ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ལྷོ་ཁོ་རེ་ཡརMERSཡི་རིམས་ནད་འགོས་པའི་མི་གྲངས ༡༥༠ དང་ཚེ་ལས་འདས་པ ༡༦ ཏུ་འཕར་འདུག

2015-06-15 བཀྲ་རྒྱལ།

ཡུལ་དེའི ༢༠༡༥ ལོའི་ཟླ ༦ པའི་ཚེས ༨ ཉིན། ལྷོ་ཁོ་རེ་ཡའི་རྒྱལ་ས་སེ་འུལ་དུ།ལྗོངས་རྒྱུ་བ་རྣམས་ཀྱིས་ཁ་ཐུམ་བརྒྱབ་ནས་དབུས་ཤར་ས་ཁུལ་གྱི་དབུགས་འབྱིན་རྔུབ་དཀའ་བའི་ཕྱོགས་བསྡུས་རིམས་ནད་(MERS)སྔོན་འགོག་བྱེད་བཞིན་པ་རེད།

ཚེས ༨ ཉིན་ལྷོ་ཁོ་རེ་ཡའི་བདེ་སྲུང་ཀུན་ཕན་པུའུ་ཡིས།དབུས་ཤར་ས་ཁུལ་གྱིMERSཡི་རིམས་ནད་འགོས་པའི་ནད་པ་གསར་བ ༢༣ བྱུང་བ་དང་།MERSཡི་རིམས་ནད་བྱུང་ཐག་ཆོད་ཀྱི་ནད་པ ༨༧ ལ་སླེབས་ཡོད།ལྷོ་ཁོ་རེ་ཡའིMERSཡི་ནད་པ་སོ་ཏི་ཨ་རབ་ལས་ཉུང་ཡང་འཛམ་གླིང་གི་ཨང་གཉིས་པ་ཟིན་ཡོད་འདུག

ཟླ ༦ པའི་ཚེས ༡༥ ཉིན་ཀྲུང་གོའི་གསར་འགྱུར་དྲ་བར།ཚེས ༡༥ ཉིན་ལྷོ་ཁོ་རེ་ཡའི་གསར་ལམ་དུ། ལྷོ་ཁོ་རེ་ཡརMERSཡི་རིམས་ནད་འགོས་པའི་མི་གྲངས ༡༥༠ དང་ཚེ་ལས་འདས་བའི་མི ༡༦ ཏུ་འཕར་ཡོད་ཅེས་གནས་ཚུལ་སྤེལ་འདུག

ཚེས ༡༤ ཉིན།ལྷོ་ཁོ་རེ་ཡར་ཉིན་གཅིག་རིངMERSཡི་རིམས་ནད་འགོས་པའི་ནད་རྟགས ༧ ཀྱི་ཁྲོད་དུ།སམ་སི་སྨན་ཁང་དུ་རིམས་ནད་འགོས་པའི་ནད་པ་བཞི་ཡོད་དེ།ནད་དུག་སྔར་ལས་ཁྱབ་ཆེར་འགྲོ་བའི་ཉེན་ཁར་དམིགས་ནས།སམ་སི་སེ་འུལ་སྨན་ཁང་གིས་ཟླ་འདིའི་ཚེས ༡༤ ནས ༢༤ ཉིན་བར།སྐབས་འཕྲལ་གྱི་གནས་ཚུལ་ཚབས་ཆེན་ལས་གཞན་སྒོ་བསྟེན་དང་ཞག་སྡོད་ཀྱི་ནད་པར་སྨན་བཅོས་བྱེད་རྒྱུ་མིན་པར་ཐག་བཅད་འདུག

དེ་དང་ཆབས་ཅིགཡོ་རོབ་ཀྱི་སི་ལོ་ཝ་ཁེ་གྲོང་བརྡལ་དུMERSཡི་རིམས་ནད་འགོས་པའི་ལྷོ་ཁོ་རེ་ཡའི་མི་ཞིག་ཞིག་ཐོན་ཞིང་།ཚེས ༡༣ ཉིན་དུས་ཐོག་ཏུ་སྨན་ཁང་དུ་སྨན་བཅོས་བྱེད་པར་བསྐྱལ་ཡོད་ཅིང་།དེས་ཡོ་རོབ་ཕྱོགས་ལའང་ཉེན་བརྡ་བརྒྱབ་ཡོད་པ་རེད།

