གསར་འགོད་པས་ཉེ་སྔོན་ལྷ་ས་གྲོང་ཁྱེར་དུ་འཚོགས་པའི2016ལོའི་པེ་ཅིང་གི་བོད་སྐྱོར་ལས་གཞིའི་དབུ་འབྱེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ད་ལོར་པེ་ཅིང་གིས་བོད་སྐྱོར་མ་དངུལ་དུང་ཕྱུར3.6240གཏོང་འཆར་ཡོད་ཅིང་དེའི་ཁྲོད་ཀྲུང་དབྱང་གིས་འདི་ལོའི་རེ་སྐུལ་འཆར་གཞིའི་མ་དངུལ་དུང་ཕྱུར3.0240དང་།(ལྷ་ས་གྲོང་ཁྱེར་ལ་རོགས་དངུལ་སྒོར་དུང་ཕྱུར 2.2680གཏོང་རྒྱུ་དང་ཆབ་མདོ་གྲོང་ཁྱེར་ལ་རོགས་དངུལ་སྒོར་ཁྲི7560གཏོང་རྒྱུ་ཡིན་པ་རེད)“ལོ་ལྔ་ཚན་བཅུ་གཉིས”ཀྱི་བོད་སྐྱོར་མ་དངུལ་ལས་རྩིས་མཇུག་སྒྲིལ་ཏེ་རྩིས་ཁུངས་སྒོར་ཁྲི6000བསྒྱུར་བས་ཁྱོན་ལས་གཞི37(མཇུག་སྐྱོང་ལས་གཞི5དང་། གསར་འཛུགས་ལས་གཞི32)བཀོད་སྒྲིག་བྱ་རྒྱུ་ཡིན་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། པེ་ཅིང་གྲོང་ཁྱེར་གྱི་བོད་སྐྱོར་ལས་གཞི་དེ་དག་གནད་ཁེལ་དབུལ་སྐྱོར་དང་། སྤྱི་པའི་ཞབས་ཞུ། འགྲོགས་འདྲིས་གཤིབ་གསུམ། རིག་སྟོབས་མངའ་བའི་ཤེས་ལྡན་པའི་རོགས་སྐྱོར་བཅས་ཕྱོགས་བཞིའི་ཐད་ནས་མཚོན་ཡོད་པ་རེད། དེའི་ཁྲོད་གནད་ཁེལ་དབུལ་སྐྱོར་ལས་གཞི12ལ་མ་དངུལ་དུང་ཕྱུར1.248བཀོད་སྒྲིག་བྱས་ཤིང་མ་དངུལ་སྤྱིའི43.4% ཟིན། གཙོ་བོ་གཞི་རིམ་གྱི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ལེགས་བཅོས་དང་།ལྷག་པར་དབུལ་པོའི་ས་ཁུལ་དང་དབུལ་པོའི་མི་སེར་གྱི་འཚོ་བའི་ཆ་རྐྱེན། འཚོ་སྡོད་ཁོར་ཡུག་དང་ཐོན་ལས་གོང་སྤེལ་གཏོང་རྒྱུའི་བོད་སྐྱོར་ནུས་ཤུགས་སྔར་བར་ཇེ་ཆེར་གཏོང་རྒྱུ་རེད། སྤྱི་པའི་ཞབས་ཞུའི་ལས་གཞི16བཀོད་སྒྲིག་བྱས་པར་མ་དངུལ་དུང་ཕྱུར1.415གཏོང་འཆར་ཡོད་ཅིང་། དེས་མ་དངུལ་སྤྱིའི49.34%ཟིན་ཡོད་པ་རེད། མ་དངུལ་དེ་དག་གཙོ་བོ་རྨང་གཞིའི་སློབ་གསོ་དང་། འཕྲོད་བསྟེན་བྱ་གཞགརིག་གནས་ལུས་རྩལ་བྱ་གཞག་སོགས་སུ་གཏོང་རྒྱུ་ཡིན་ཞིང་། འགྲོགས་འདྲིས་གཤིབ་གསུམ་གྱི་ལས་གཞི3བཀོད་སྒྲིག་བྱས་ཏེ་ཕྱོགས་གང་ས་ནས་འབྲེལ་འདྲིས་དང་འགྲོགས་འདྲིས། གཤིབ་འདྲིས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་ཏེ་མི་རིགས་མཐུན་སྒྲིལ་ཡར་འཕེལ་ལ་སྐུལ་འདེད་གཏོང་རྒྱུ། མ་དངུལ་སྒོར་ཁྲི800ལག་རྩལ་དང་རིག་སྟོབས་ཀྱི་ཐད་དུ་བཏང་སྟེ་ལས་བྱེད་པའི་ཤེས་ཡོན་གྱི་བྱང་ཚད་མཐོར་འདེགས་བྱ་རྒྱུ། ཞིང་འབྲོག་མང་ཚོགས་ཚོའི་རང་སོའི་འཕེལ་རྒྱས་ཀྱི་ནུས་པ་གོང་མཐོར་བཏང་སྟེ་དབུལ་སྒྲོལ་གྱི་རྩལ་ནུས་ལ་བྱངས་གོམས་ཡོངས་ཐབས་སོགས་སུ་གཏོང་རྒྱུ་རེད།
རྒྱུས་ལོན་བྱུང་བར་གཞིགས་ན། ན་ནིང་པེ་ཅིན་གྱིས་བོད་སྐྱོར་མ་དངུལ་དུང་ཕྱུར2.8བཏང་ཞིང་། བོད་སྐྱོར་ལས་གཞི29བཀོད་སྒྲིག་བྱས་པ་དེ་དག་འགོ་ཚུགས་ཤིང་སྔ་ཕྱིར་པེ་ཅིང་བྱིས་གཉོར་ཁང་དང་། རིག་གནས་ཐོན་ལས་ཐོག་ཁང་། sosབྱིས་གྲོང་བྱེད་སྒོའི་ལྟེ་གནས། སྟོད་ལུང་བདེ་ཆེན་ཁུལ་རིག་གནས་ལྟེ་གནས། ཏང་འཛུགས་དཔེ་སྟོན་རྟེན་གཞི་སོགས་བསྐྲུན་གྲུབ་སྟེ་བོད་ལྗོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་བྱ་གཞག་ལ་མངོན་གསལ་གྱི་ལེགས་སྐྱེས་ཕུལ་ཡོད།