ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བཤད་ཚོད་ལ iPhone 6s མི་རིང་བར་ཐོན་སྐྱེད་དང་། 9/8 ལ་ཚོང་རར་འགྲེམ་རྒྱུ་རེད།

2015-06-18 གཡང་སྒྲོལ།
   གནས་ཚུལ་བསྒྲགས་པར་གཞིགས་ན། iPhone 6sཟླ ༩ པའི་ཚེས ༨ ཉིན་དངོས་སུ་འགྲེམས་རྒྱུ་ཡིན་ལ།  ཚོང་རར་མ་བཀྲམ་པའི་ཡར་སྔོན་གྱི་གཟའ་འཁོར་གཅིག་རིང་སྟེ།  ཟླ ༩ ཚེས ༡༩ ཉིན་ཚོད་འཚོང་འགོ་རྩོམ་རྒྱུ་དང་ཟླ ༩ པའི་ཚེས ༢༥ ཉིན་དངོས་སུ་བཙོང་རྒྱུ་རེད་འདུག
   དེ་ཡང་བཤད་རྒྱུན་ཁྲོད་ཀྱིiPhone 6sདེ་ང་ཚོ་དང་ཐག་ཉེ་རུ་ཕྱིན་ཡོད་པ་འདྲ་སྟེ།  ཐེ་ཝན་གྱི་གསར་ལག་ཁག་ནས་ཐོན་པའི་གནས་ཚུལ་ལྟར་ན།  ཁ་པར་དེའི A9 སྒྲིག་གཅོད་འཕྲུལ་ཆས་ཟླ་འདིར་ཐོན་སྤེལ་བྱས་སྐོར་གྱི་གནས་ཚུལ་སྤེལ་རྗེས།    ད་རེས་ཡང་ཀུང་སི་དེ་གའི་ལས་ཚབ་བཟོ་གྲྭ་སྟེ་ཧི་ཤོད་ཚན་རྩལ་གྱི་ལྷུ་ལག་སྒྲིག་སྦྱོར་བཟོ་གྲྭས་ལས་མི་མང་པོ་བསྡུས་ནསiPhone 6sཡི་ཉོ་ཐོ་འབོར་ཆེན་ལེགས་འགྲུབ་བྱུང་པར་ཁག་ཐེག་བྱེད་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག  གོང་གསལ་ཆ་འཕྲིན་དག་བདེན་པ་ཡིན་ཚེ།  iPhoneརབས་གསར་པ་དེ་ད་ལོའི་ཟླ ༨ པའི་སྔོན་ལ་ཁ་གྲངས་ཚོད་འཛིན་གྱིས་ཐོན་སྐྱེད་བྱེད་རྒྱུ་ཡིན་ལ།  ཟླ ༩ པའི་ནང་དངོས་སུ་ཚོང་རར་འགྲེམས་རྒྱུ་རེད་འདུག
   གསར་ལམ་ཁག་གིས་བཀོད་པ་ལྟར་ན།  ཀུ་ཤུའི་ལས་ཚབ་བཟོ་གྲྭ་ཧི་ཤོད་ཚན་རྩལ་གྱིས་ཉེ་སྔོན་མ་འཇོག་ཁོངས་མིའི་ཚོགས་འདུ་བསྡུས་འདུག་ཅིང་།  ཀུང་སི་དེ་གའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་གཙོ་ཏུང་ཙི་ཞན་གྱིས་ཚོགས་འདུའི་སྟེང་།  ཧི་ཤོད་ཚན་རྩལ་གྱི་ཀྲུང་གོའི་སྐམ་ས་ཆེན་མོའི་བཟོ་གྲྭས་ད་ཆར་ལས་མི་མང་པོ་བསྡུས་ནས་iPhone 6sཡི་ཉོ་ཐོ་མང་པོ་ལེགས་འགྲུབ་བྱུང་པར་གྲ་སྒྲིག་བྱེད་རྒྱུ་ཡིན་ཞེས་བསྟན་ཡོད་ཅིང་། ཀུ་ཤུའི་ལས་ཚབ་བཟོ་གྲྭས་དུས་ལྟར་ལས་མི་མང་པོ་བསྡུས་པ་དེསiPhone 