ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

ཀྲུང་གོའི་ཕྱུག་པོ་ཚོས་ཉ་ལྒང་བསྡུ་ཉར་བྱས་དྲག་པས་ཉ་རིགས་གཉིས་ཀྱི་རྒྱུད་བཅད།

2016-01-14 ཀླུ་རྒྱལ།

འདྲ་པར་དྲ་སྟེང་ནས་ཡིན།

དཔྱད་གཞིའི་བརྡ་འཕྲིན་དྲ་བའི་ཟླ་༡ པོའི་ཚེས་༡༣ ཉིན་སྤེལ་དོན། དབྱིན་ཇུའི་སྨྱན་སྦྱོར་གྱིས། མི་མང་པོའི་འདོད་ཚུལ་ལ་ཉ་ལྒང་ཟ་རྒྱུ་དེ་ཤིན་ཏུ་ཞེན་པ་ལོག་པ་ཞིག་ཡིན་སྙམ་ཡོད། དེ་ལས་ཀྱང་དངོས་པོ་དེ་ཐོག་དབྱིན་པང་༢༠༠༠ འགྲོ་སོང་གཏོང་མི་སྲིད། འོན་ཀྱང་ཀྲུང་གོར་མའོ་སེ་ཁོ་ཡི་ཉ་རིགས་ཆེན་པོ་ཞིག་སྟེ། ཅ་ཝན་རྡོ་མགོ་ཉའི་ཉ་ལྒང་ལ་དགོས་མཁོ་ཆེ་བ་དེས་ཉ་རིགས་དེ་ཉེན་ཁའི་གནས་སུ་སྐྱེལ་ཡོད་ལ། ད་དུང་འཛམ་གླིང་སྟེང་གི་ཆེས་ཆུང་བའི་བྱི་བ་མཚོ་ཕག་རིགས་ཏེ། མགོ་ཆུང་བྱི་བ་མཚོ་ཕག་རྩ་མེད་དུ་འགྲོ་བའི་ལམ་ལ་སྐྱེལ་ཡོད།

དབྱིན་ཇུའི《སྲུང་ཚགས》དྲ་ཚིགས་སུ་ཟླ་༡ པོའི་ཚེས་༡༢ ཉིན་སྤེལ་དོན། དེང་སྐབས་འཛམ་གླིང་ཁྱོན་ཡོངས་ཀྱི་བྱི་བ་མཚོ་ཕག་གི་གྲངས་ཀ་༡༠༠ རུ་ཐོན་གྱིན་མེད། ཡང་སྙིང་ག་ཚོད་ཙམ་ཡོད་པ་སུས་ཀྱང་ཤེས་ཀྱིན་མེད། དངོས་རིགས་འདི་གཉིས་ཀྱི་ཉེན་ཁའི་གནས་སྟངས་ཀྱི་དབང་གིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་མཁན་གྱིས་གཟའ་འཁོར་འདིའི་ནང་རི་ནེ་ཝར་ཚོགས་རྒྱུ་ཡིན་པའི་《ཚར་ཉེན་ཐུག་པའི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཀྱི་རྒྱལ་སྤྱིའི་ཉོ་ཚོང་སྤྱི་ཆིངས》ཀྱི་རྒྱལ་སྤྱིའི་ཚོགས་ཆེན་གྱིས་དེ་ལ་བྱེད་སྟངས་ཤུགས་ཆེན་ཞིག་ལག་བསྟར་བྱེད་པར་རེ་བ་འཆིང་ཡོད།

གསར་ལམ་དུ། ཁོར་ཡུག་བརྟག་དཔྱད་ལས་ཁུངས་ཀྱི་རྒྱ་མཚོ་འགུལ་སྐྱོད་ཀྱི་ཚོགས་ཆུང་གི་འགན་ཁུར་བ་ཁུ་ལེ་འུར་ཕེ་ལེས་བཤད་དོན། མགོ་ཆུང་བྱི་བ་མཚོ་ཕག་ནི་ཚར་ཉེན་གྱི་གནས་སུ་བསླེབས་ཡོད། དངོས་རིགས་དེ་ལྟོས་བཅས་ཀྱིས་ཀྲུང་གོའི་འཛད་སྤྱོད་མཁན་ཁ་ཤས་ལ་ཅ་ཝན་རྡོ་མགོ་ཉའི་ཉ་ལྒང་ལ་དགོས་མཁོ་ཆེ་བའི་དབང་གིས་རྩ་མེད་དུ་འགྲོ་བའི་གནས་སུ་སྐྱེལ་ཡོད།

