ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

"ཤར་ཕྱོགས་སྐར་ཆེན"རྟགས་ཅན་འཚོལ་སྐྱོབ་ཡུལ་དངོས་ཀྱི་ཙུང་ལི་ལི་ཁེ་ཆང་།

2015-06-03

ཙུང་ལི་ལི་ཁེ་ཆང་ཚེས ༣ ཉིན་གྱི་སྔ་དྲོ་ཆར་ཆུར་མ་འཛེམ་པར་ཤར་ཕྱོགས་སྐར་ཆེན་རྟགས་ཅན་ཆུར་ནུབ་སའི་ཡུལ་དངོས་སུ་འབྱོར་བ་དང་།དེ་ནས་དུས་ཚོད ༢༤ རིང་འཚོལ་སྐྱོབ་ཀྱི་ལས་ལ་བྲེལ་བའི་ཉེན་སྐྱོབ་མི་སྣ་ཡོངས་ལ་འཚམ་འདྲི་གནང་། ལི་ཁེ་ཆང་གིས་བཤད་རྒྱུར། ཚེ་སྲོག་ནི་གནམ་ལས་ཀྱང་རྩ་ཆེ། ཁྱེད་ཅག་གི་ཕྲག་སྟེང་གི་འགན་ཁུར་ཤིན་ཏུ་ལྕི། ཁྱེད་ཚོས་རྒྱལ་ཡོངས་མི་དམངས་ཀྱི་རེ་བ་ཆེན་པོ་ཕྲག་ཏུ་འཁུར་ཡོད་པ་རེད། ཁྱེད་ཚོར་དཀའ་ངལ་ཆེན་པོའི་མདུན་དུ་སྤོབས་པས་ཁེངས་ཡོད། ཡིན་ཡང་ཉེན་ཁ་ཆེན་པོ་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་ནས་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་མ་བརྗེད། ངལ་གསོ་བྱས་ཏེ་ལུས་སྟོབས་སླར་གསོ་བྱེད་པར་དོ་སྣང་བྱེད་དགོས་ཞེས་བཤད།

ལི་ཁེ་ཆང་གིས་ཆུ་རྐྱལ་བ་ལ་ཚེ་སྲོག་ནི་གནམ་ལས་ཀྱང་རྩ་ཆེ། ཁྱེད་ཚོའི་ཕྲག་སྟེང་གི་འགན་ཁུར་ཤིན་ཏུ་ལྕི་ཞེས་བཤད།

ཙུང་ལི་ལི་ཁེ་ཆང་ཚེས ༣ ཉིན་གྱི་སྔ་དྲོ་ཆར་ཆུར་མ་འཛེམ་པར་ཤར་ཕྱོགས་སྐར་ཆེན་རྟགས་ཅན་ཆུར་ནུབ་སའི་ཡུལ་དངོས་སུ་འབྱོར་བ་དང་། དེ་ནས་དུས་ཚོད ༢༤ རིང་འཚོལ་སྐྱོབ་ཀྱི་ལས་ལ་བྲེལ་བའི་ཉེན་སྐྱོབ་མི་སྣ་ཡོངས་ལ་འཚམ་འདྲི་གནང་། ལི་ཁེ་ཆང་གིས་བཤད་རྒྱུར། ཚེ་སྲོག་ནི་གནམ་ལས་ཀྱང་རྩ་ཆེ། ཁྱེད་ཅག་གི་ཕྲག་སྟེང་གི་འགན་ཁུར་ཤིན་ཏུ་ལྕི། ཁྱེད་ཚོས་རྒྱལ་ཡོངས་མི་དམངས་ཀྱི་རེ་བ་ཆེན་པོ་ཕྲག་ཏུ་འཁུར་ཡོད་པ་རེད། ཁྱེད་ཚོ་དཀའ་ངལ་ཆེན་པོའི་མདུན་དུ་སྤོབས་པས་ཁེངས་ཡོད། ཡིན་ཡང་ཉེན་ཁ་ཆེན་པོ་དང་དཀའ་ཚེགས་ཆེ་བའི་ཁོར་ཡུག་ཁྲོད་ནས་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུ་མ་བརྗེད། ངལ་གསོ་བྱས་ཏེ་ལུས་སྟོབས་སླར་གསོ་བྱེད་པར་དོ་སྣང་བྱེད་དགོས་ཞེས་བཤད།

ལི་ཁེ་ཆང་གིས་ཆུ་རྐྱལ་བ་ལ་ཚེ་སྲོག་ནི་གནམ་ལས་ཀྱང་རྩ་ཆེ། ཁྱེད་ཚོའི་ཕྲག་སྟེང་གི་འགན་ཁུར་ཤིན་ཏུ་ལྕི་ཞེས་བཤད།

ཚེས ༣ ཉིན་གྱི་སྔ་དྲོ། ཙུང་ལི་ལི་ཁེ་ཆང་ཡང་བསྐྱར་ཤར་ཕྱོགས་སྐར་ཆེན་རྟགས་ཅན་དོན་རྐྱེན་བྱུང་སའི་ཡུལ་དངོས་སུ་ཕེབས། ཆར་བ་ཆེན་པོའི་ཁྲོད་དུ་ཙུང་ལི་དང་ལྷན་དུ་ཕེབས་པའི་མི་སྣ་ཚོས་དོན་རྐྱེན་ཁྲོད་ཚེ་ལས་འདས་བའི་མིར་གུས་འདུད་དང་མྱ་ངན་ཞུས།

འབྲེལ་ཡོད་རྩོམ་ཡིག