ཀྲུང་གོ་གུང་ཁྲན་ཏང་གིས་གདན་ཞུ་གནང་ངོར། ཀྲུའུ་ཞི་ཨང་སན་སུ་སྐྱིད་ཀྱིས་སྣེ་ཁྲིད་པའི་འབར་མའི་རྒྱལ་ཡོངས་དམངས་གཙོ་མནའ་འབྲེལ་གྱི་འཐུས་ཚབ་ཚོགས་པ་ཟླ ༦ པའི་ཚེས ༡༠ ཉིན་ནས ༡༤ ཉིན་བར་ཀྲུང་གོར་འཚམས་འདྲི་ཕེབས་རྒྱུ་རེད།
དེའི་ཐད། 《འབར་མའི་དུས་ཚགས》ཀྱིས་ཀྲུང་གོ་དང་ཨ་རི། འབར་མ་བཅས་ཕྱོགས་གསུམ་གའི་འབྲེལ་ལམ་ཐད་ཀྱི་ཆེད་མཁས་ཤིག་ལ་བཅར་འདྲི་བྱས་པར། ད་རེས་ཨང་སན་སུ་སྐྱིད་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེས་འབར་མའི་དཔལ་འབྱོར་ལ་ཕན་ཁེ་མང་པོ་བསྐྲུན་ཡོད་མོད། ཁོ་མོས་འཚམས་འདྲིའི་རིང་གི་གནས་ཚུལ་བྱེ་བྲག་པ་རེ་རེ་ངེས་པར་དུ་ཐག་གཅོད་ལེགས་པོ་བྱེད་དགོས། "ཚད་ངེས་ཅན་སྟེང་། ཨང་སན་སུ་སྐྱིད་ཀྱི་ཐེངས་འདིའི་འཚམས་འདྲི་ཡིས་འབར་མའི་བྱང་ཕྱོགས་ཀྱི་དམག་འཁྲུག་རེ་ཞིག་ཞི་བར་ཡོང་ཐུབ་ནའང་། འགལ་ཟླ་དེ་ཉིད་རྩ་བ་ནས་ཐག་གཅོད་བྱེད་ཐུབ་ཀྱི་མ་རེད། ཀྲུང་གོའི་ཕྱོགས་ནས་ཀྱང་ད་རེས་ཀྱི་གོ་སྐབས་འདིར་བསྟུན་འབར་མ་ནས་ཀྲུང་གོའི་ཁེ་ཕན་སྲུང་སྐྱོབ་བྱ་རྒྱུ་སྟེ། དེང་ཆར་འབར་མར་ཀྲུང་གོ་ནི་ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགྲན་རྩོད་ཆེན་མོ་དང་གདོང་འཕྲད་ཡོད་ཅིང་། "ད་རེས་ཨང་སན་སུ་སྐྱིད་ཀྲུང་གོར་འཚམས་འདྲིར་ཕེབས་པའང་མིག་སྔར་འཆར་འགོད་བྱེད་སྒང་གི་འབར་མའི་རོ་ཁེ་པང་དང་ཀྲུང་གོའི་ཁུན་མེན་བར་གྱི་ཨ་སྒོར་དུང་ཕྱུར ༢༠༠ ཡི་གོང་ཚད་ཀྱི་ལྕགས་ལམ་འཛུགས་བསྐྲུན་དེ་དང་འབྲེལ་བ་ཡོད་ཤོས་ཆེ་ལ། དེ་དང་ཆབས་ཅིག"འཚམ་འདྲིའི་རིང་གི་ལས་རིམ་ཞིབ་ཕྲ་རེ་རེས་ད་ལོའི་ལོ་སྨད་ཀྱི་འདེམས་བསྐོར་ཤན་ཤུགས་ཐེབས་སྲིད་པས། ཨང་སན་སུ་སྐྱིད་ཀྱིས་ད་རེས་འཚམས་འདྲིའི་ལས་དོན་ལ་སྔར་བས་གཟབ་གཟབ་བྱེད་དགོས་འདུག"ཅེས་འགྲེལ་བརྗོད་གནང་འདུག
