དྲག་རླུང་གིས་ཨ་རིར་གནོད་སྐྱོན་ཐེབས་བཞིན་པའི་ཡུལ་དངོས།
ཀྲུང་གོའི་གསར་འགྱུར་དྲ་བའི་ཕྱི་ཟླ་ ༡ པོའི་ཚེས་ ༡༨ ཉིན་གྱི་གསར་འཕྲིན་ལྟར་ན། དྲག་རླུང་དང་ཆར་རླུང་དྲག་པོ་ཞིག་གིས་ཨ་རིའི་མངའ་སྡེ་ཧྥོ་རོ་ལིས་ཏ (State of Florida)ས་ཁུལ་གྱི་ལྷོ་ནུབ་ཕྱོཊ་སུ་གནོད་སྐྱོན་ཐེབས་སུ་བཅུག་ཤིང་། དྲག་རླུང་དང་ཆར་རླུང་གི་གནོད་སྐྱོན་ཁྲོད་དུ་ཁྱོན་བསྡོམས་མི་གཉིས་ཙམ་རྐྱེན་འདས་སུ་གྱུར་ཡོད་པ་དང་། ཁྱིམ་ཚང་མང་ཤས་ཞིག་གི་སྡོད་ཁང་གི་ཁང་ཀླད་དྲག་རླུང་གིས་བཀོག་ནས་མི་དམངས་ཀྱི་འཚོ་བར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་འདུག
ཨ་རིའི་མངའ་སྡེ་ཧྥོ་རོ་ལིས་ཏ་ས་ཁུལ་གྱི་མ་ནྰ་ཐེའུ་རྫོང (Manatee)གི་ཉེན་རྟོག་ལས་ཁུངས་ཀྱིས་ཕྱིར་གསལ་སྒྲཊ་བྱས་ཡོད་པ་ལྟར་ན། དྲག་རླུང་དང་ཆར་རླུང་གིས་ཧྥོ་རོ་ལིས་ཏ་མངའ་སྡེ་ས་ཁུལ་གྱི་མ་ནྰ་ཐེའུ་རྫོང་ནས་སྤྱི་ལེ་ ༤༠ ཙམ་ཡོད་པའི་ཏུའུ་ཨེ་ཐི་གྲོང་བརྡལ་ལ་འཇབ་རྒོལ་ཐེབས་ནས་གནོད་སྐྱོན་བཟོས་ཤིང་། ས་གནས་དེ་གའི་སྡོད་དམངས་ཀྱི་ཁང་བ་མང་པོ་ཞིག་དྲག་རླུང་གིས་བརླཊ་ཡོད་པ་དང་། གནོད་སྐྱོན་གྱི་ཁྲོད་ཁྱོན་བསྡོམས་མི་ ༢ ཙམ་རྐྱེན་འདས་སུ་གྱུར། བྱིས་པ་ ༤ ཙམ་སྨན་ཁང་ལ་ཁྱེར་ཡོད་འདུག
ཨ་རིའི་མངའ་སྡེ་ཧྥོ་རོ་ལིས་ཏ་ས་ཁུལ་གྱི་བརྙན་འཕྲིན་ལས་ཁུངས་སོཊ་ཀྱིས་གསར་སྒྲཊ་བྱས་ཡོད་པ་ལྟར་ན། ཐེངས་འདིའི་དྲག་རླུང་གི་གནོད་སྐྱོན་ཁྲོད་དུ་རྐྱེན་འདས་སུ་གྱུར་ཡོད་པ་ནི་ལོ་ན་ ༥༨ ཙམ་ལ་སོན་ཡོད་པའི་ཝེའར་སུན་དང་ལོ་ན་ ༥༡ ཙམ་ལ་སོན་པའི་ཁོང་གི་ལྕམ་ཁེ་ཐིར་གཉིས་ཡིན་འདུག ཝེའར་སུན་ནི་གནོད་སྐྱོན་ཁྲོད་འདས་ཡོད་པ་དང་ཁོང་གི་ལྕམ་མྱུར་སྐྱོབ་བྱེད་སྒང་ལ་རྐྱེན་འདས་སུ་གྱུར། ཁོང་གཉིས་ཀྱི་ཚ་བོ་གཉིས་དང་ཚ་མོ་གཉིས་ལའང་གནོད་སྐྱོན་བཟོས་ནས་ས་གནས་ཀྱི་སྨན་ཁང་ལ་ཁྱེར་ཡོད་པ་དང་ཁོང་ཚོའི་ཨ་ཕའང་སྨན་ཁང་ལ་ཁྱེར་ཡོད་འདུག
གསར་སྒྲཊ་ལྟར་ན། ཨ་རིའི་མངའ་སྡེ་ཧྥོ་རོ་ལིས་ཏ་ས་ཁུལ་གྱི་མ་ནྰ་ཐེའུ་རྫོང་ལ་སྔ་ཕྱིར་ཐེངས་བཞི་ཙམ་ལ་དྲག་རླུང་གི་གནོད་སྐྱོན་ཐེབས་ཡོད་པ་དང་། ཆུ་ཚོད་རེར་དབྱིན་ལེ་(miles)༡༢༥ ཙམ་གྱི་མྱུར་ཚད་ཀྱིས་དྲག་རླུང་འཁོར་བ་དང་ས་གནས་དེ་གའི་སྡོད་དམངས་ཀྱི་ཁང་ཁྱིམ་མང་པོར་གནོད་སྐྱོན་བཟོས་ཡོད་འདུག སྡོད་ཁང་འགའ་ཤས་རྩ་གཏོར་བྱས་ཡོད་པ་དང་མྱུར་སྐྱོབ་མི་སྣས་གནོད་ཐེབས་ས་ཁུལ་ནས་བུད་མེད་ཞིག་ཁང་ཁྱིམ་ཞིག་རོའི་འོག་ནས་མྱུར་སྐྱོབ་བྱས་ཡོད་འདུག
ཨ་རིའི་མངའ་སྡེ་ཧྥོ་རོ་ལིས་ཏ་ས་ཁུལ་གྱི་གློག་འདོན་སྤྱི་གཉེར་ཁང་གིས་གསར་འགོད་སྤེལ་ཡོད་པ་ལྟར་ན་གནོད་ཐེབས་ས་ཁུལ་གྱི་ཁྱིམ་ཚང་བསྡོམས་ཁྲི་ ༡ . ༧ ཙམ་ལ་གློག་ཆད་ཡོད་པ་དང་གནོད་ཐེབས་ས་ཁུལ་གྱི་སྡོད་དམངས་ཀྱི་རྒྱུན་ལྡན་འཚོ་བར་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་འདུག