་ཆུ་ནས་འདོན་པར་ཤུགས་ཆེ་བའི་གྲུ་གཟིངས་དགོས། ཤུགས་ཆེ་གྲུ་གཟིངས་ད་ལྟ་ཡུལ་དངོས་སུ་བསྐྱོད་བཞིན་ཡོད་པ་དང་། ཆུ་འདོན་སྟེགས་བུ་དང་ཆུ་བསྐྱལ་བས་གྲ་སྒྲིག་བྱས་ཡོད་པ་རེད།

དོན་རྐྱེན་བྱུང་རྐྱེན་ནི་གློ་བུར་གྱི་རླུང་འཁོར་དྲག་པོ་བྱུང་བས་ཡིན་པ་དང་། མ་ཟད་གྲུ་གཟིངས་ནི་ཆུའི་བཞུར་ཕྱོགས་དང་ལྡོག་ནས་བསྐྱོད་བཞིན་ཡོད་པ་རེད། གཞན་ཆར་རླུང་དྲག་པས་ཡིན་པ་རེད། རླུང་འཁོར་དྲག་པོའི་དུས་ཡུན་ཧ་ཅང་ཐུང་བ་དང་ཉེན་བརྡ་དང་ཐར་ཐབས་བྱེད་པའི་དུས་ཚོད་ཕལ་ཆེར་མེད་པ་རེད།

དོན་རྐྱེན་བྱུང་བའི་གྲུ་གཟིངས་ཤར་ཕྱོགས་སྐར་ཆེན་རྟགས་ཅན་ནི་ནན་ཅིང་ནས་ཁྲུང་ཆིན་ཕྱོགས་སུ་བསྐྱོད་བཞིན་ཡོད་པ་དང་། ཚེས་གཅིག་གི་དགོང་མོ་འབྲུ་ཆུའི་དཀྱིལ་རྒྱུད་ཀྱི་ཧུའུ་པེ་ཡན་ལི་ནས་ཆུར་ནུབ་པ་རེད། གྲུ་གཟིངས་སུ་མི ༤༥༨ ཡོད་པ་དང་དེར་འགྲུལ་བ ༤༠༦ དང་ཡུལ་སྐོར་ལས་ཁུངས་ཀྱི་ལས་བྱེད་པ ༥ ། གྲུ་ཐོག་ལས་བྱེད་པ ༥༤༧ བཅས་ཡོད་པ་རེད།

ཧུའུ་པེའི་གསར་འགོད་པས་སྤེལ་བའི་གནས་ཚུལ་ལྟར་ན། ཆུར་ནུབ་པའི་ཤར་ཕྱོགས་སྐར་ཆེན་གྲུ་གཟིངས་ཀྱི་འགྲུལ་བ་ལས་ཞིང་ཆེན་སོ་སོར་ཁྱབ་ཚུལ་ནི། ཧྲང་ཧེ་མི ༩༧ དང་ཅང་སུའུ་མི ༢༠༤ ། ཐེན་ཅིན་མི ༤༣ ། ཀྲེ་ཅང་མི ༡༡ ། ཧྥུ་ཅན་མི ༡༩ ། ཨན་ཧེའུ་མི ༨། གཞན་གྲུ་ཐོག་ལས་བྱེད་མི་སྣ ༤༧ དང་ཡུལ་སྐོར་སྣེ་ཤན་པ ༥ ཡོད་པ་རེད།

འབྲེལ་ཡོད་རྩོམ་ཡིག