6sཁ་གྲངས་ཚོད་འཛིན་གྱིས་ཐོན་སྐྱེད་བྱེད་རྒྱུ་ཡིན་པ་གསལ་པོར་རྟོགས་ཐུབ་པ་མ་ཟད།   དེ་སྔོན་གྱི་མཁོ་འདོན་འབྲེལ་རྒྱུན་སྐོར་གྱི་གནས་ཚུལ་ཕྱིར་བསྒྲགས་པ་ལས་ཚོད་དཔག་བྱས་ན། ཟླ་བརྒྱད་པའི་ནང་iPhone 6sཁ་གྲངས་ཚོད་འཛིན་གྱིས་ཐོན་སྐྱེད་བྱེད་འགོ་རྩོམ་རྒྱུ་རེད།
   དེ་སྔོན་ཀེ་རི་སིའི་གསར་ལམTechmaniacsཡིས་བསྒྲགས་པའི་གནས་ཚུལ་ལྟར་ན།  iPhone 6sཟླ ༩ པའི་ཚེས༨ཉིན་ཕྱིར་འགྲེམས་རྒྱུ་ཡིན་ལ།  ཚོང་ར་མ་བཀྲམས་པའི་སྔོན་གྱི་གཟའ་འཁོར་གཅིག་ཙམ་སྟེ།  ཟླ ༩ པའི་ཚེས༡༩ཉིན་ཚོད་འཚོང་འགོ་རྩོམ་རྒྱུ་དང་།  ཟླ ༩ པའི་ཚེས ༢༥ ཉིན་དངོས་སུ་འཚོང་འགོ་རྩོམ་རྒྱུ་རེད།  དེ་བས་དུས་ཚོད་འདི་ནང་བཞིན། ཟླ་བརྒྱད་པའི་ནང་iPhone6sཁ་གྲངས་ཚོད་འཛིན་གྱིས་ཐོན་སྐྱེད་བྱས་པ་ཡིན་ན།  ཟླ ༩ པའི་ནང་དངོས་སུ་ཚོང་ར་ཐོན་ནས་ཉོ་མཁན་མང་པོའི་དགོས་མཁོ་སྐོང་ཐུབ་རྒྱུ་རེད།
iPhone 6sལ་སྔར་བཞིན་པར་གཞི་གཉིས་འདུག
   དེ་ལྟར་ནའང་།  ཧི་ཤོད་ཚན་རྩལ་ནིiPhone 6sཡི་ལས་ཚབ་བཟོ་གྲྭ་གཅིག་པུ་དེ་མིན་པར། གྲངས་འབོར་དེ་ལས་མང་པོ་ཞིག་ཧྥུ་ཧྲི་ཁང་གིས་ཐོན་སྐྱེད་བྱེད་ཀྱི་ཡོད་པ་མ་ཟད།  དེ་སྔོན་གསར་ལམ་ཁག་ནས་ཧྥུ་ཧྲི་ཁང་གིས་རྒྱ་གར་ནསiPhoneཐོན་སྐྱེད་བྱེད་སའི་བཟོ་གྲྭ་གསར་པ་ཞིག་བཙུགས་ནས་ཀྲུང་གོའི་ལས་མིའི་མ་རྩ་ཇེ་མཐོར་འགྲོ་བཞིན་པའི་གནོན་ཤུགས་ཇེ་ཡངས་སུ་གཏོང་འཆར་འདུག་ལ།  དེ་དང་ཆབས་ཅིག   iPhoneགྱི་ཐོན་སྐྱེད་ལས་ཀ་དེ་ཀྲུང་གོའི་ལས་ཚབ་བཟོ་གྲྭ་གཅིག་པུར་བརྟེན་པའི་གནས་བབ་ཐག་གཅོད་བྱེད་རྒྱུ་རེད་ཅེས་གནས་ཚུལ་སྤེལ་འདུག་མོད།  མིག་སྔར་ཧི་ཤོད་ཚན་རྩལ་དང་ཧྥུ་ཧྲི་ཁང་སོ་སོསiPhone 6sཡི་ཉོ་ཐོ་ག་ཚོད་བཟུང་ཡོད་པའི་སྐོར་ད་དུང་གསལ་ཆ་མི་འདུག