མིག་སྔའི་བར།སམ་སི་སེ་འུལ་སྨན་ཁང་དུ་རིམས་ནད་འགོས་པའི་ནད་པ ༧༡ ལ་འཕར་ཡོད་ཅིང་།དེས་ལྷོ་ཁོ་རེ་ཡའི་རིམས་ནད་ཐག་ཆོད་ཀྱི་ནད་པའི་བརྒྱ་ཆའི ༤༩ ཟིན་འདུགདེས་སྨན་ཁང་དེ་གརMERSརིམས་ནད་འགོས་པའི་ནད་པས་ཁེངས་ཡོད་པ་མཚོན་ཐུབ།དེའི་ཐད། སམ་སི་སེ་འུལ་སྨན་ཁང་གི་ཡོན་ཀྲང་སུང་ཙེ་ཞོན་གྱིས་ཚེས ༡༤ ཉིན་བསྡུས་པའི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུའི་སྟེང་མི་མང་ལ་དགོངས་དག་ཞུས་འདུག་པ་མ་ཟད།སྨན་ཁང་དེ་གས་གནས་སྐབས་སུ་སྒོ་བསྟེན་དང་ཞག་སྡོད་ནད་པར་སྨན་བཅོས་བྱེད་རྒྱུ་མིན་ཚུལ་བསྒྲགས་འདུག

ཚེས ༡༤ ཉིན་གྱི་ནད་པ་གསར་བའི་ཁྲོད་ལས་གཅིག་ནི་སམ་སི་སྨན་ཁང་གི་སྨན་པ་ཡིན་འདུག་ཅིང་། ཁོས་ཟླ་སྔོན་མའི་ཚེས ༢༧ ཉིན་ནད་པ་གཞན་པར་སྨན་བཅོས་བྱས་འདུག་པ་དང་།སྐབས་དེར་རིམས་ནད་འགོས་མཁན ༡༤ པ་དེ་ཁོའི་ནད་ཁང་དུ་བསྡད་ཡོད་པ་རེད།སྨན་པ་དེར་ཟླ་འདིའི་ཚེས ༡༠ ཉིན་ཚ་བ་ཆེན་པོ་བརྒྱབ་པའི་ནད་རྟགས་ཐོན་ཞིང་།དེའི་སྔོན་དུ་ཁོ་རང་ལ་བཀག་སྡད་སྨན་བཅོས་བྱས་མི་འདུག

ལྷོ་ཁོ་རེ་ཡའི་མི་མང་གིས་དེར་རྒོལ་གཏམ་བཏང་འདུག་སྟེ།སྲིད་གཞུང་གིས་སྨན་པ་དེ་རིམས་ནད་འགོས་མཁན་དང་ཁང་པ་གཅིག་ཏུ་སྡོད་པ་ཤེས་བཞིན་དུ་བཀག་སྡོད་སྨན་བཅོས་བྱེད་ཡུལ་གྱིས་གྲས་སུ་བསྡུས་མི་འདུག་པ་དེས། སྨན་ཁང་དང་འཕྲོད་བསྟེན་སྡེ་ཚན་གྱིས་རིམས་ནད་སྔོན་འགོག་གི་ལས་ཀ་ཚགས་སུ་ཆུད་མེད་པ་མཚོན་ཡོད།

དེའི་སྔོན་ཙམ་དུ།ཚེས ༡༣ ཉིནMERSཡི་རིམས་ནད་འགོས་པར་ཐག་ཆོད་པའི་སམ་སི་སྨན་ཁང་གི་ནད་གཡོག་མི་སྣ་ནི་ནད་པ ༢༡༦ དང་འབྲེལ་བ་ཟབ་མོ་ཡོད་པའི་སྐོར་བསྒྲགས་མ་ཐགསམ་སི་སྨན་ཁང་ལ་སྐྱོན་བརྗོད་ནན་མོ་ཐེབས་པ་རེད།