ཤང་ཀང《ནན་ཧྭ་ཞོགས་ཚགས》ཀྱི་བྲིས་རྩོམ་ཞིག་ཏུ། "ཀྲུང་གོའི་ཕྱོགས་ནས་ད་རེས་ཨང་སན་སུ་སྐྱིད་གདན་འདྲེན་བྱས་པ་དེས་ཀྲུང་གོ་དང་འབར་མའི་སྲིད་གཞུང་། ཡུལ་ལུང་དེ་གའི་ཤུགས་རྐྱེན་ངེས་ཅན་ལྡན་པའི་མི་སྒེར་བར་གྱི་འབྲེལ་བ་རིམ་པ་གསར་པར་འཕར་ཡོད་ལ། ཨང་སན་སུ་སྐྱིད་ད་ལོའི་ཟླ ༡༡ པའི་འདེམས་བསྐོ་ཆེན་མོར་ཞུགས་མ་ཐུབ་ཀྱང་། ཁོ་མོའི་དབུ་བཞུགས་མཛད་པའི་འབར་མའི་དམངས་གཙོ་མནའ་འབྲེལ་གྱིས་འདེམས་བསྐོའི་ཁྲོད་གྲུབ་འབྲས་ལེགས་པོ་ལོན་སྲིད"ཅེས་བཀོད་འདུག་ཅིང་། ༢༠༡༤ ལོའི་ཟླ ༡༡ པའི་ཚེས ༡༨ ཉིན། འབར་མའི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཚོགས་ཀྱི་གྲོས་དཔོན་ཝུའུ་རེ་མན་གྱིས་གསར་ལམ་ཁག་ལ། སྐབས་རྗེས་མའི་སྲིད་གཞུང་གིས་འགན་ཁུར་རིང་ད་ཆ་སྤྱོད་ཀྱིན་པའི་རྩ་ཁྲིམས་ལ་བཟོ་བཅོས་བཏང་ཆོག་ཅིང་། ༢༠༡༥ ལོའི་ལོ་མཇུག་གི་འདེམས་བསྐོར་ད་ལྟ་སྤྱོད་སྒང་གི་རྩ་ཁྲིམས་གཞིར་འཛིན་དགོས་ཞེས་བཀོད་འདུག
ཕྱི་འབྲེལ་དཔོན་པོའི་དྲ་ཚིགས་སུ《ཀྲུང་གོས་ཨང་སན་སུ་སྐྱིད་ལ་དགའ་བསུ་བྱེད་འོས་པའི་རྒྱུ་རྐྱེན་གསུམ》ཞེས་པའི་དཔྱད་བརྗོད་སྤེལ་བར། འབར་མར་སྡོད་པའི་ཀྲུང་གོའི་གཞུང་ཚབ་པས ༢༠༡༤ ལོའི་ལོ་སྟོད་ཙམ་དུ་གོ་སྐབས་འོས་འཚམ་གྱི་སྐབས་སུ་ཨང་སན་སུ་སྐྱིད་ཀྲུང་གོར་གདན་ཞུ་གནང་འཆར་ཡོད་ཅེས་བརྗོད་མྱོང་པ་དང་། དེ་སྔོན་ཡང་སྲིད་གཞུང་མ་ཡིན་པའི་རྩ་འཛུགས་དང་གཞུང་ཕྱོགས་ཀྱི་ཆ་ཕྱེད་ཙམ་འདྲེས་པའི་སྡེ་ཚན་གྱིས་ཀྱང་ཨང་སན་སུ་སྐྱིད་ཀྲུང་གོར་འཚམས་འདྲིར་ཕེབས་པར་གདན་ཞུ་གནང་མྱོང་། ད་རེས་ཀྲུང་གོའི་གཞུང་ཕྱོགས་ནས་ཨང་སན་སུ་སྐྱིད་གདན་ཞུ་གནང་པ་ནི། ཀྲུང་གོ་དང་འབར་བའི་ཕྱོགས་གཉིས་ཀའི་ཕྱི་འབྲེལ་གྱི་ཐོལ་བརྒལ་ཆེན་མོ་ཞིག་ཡིན་སྲིད་ཅེས་དང་། གཞན་ཡང་ཨང་སན་སུ་སྐྱིད་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེས་ཀྲུང་གོར་ཕྱོགས་གསུམ་གྱི་དགེ་མཚན་བསྐྲུན་ཐུབ་ཅེས་ཀྱང་བཀོད་འདུག