ཁོར་ཡུག་བརྟག་དཔྱད་ལས་ཁུངས་ཀྱི་ད་སོ་མར་སྙན་སེང་གསར་བ་ཞུས་པའི་ནང་བརྗོད་དོན། དྲ་ངོས་ནས་ཕྱིར་ཚོང་ཐབས་ལམ་ལས་གཞན་རྡོ་མགོ་ཉའི་ཉ་ལྒང་མིག་སྔར་ཀོང་ཀྲུག་དང་ཧོང་ཁུངས་ཀྱི་ཁྲོམ་རར་འཛེམ་བག་མེད་པར་ཚོང་བཞིན་ཡོད། ལས་ཁུངས་དེས་བཤད་ན་ཉ་ལྒང་དེ་རིགས་ཀྱི་རིན་གོང་མཐོ་བས“ཆུ་སྐྱེས་ཁོ་ཁ་དབྱིན”དུ་འབོད། ཉེ་བའི་ལོ་གཉིས་ནང་རིན་གོང་༦༠% ནས་༨༠% རུ་མར་བབས་ཡོད་ནའང་མིག་སྔའི་ཕྱིར་ཚོང་རིན་གོང་དབྱིན་པང་༡༧༥༠ ནས་༦༥༠༠ ཡིན། དབྱིན་པང་གཅིག་ནི་དམངས་སྒོར་༩.༥༤ ཙམ་ཡིན།

ཉ་ལྒང་འདི་རིགས་ཉོ་མཁན་མང་ཤས་ནི་ཀྲུང་གོའི་ཕྱུག་པོ་དག་རེད། ཉོས་ཡོང་ནས་བསྡུ་ཉར་བྱེད་པའམ་ལག་སྐྱེས་བྱེད་བཞིན་ཡོད་ལ། དེར་མ་ཟད་མ་རྐང་གཏོང་ས་ཞིག་ཏུའང་བརྩིས་བཞིན་ཡོད།

གསར་ལམ་དུ། ཀྲུང་གོའི་སྲོལ་རྒྱུན་གྱི་སྨན་ལུགས་ལྟར་ན། རྡོ་མགོ་ཉ་(དེའི་ནང་ཅ་ཝན་གྱི་རྡོ་མགོ་ཉ་འདུ)ཡི་ཉ་ལྒང་གིས་ནད་རིགས་མང་པོ་གསོ་ཐུབ། འོན་ཀྱང་ཚན་རིག་ཞིབ་འཇུག་གིས་ད་དུང་ཉ་ལྒང་ཟོས་ན་བདེ་ཐང་ལ་ཕན་པ་ཅི་ཐོན་རིགས་རྙེད་མེད། འོན་ཀྱང་། ཅ་ཝན་རྡོ་མགོ་ཉའི་ཉ་ལྒང་གི་ཁྲིམས་འགལ་ཉོ་ཚོང་དང་མགོ་ཆུང་བྱི་བ་མཚོ་ཕག་བར་ལ་འབྲེལ་བ་ཅི་ཞིག་ཡོད་དམ་ཞེས་ན། ཉ་བས་ཉ་དྲ་ཚེར་ཅན་གྱིས་ཅ་ཝན་རྡོ་མགོ་ཉ་འཛིན་པའི་སྐབས་སུ་ཞོར་དུ་མགོ་ཆུང་བྱི་བ་མཚོ་ཕག་འཛིན་བཞིན་ཡོད། བཟུང་བའི་རྗེས་སུ་མགོ་ཆུང་བྱི་བ་མཚོ་ཕག་དབུགས་འགག་ནས་ཤི་བཞིན་ཡོད། ༡༩༩༧ ལོར་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་མཁན་གྱིས་ཚོད་དཔག་ལྟར་ནས་འཛམ་གླིང་སྟེང་སྤྱི་བསྡོམས་པའི་མགོ་ཆུང་བྱི་བ་མཚོ་ཕག་༥༦༧ གནས། ན་ནིང་ཁོ་ཚོས་༩༧ ལས་མཐོང་མ་སོང་། དེའི་རྒྱུ་རྐྱེན་ནི་ཁ་ལེ་ཧྥུ་ལེ་ཡའི་མཚོ་འགྲམ་གྱིས་ཉ་དྲ་ཚེར་ཅན་སྤྱད་ནས་ཉ་དང་ཞ་ཉ། ཉ་ཆེན་ཧྲ་ཡིས་རིགས་འཛིན་པ་དེ་དང་། ད་དུང་འཛིན་ཐབས་དེ་སྤྱད་ནས་ཅ་ཝན་གྱི་རྡོ་མགོ་ཉ་འཛིན་བཞིན་པ་དེ་ཡིན་པར་འདོད།

གསར་ལམ་དུ་ཕེ་ལེས་བཤད་རྒྱུར། མགོ་ཆུང་བྱི་བ་མཚོ་ཕག་སྐྱོབ་པའི་ཐབས་ལམ་གསལ་བོ་ཡིན་པ་རེད། ད་ེནི་ཉ་དྲ་ཚེར་ཅན་དེ་དག་ཆ་ཚང་དངོས་རིགས་འདིའི་འགུལ་སྐྱོད་ཀྱི་ཁྱབ་ཁོངས་ནས་མེད་པར་བཟོ་དགོས་པ་དེའོ།།

འབྲེལ་ཡོད་རྩོམ་ཡིག