ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

འདི་ཟླའི་ཟླ་སྨད་ནས་བོད་ཀྱི་རྣ་ཐོས་ལར་རྒྱ་གར་གྱི་གནས་མཇལ་བ་དང་པོ་སླེབས་རྒྱུ་རེད་འདུག

2015-06-17
   ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་6ཚེས་13ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། རང་རྒྱལ་གྱིས་རྒྱ་གར་གྱི་གནས་མཇལ་བར་གཞིས་རྩེའི་གྲོ་མོ་ནས་རྣ་ཐོས་ལའི་གནས་མཇལ་ལམ་ཐིག་གསར་དུ་ཕྱེ་སྟེ་འདི་ཟླའི་ཟླ་མཇུག་ཏུ་རྒྱ་གར་ནས་ཡོང་བའི་གནས་མཇལ་བ་དང་པོ་བསུ་རྒྱུ་ཡིན་པ་ནི། ཀྲུང་གོ་དང་རྒྱ་གར་གྱི་རྣ་ཐོས་ལའི་མཐའ་མཚམས་ཉོ་ཚོང་འགག་སྒོ་2006ལོར་སླར་གསོ་བྱས་ནས་སྒོ་ཕྱེ་ཚུན་ཡུལ་སྐོར་བ་གཏོང་ཐེངས་དང་པོ་ཡིན་འདུག
   བོད་མངའ་རིས་ཀྱི་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོ་ནི་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་དད་ལྡན་པ་ཚོའི་གནས་མཆོག་ཅིག་ཡིན་པར་བརྟེན་ལོ་ལྟར་རྒྱ་གར་གྱི་གནས་མཇལ་བ་ཚུད་པའི་དད་ལྡན་པ་མང་པོ་མཇལ་བར་ཡོང་གི་ཡོད་ཅིང་། སྔོན་ཆད་རྒྱ་གར་གྱི་གནས་མཇལ་བ་མངའ་རིས་ཀྱི་སྤུ་ཧྲེང་རྫོང་བརྒྱུད་བོད་ལ་གནས་མཇལ་དུ་ཡོང་གི་ཡོད་འདུག
   གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱི་ཀོན་ཀྲང་ལྷག་པ་ཚེ་རིང་གིས་ངོ་སྤྲོད་བྱས་པ་ལྟར་ན། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རྣ་ཐོས་ལའི་འགག་སྒོར་རྒྱ་གར་གྱི་གནས་མཇལ་བ་མཐའ་མཚམས་ནས་འགྲོ་འོང་གི་ཐོགས་མེད་བགྲོད་ལམ་ཆེད་བཙུགས་ཀྱིས་གནས་མཇལ་བར་དེ་གར་འབྲེལ་ཡོད་འགྲོ་ལུགས་གཉེར་བ་དང་། མཐའ་མཚམས་ནས་འཕྲལ་མར་འགྲོ་བ། མཐའ་མཚམས་ཉོ་ཚོང་སྐོར་འདྲི་རྒྱུར་སྟབས་ཧ་ཅང་བདེ་པོ་ཡོང་བ་བྱས་ཡོད་འདུག
   རྒྱ་གར་གྱི་མཇལ་བ་དག་གི་དགོས་མཁོ་སྐོང་ཆེད། རང་རྒྱལ་གྱིས་1982ལོ་ནས་བཟུང་རྒྱ་གར་གཞུང་ཕྱོགས་ཀྱི་གནས་མཇལ་བ་བཅུ་གྲངས་འགའ་བོད་ཀྱི་མངའ་རིས་ས་ཁུལ་དུ་གནས་མཇལ་བར་བཏང་བ་དང་། 1990ལོར་ཀྲུང་གོ་དང་རྒྱ་གར་དབར་གྲོས་མོལ་བྱས་པ་བརྒྱུད་ལོ་ལྟར་རྒྱ་གར་གཞུང་ཕྱོགས་ཀྱི་གཏན་འཇགས་གནས་མཇལ་བ་ཁག་16དང་ཁག་རེར་མི་རེ་ལྔ་བྱས་ནས་ཕལ་ཆེ་བ་ལོ་ལྟར་གྱི་ཟླ་དྲུག་པ་ནས་དགུ་པའི་བར་མཐའ་མཚམས་ནས་གཏོང་གི་ཡོད་འདུག
འབྲེལ་ཡོད་རྩོམ་ཡིག