གཅིགཀྲུང་གོའི་ཕྱི་འབྲེལ་སྲིད་ཇུས་ཐད་སྔར་བས་རང་རློམ་ལྡན་ཞིང་སྒོ་དབྱེ་བ། "ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོས་ནམ་ཡང་རྒྱལ་སྤྱིའི་སྤྱི་ཚོགས་དང་འདྲེས་དཀའ་བའི་རྒྱལ་ཁབ་རིགས་ལ་མ་གཏོགས་འབྲེལ་བ་མི་བྱེད་ཅེས་སྐྱོན་འཛུགས་བྱེད་ཀྱི་ཡོད་པ་དང་། ད་རེས་ཀྲུང་གོའི་ཕྱོགས་ནས་ཨང་སན་སུ་སྐྱིད་ཀྲུང་གོར་གདན་ཞུ་གནང་པ་དེས་ནུབ་ཕྱོགས་གསར་ལམ་གྱི་སྨྲ་སྒོ་བཅད་པ་ཡིན་ལ། དེ་དང་ཆབས་ཅིགས་ཁོངས་དེ་གའི་རྒྱལ་ཁབ་གཞན་དག་གིས་ཀྱང་ཀྲུང་གོས་ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་སྲིད་ཇུས་ཐད་སྔར་བས་དཀྱེལ་ཡངས་ཀྱི་ལངས་ཕྱོགས་བསྟན་ཡོད་པ་མཐོང་ཐུབ། དེས་ནི་ས་ཁོངས་དེ་གར་ཀྲུང་གོས་ཕྱི་འབྲེལ་གྱི་སྣང་བརྙན་གསར་སྐྲུན་བྱས་བརྒྱུད། ཀྲུང་གོ་དང་ས་ཁོངས་དེ་གའི་རྒྱལ་ཁབ་ཁག་བར་འབྲེལ་ལམ་ཡག་པོ་འཛུགས་ཐུབ། "
གཉིས། ཀྲུང་གོའི་འབར་མའི་ཕྱོགས་ཀྱི་རྒྱལ་ཁབ་ཀྱི་ཁེ་ཕན་སྔར་བས་སྲུང་སྐྱོབ་བྱེད་ཐུབ། ༢༠༡༡ ལོའི་ཟླ ༩ པའིཚེས ༣༠ ཉིན། འབར་མས་མང་ཚོགས་ཀྱི་རེ་འདོད་ལ་དམིགས་པ་ཡིན་ཞེས་ཨར་ལས་བྱེད་སྒང་གི་མུ་སུང་རགས་ཆེན་གློ་བུར་ལས་མཚམས་བཞག་ཅིང་། མུ་སུང་རགས་ཆེན་གྱི་གློག་ཁུངས་ཆ་ཤས་ཀྲུང་གོའི་ཕྱོགས་སུ་གཏོང་གི་ཡོད་པ་དང་། རགས་ཆེན་དུ་ཆུ་གསོག་རྗེས་ཁོར་ཡུག་གནོད་སྐྱོན་ཐེབས་པ་མ་ཟད། ས་ཡོམ་སོགས་རང་བྱུང་གནོད་འཚེ་དང་འཕྲད་ཚེ་ཆུ་ལོག་གི་ཉེན་ཁ་ཡང་ཡོད་རེད། དེ་ནས་ཅང་མ་འགོར་བར། ཀྲུང་གོས་མ་དངུལ་བཏང་པའི་པི་ཐང་ཟངས་གཏེར་ཡང་ལས་མཚམས་བཞགལས་གཞི་ཆེན་མོ་འདི་གཉིས་ལས་མཚམས་བཞག་པ་དེས་ཀྲུང་གོའི