ཀྲུང་གོའི་བོད་ལྗོངས་དྲ་བ།>གསར་འགྱུར།

བོད་ལྗོངས་རི་འཛེག་འདུ་ཚོགས་ནང་གངས་ཤུད་བྱ་འགུལ་བསྣན་ཡོད་པ།

2016-03-15 ཁྲི་སེམས་དཔའ།
        སྐབས14པའི་བོད་ཀྱི་རི་འཛེག་འདུ་ཚོགས་ཟླ10པའི་ཟླ་འགོར་སྤེལ་རྒྱུ་ཡིན་ཞིང་། སྐབས་དེར་རི་འཛེག་པ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི6206ཡོད་པའི་ཁྱི་རྫི་རྩེ་མོར་འཛེགས་ཆོག 
        ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོ་རི་འཛེག་འདུ་ཚོགས་ནང་ད་དུང་གངས་ཤུད་བྱེད་སྒོ་ཐེངས་དང་པོར་སྤེལ་རྒྱུ་ཡིན་པ་དང་། གངས་འཁྱག་ལ་དགའ་མོས་མཁན་རྣམས་ཀྱིས་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5000ཡི་མཚམས་སུ་གངས་ཤུད་ཀྱི་མཛེས་པ་ཉམས་སུ་མྱང་ཆོག  
        གསར་འགོད་པས་བོད་རང་སྐྱོང་ལྗོངས་རི་འཛེག་རུ་ཁག་ནས་ཤེས་རྟོགས་བྱུང་གསལ། སྐབས་འདིའི་རི་འཛེག་འདུ་ཚོགས་ཀྱི་དུས་ཡུན་གཟའ་འཁོར་གཅིག་ཡིན་པ་དང་། རི་འཛེག་མཁན་ལ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5200ཡོད་སའི་གངས་འཁྱགས་ཁྲོད་སྦྱོང་བརྡར་བྱ་རྒྱུ་མ་ཟད། གནས་ཚུལ་ལ་བལྟས་ནས་ཁྱི་རྫི་རྩེ་མོར་འཛེག་རྒྱུ་ཡིན་པ་རེད། 
        ཁྱི་རྫི་རྩེ་མོ་ནི་གཉན་ཆེན་ཐང་ལྷའི་ནུབ་ཏུ་ཆགས་ཤིང་། རི་འཛེག་པར་དཀའ་ངལ་ཆེན་པོ་མེད་པ་དང་། ལས་དང་པོ་པ་རི་ལ་འཛེག་པར་འཚམ་མོ།།
འབྲེལ་ཡོད་རྩོམ་ཡིག