   ན་ནིང་ཧི་ཤོད་ཚན་རྩལ་གྱིསiPhoneགྱི་ཉོ་ཐོའི་ཁ་པར་དག་ཐོན་སྐྱེད་བྱས་པ་མ་ཟད།  ཀུང་སི་དེ་གའི་ན་ནིང་ལོའི་དུས་ཚིགས་བཞི་བའི་ཁེ་སྤོགས་ཐད་ཡོང་འབབ་འབོར་ཆེན་བསྐྲུན་ཡོད། བཤད་རྒྱུན་ལ་ད་ལོའི་iPhoneརབས་གསར་པར་དབྱིན་ཚུན༤.༧དང་༥.༥ཡི་པར་གཞི་གཉིས་ཡོད་པར་གྲགས་པས།  ཧི་ཤོད་ཚན་རྩལ་གྱིས་དབྱིན་ཚུན༤.༧གྱི་པར་གཞིའིiPhone 6sགྲངས་འབོར་ཆེན་པོ་ཐོན་སྐྱེད་བྱེད་སྲིད་དེ།  ཁ་པར་དེའི་ཉོ་ཐོ་གཞན་དག་དང་དབྱིན་ཚུན༥.༥ཡི་iPhone 6s Plusཡི་ཉོ་ཐོ་དག་ཧྥུ་ཧྲི་ཁང་གིས་ཐོན་སྐྱེད་བྱེད་སྲིད།

ཟླ ༩ པའི་ཚེས༢༥ཉིན་དངོས་སུ་འཚོང་འགོ་རྩོམ་རྒྱུ་རེད།
   གསར་ལམ་ཁག་ནས་ཐོན་པའི་མིག་སྔའི་གནས་ཚུལ་ལྟར་ན།  iPhone 6s དངiPhone 6s Plusགཉིས་ཀྱི་ཕྱིའི་བཟོ་བཀོད་ཐད་འགྱུར་བ་ཆེན་པོ་ཡོད་མི་སྲིད་མོད།  ལྟེ་བའི་སྒྲིག་གཞི་ཁྱོན་ཡོངས་ནས་པར་གཞི་མཐོ་ཤོས་སུ་སྤར་སྲིད་དེ།  སྔར་ལས་མགྱོགས་པའི་སྒྲིག་གཅོད་འཕྲུལ་ཆས་བེད་སྤྱོད་གཏོང་རྒྱུ་མ་ཟད་གསོག་ཆས་ཀྱང་༢ GBལ་ཇེ་མཐོར་གཏོང་པ། བརྙན་རྒྱུ་ཁྲི༢༡༠ཅན་གྱི་མདུན་ཕྱོགས་པར་ཆས་ཡོད་ལ།  ཐ་ན་མདུན་ངོས་གློག་འཚེར་པའི་ནུས་པའང་ཡོད་སྲིད།   གཞན་པར་ཆས་གཙོ་བོའི་བརྙན་རྒྱུ་ཁྲི༡༢༠༠ཇེ་མཐོར་གཏོང་རྒྱུ་མ་ཟད།  ་འགྲོས་ཚད་སྔར་ལས་ཇེ་མགྱོགས་སུ་བཏང་ནས་ཚོར་འདྲེན་ཡོ་ཆསGBWནང་འཇུག་བྱས་ཏེ་པར་གྱི་གསལ་ཆ་དང་འོད་ཕྲ་བའི་ཁོར་ཡུག་ཏུ་ཚོན་མདོག་ཇེ་གསལ་དུ་གཏོང་ཐུབ་པ་བྱས་འདུག
   དེ་ལས་གཞན།iPhoneརབས་གསར་པར་གཞནiOS 9ཡི་མ་ལག་ནང་འཇུག་བྱས་ཡོད་པ་མ་ཟད་Touch Forceགནོན་ལྡེབ་ཚོད་འཛིན་ནུས་པར་རྒྱབ་སྐྱོར་བྱེད་ཐུབ་ལ།རྒྱུ་ཆ་གསར་པ་བེད་སྤྱད་བཏང་ནས་དེ་སྔོན་གྱི་ཆད་ལྷག་ཁ་གསབ་བྱས་ཡོད་འདུག  ཚོད་དཔག་ལྟར་ན།  ད་ལོའི་ཟླ ༩ པར་ཕྱིར་འགྲེམས་རྒྱུ་ཡིན་ལ། དངོས་སུ་ཚོང་ར་འགྲེམས་ཐད་དེ་སྔོན་Vodafoneཡི་ནང་ཁུལ་ཡིག་འཕྲིན་ཕྱིར་བརྟོལ་བར་གཞིགས་ན། iPhoneརབས་གསར་པ་ཟླ ༩ པའི་ཚེས༢༥ཉིན་དངོས་འཚོང་འགོ་རྩོམ་རྒྱུ་རེད།(རྩོམ་འགན་པ། རྟ་མགྲིན)
འབྲེལ་ཡོད་རྩོམ་ཡིག