་ཁེ་ལས་ཀྱི་དཔལ་འབྱོར་ཐད་གྱོང་གུད་ཆེན་པོ་ཐེབས་ཡོད་པ་རེད། དཔྱད་བརྗོད་དེར། "ཨང་སན་སུ་སྐྱིད་ཀྱིས་སྣེ་ཁྲིད་པའི་དཔུང་སྡེ་ལ་མི་མང་གི་རྨང་གཞི་བརྟན་པོ་ཡོད་པས་ན་འདེམས་བསྐོ་ཐུབ་མིན་ནི་དུས་ཚོད་ཀྱི་གནད་དོན་ཙམ་ལས་མ་འདས་ཏེ། ཀྲུང་གོས་ཨང་སན་སུ་སྐྱིད་དང་འབྲེལ་འདྲིས་ལ་ཤུགས་སྣོན་བྱས་པ་དེས་ཕྱོགས་གཉིས་ཀའི་ཕན་ཚུན་བར་སྔར་བས་ཡིད་ཆེས་བྱེད་ཐུབ"ཅེས་སྤེལ་འདུག
གསུམ། ཀྲུང་གོ་དང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་འབར་མའི་ཕྱོགས་ཀྱི་འགྲན་རྩོད་ཇེ་ཆེར་འགྲོ་སྲིད། ༢༠༡༠ ལོའི་ཟླ ༡༡ པའི་ཚེས ༧ ཉིན། འབར་མས་ལོ་ངོ ༢༠ རྗེས་ཀྱི་རྒྱལ་ཡོངས་བདམས་བསྐོ་ཐོག་མ་གནང་པར། དམག་ཕྱོགས་ཀྱི་རྒྱབ་སྐྱོར་ཡོད་པའི་རྒྱལ་ཕྲན་སྲ་བརྟན་དང་འཕེལ་རྒྱས་ཏང་ལ་བདམས་ཤོག་མང་ཙམ་ཐོབ། ༢༠༡༡ ལོའི་ཟླ ༣ པའི་ཚེས ༣༠ ཉིན། ཝུའུ་ཧྲུན་ཙུང་གིས་སྲིད་འཛིན་གྱི་འགན་བཞེས་རྗེས། འབར་མ་ནི་དམག་གཙོའི་སྲིད་གཞུང་ནས་དམངས་འདེམས་སྲིད་གཞུང་ལ་རིམ་གྱིས་བརྒལ་བ་དང་། དེ་ནས་བཟུང་འབར་མའི་དམངས་གཙོའི་གོམ་འགྲོས་ལ་ནུབ་ཕྱོགས་རྒྱལ་ཁབ་དག་ཀྱང་ཧང་སངས་པར་གྱུར་པ་དང་། དེ་ལ་ཁས་ལེན་གྱི་ཚུལ་དུ་འབར་མའི་ཕྱོགས་ཐུག་འཕྲད་བྱེད་ཚད་ཀྱང་རིམ་གྱིས་ཇེ་མང་དུ་སོང་འདུགདཔྱད་བརྗོད་དེར། "དོན་དངོས་ཐོགཨང་སན་སུ་སྐྱིད་ཀྱི་ཁྱིམ་གཞིས་དང་ཀྲུང་གོའི་བར་འབྲེལ་བ་གཏིང་ཟབ་ཡོད་དེ། ཁོ་མོས་རྩ་བའི་ཆ་ནས་ཀྲུང་གོར་ངོ་རྒོལ་བྱེད་ཀྱིན་མེད་ལ། ནུབ་ཕྱོགས་ཀྱི་རང་བྱུང་མནའ་གྲོགས་ཤིག་ཀྱང་མ་རེད། ཚད་ངེས་ཅན་སྟེང་། ཨང་སན་སུ་སྐྱིད་ཀྱིས་མཚོན་པ་དེ་ནི་ཀྲུང་གོའི་རེ་སྙེགས་བྱེད་ས་ཡིན་ལ། ཀྲུང་གོ་དང་ཨང་སན་སུ་སྐྱིད་བར་ཐུན་མོང་གི་ཁེ་ཕན་དང་མཉམ་ལས་ཀྱི་བར་སྟོང་ཆེན་པོ་ཡོད་པ་རེད"ཅེས་སྤེལ་འདུག