MERSཡི་རིམས་ནད་དེ་ལྷོ་ཁོ་རེ་ཡར་འགོས་ཁྱབ་མགྱོགས་པའི་རྐྱེན་བཞི་ནི།

ལྷོ་ཁོ་རེ་ཡའི་མཉམ་འབྲེལ་ཚགས་ཤོག་གིས་གསོ་རིག་སྡེའི་ཆེད་མཁས་ཀྱིས་དབྱེ་ཞིབ་བྱས་པ་དྲངས་དོན།MERSཡི་རིམས་ནད་དེ་ལྷོ་ཁོ་རེ་ཡར་འགོས་ཁྱབ་མགྱོགས་པའི་རྐྱེན་གཙོ་བོ་བཞི་རུ།གནམ་གཤིས་ཆ་རྐྱེན་དང་།སྨན་བཅོས་ཁོར་ཡུགསྔོན་འགོག་བྱེད་ཐབས་ཚགས་ཆུད་མིན་པ་བཅས་འདུས་ཡོད་དོ།

གཅིགMERSཡི་ནད་དུག་ནི་དྲོད་ཚད་དང་བརླན་ཚད་མཐོ་དྲགས་པའི་ཁོར་ཡུག་འོག་འཚོ་གནས་བྱེད་དཀའ་ལ།མ་ཟད།མིག་སྔར་ལྷོ་ཁོ་རེ་ཡའི་གནམ་གཤིས་སྐམ་པ་དང་།དྲོད་ཚད་ཚད་དང་རན་པས་ནད་དུག་ཁྱབ་པར་ཁོར་ཡུག་བཟང་པོ་བསྐྲུན་ཡོད།

གཉིས།ལྷོ་ཁོ་རེ་ཡའི་སྨན་ཁང་དུ་ནད་དུག་འགོས་ཁྱབ་ཆེན་པོ་བྱུང་པར་ཕན་པ།ལྷོ་ཁོ་རེ་ཡའི་སྨན་ཁང་ལ་སྤྱི་ཁྱབ་ཏུ་ཁོར་ཡུག་དོག་ལ།ནད་པ་ཕན་ཚུན་བར་འབྲེལ་ཐག་ཤིན་ཏུ་ཉེ་བ།དེའི་ཁར།ཁྱིམ་མིས་ནད་ཁང་དུ་ནད་པར་ནད་གཡོག་བྱེད་པ་དང་། ཉེ་འབྲེལ་སོགས་ཀྱིས་ནད་ཁང་དུ་ཁམས་འདྲི་ཡོང་བ་སོགས་ཀྱི་དབང་གིས་རིམས་ནད་འགོས་པ་རེད།

གསུམ།ནད་པའི་ཁྲོད་འགོག་ནུས་དམའ་བའི་ནད་པ་རྒན་པ་ཅུང་མང་པ།ལྷོ་ཁོ་རེ་ཡའི་སྲིད་གཞུང་གིས་བསྒྲགས་པའི་སྡོམ་གྲངས་ལ་གཞིགས་ན།རྒྱལ་ཡོངས་ཀྱིMERSཡི་རིམས་ནད་འགོས་པའི་ནད་པའི་ཁྲོད།ལོ ༦༥ ཡན་གྱི་ནད་པ ༡༥ ཡོད་འདུག་ཅིང་།ཚེ་འདས ༥ ཡི་ཁྲོད ༤ ནི་རྒན་པ་རེད་འདུག

བཞི།རིམས་ནད་ཐོན་རྗེས།སྲིད་གཞུང་གིས་ལས་སྒོ་དུས་ཐོག་མིན་པས་ནད་ཡམས་འགོག་ནུས་ཚགས་སུ་ཆུད་མེད་པ།ནད་པ་དང་པོ་དེར་རིམས་ནད་ཕོག་ནས་ཉིན་བཅུའི་རིང་བཀག་སྡོད་སྨན་བཅོས་བྱས་མི་འདུག་ཅིང་།དེའི་རིང་མི་མང་པོར་རིམས་ནད་འགོས་པ།ནད་པ ༡༤ པ་དང ༡༦ པ་ནི་བཀག་སྡོད་སྨན་བཅོས་མ་བྱས་པར་སྨན་ཁང་གཞན་དུ་སྤར་བས།མི་ནས་མིར་འགོས་པའི་ནད་པ་བྱུང་པ་རེད།

འབྲེལ་ཡོད་རྩོམ་ཡིག