ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུའུ་ཞི་ཞིས་ཅིན་ཕིན་གྱིས་དུས་ད་ལྟ་པཎ་ཆེན་དང་མཇལ་འཕྲད་གནང་དོན་ཅི།

2015-06-12 སྙིང་མོ།
པཎ་ཆེན་རིན་པོ་ཆེས་ཞིས་ཅིན་ཕིང་ལ་ཁ་བཏགས་འབུལ་བཞིན་པ། 
   ཟླ ༦ པའི་ཚེས ༡༠ ཉིན།  ཀྲུང་གུང་ཀྲུང་དབྱང་གི་ཧྲུའུ་ཅི་གཙོ་བོ་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའི་ཞི་ཞིས་ཅིན་ཕིང་གིས་པེ་ཅིན་ཀྲུང་ནན་ཧེ་རུ་པཎ་ཆེན་ཨེར་ཏི་ནི་ཆོས་ཀྱི་རྒྱལ་པོའི་མཇལ་འཕྲད་དང་ལེན་བྱས།
   ཀུན་གྱིས་ཤེས་གསལ་ལྟར། འདི་ནི་ཁོང་རྣམ་པ་གཉིས་ཀྱི་མཇལ་འཕྲད་ཐོག་མ་དེ་མ་ཡིན་ཏེ། ༢༠༠༦ ལོའི་ཟླ ༤ པའི་ཚེས ༡༣ ཉིན། སྐབས་དང་པོའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་འདུ་དེ་ཧང་ཀྲོའུ་གྲོང་ཁྱེར་དུ་འཚོགས་ཤིང་། སྐབས་དེར་ཀྲེ་ཅང་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅིའི་འགན་འཁུར་ཡོད་པའི་ཞིས་ཅིན་ཕིང་པཎ་ཆེན་རིན་པོ་ཆེ་དང་མཇལ་འཕྲད་གནང་ཡོད་འདུག    ཞིས་ཅིན་ཕིང་གིས་གསུང་དོན་པཎ་ཆེན་རིན་པོ་ཆེ་སྐབས་དང་པོའི་འཛམ་གླིང་ནང་བསྟན་བགྲོ་གླེང་ཚོགས་འདུར་ཞུགས་པ་དེས་ཀྲུང་གོའི་ཆོས་ལུགས་པའི་སྡེ་དང་རྒྱལ་ཕྱིའི་ཆོས་ལུགས་པའི་སྡེ་གཉིས་བར་མཛའ་བརྩེའི་འབྲེལ་བ་འཛུགས་པར་སྐུལ་འདེད་བཏང་ཡོད་པ་དང་། པཎ་ཆེན་རིན་པོ་ཆེ་དུས་རྒྱུན་ཀྲེ་ཅང་དུ་རྟོག་ཞིབ་ལ་ཡོང་བར་དགའ་བསུ་ཞུས་ཡོད།
   དོན་དངོས་སུ་ཞིས་ཅིན་ཕིང་དང་པཎ་ཆེན་སྐུ་ཕྲེང་བཅུ་པའི་བར་ལ་འབྲེལ་བ་ངེས་ཅན་ཞིག་ཡོད་དེ། ༢༠༡༡ ལོའིཟླ ༧ པའི་ཚེས ༢༢ ཉིན། སྐབས་དེར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པའི་འགན་འཁུར་བའི་ཞིས་ཅིན་ཕིང་གིས་ཀྲུང་དབྱང་གི་འཐུས་མིའི་ཚོགས་པའི་སྣེ་ཁྲིད་དེ་བཀྲ་ཤིས་ལྷུན་པོ་དགོན་པར་ཆོས་ལུགས་པའི་སྡེ་ལ་འཚམས་འདྲི་དང་དགོན་པར་ལྟ་སྐོར་ལ་བསྐྱོད་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་བའི་སྐུ་གདུང་ལ་ཁ་བཏགས་ཕུལ་བ་མ་ཟད། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཕྱག་བྲིས་གནང་བའི་“བོད་ལྗོངས་ཞི་བའི་བཅིངས་འགྲོལ་བྱས་ནས་ལོ་འཁོར་༦༠ལོན་པར་རྟེན་འབྲེལ་ཞུ་”ཞེས་བྲིས་ཡོད་པའི་དར་གོས་དང་། བོད་ཡིག་པར་མའི་བཀའ་བསྟན་བཅས་དགོན་པར་ཕུལ་བ་མ་ཟད། གྲྭ་བ་ཚོར་འགྱེད་ཀྱང་བརྒྱབ་ཡོད། 
   ད་ཐེངས་ཞིས་ཅིན་ཕིང་གིས་པཎ་ཆེན་རིན་པོ་ཆེའི་མཇལ་འཕྲད་དང་ལེན་ཞུས་པ་ནི་དུས་ལ་བབས་པ་ཡིན་ཟེར་ཀྱང་ཆོག་སྟེ། འདིས་ཏང་ཀྲུང་དབྱང་གིས་གནའ་ནས་བཟུང་བོད་ལྗོངས་ཀྱི་བྱ་བར་ཚད་མཐོ་བའི་ཐུགས་ཁུར་བྱེད་བཞིན་པ་མཚོན་ཡོད། ད་ལོ་ནི་བོད་རང་སྐྱོང་ལྗོངས་བཙུགས་ནས་ལོ་འཁོར ༥༠ ལོན་པའི་ལོ་ཡིན་པས། ཏང་ཀྲུང་དབྱང་གིས་འཐུས་མིའི་ཚོགས་པ་བོད་ལྗོངས་ལ་མངགས་ཏེ་དུས་ཆེན་འདི་ལ་རོལ་རྒྱུ་ཡིན་འདུག 
   འདིས་ཏང་ཀྲུང་དབྱང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བ་དང་ཆོས་ལུགས་ཀྱི་བྱ་བར་ཚད་མཐོ་བའི་ཐུགས་ཁུར་བྱེད་བཞིན་པ་མཚོན། སྔོན་འདིར་འཚོག་མ་ཐག་པའི་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཚོགས་འདུའི་སྟེང་། བློ་མཐུན་ཞིས་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད་པ་དང་། ཞིས་ཅིན་ཕིང་ཁོ་རང་གིས་འཐབ་ཕྱོགས་གཅིག་གྱུར་གྱི་བྱ་བའི་སྣ་དྲངས་ཏེ་ཏང་ཡོངས་ལ་མིག་དཔེ་བསྟན་ཡོད། 
   འདིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གདན་སར་བཀོད་པའི་ལོ ༢༠ རིང་ལ་ཕྱོགས་གང་ཅིའི་ཐད་ནས་ཡར་རྒྱས་གོང་འཕེལ་བྱུང་ཡོད་པར་རྟེན་འབྲེལ་ཞུས་པ་མཚོན།  ༡༩༩༥ ལོར་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་གདན་སར་བཀོད་པ་ནས་ད་བར་དུ་སྐབས་སོ་སོའི་སྤྱི་ཁྱབ་ཧྲུའུ་ཅི་གསུམ་སྟེ། ཅང་ཙེ་རྨིན་དང་ཧུའུ་ཅིན་ཐའོ། ཞིས་ཅིན་ཕིང་བཅས་དང་མཇལ་འཕྲད་ཞུས་ཡོད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག