ཟླ4པའི་ཚེས9ཉིན་ཞིན་ཧྭ་དྲ་བས་ཟི་ལིང་ནས་སྤེལ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱིས་ཞིང་ཆེན་ཏང་ཨུ་དང་རྒྱུན་ཨུའི་གྲོས་ཚོགས་འཚོགས་ཏེ་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟ་སྐོར་ནས་བཀོད་སྒྲིག་བརྒྱབ་པ་དང་ཆབས་ཅིག ཀྲུང་གོའི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་ལོ་ལྔའི་ནང་དུ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་གི་ཁྱབ་ཁོངས་སུ་མཚོ་སྔོན་ཨ་ཆེན་གངས་རྒྱབ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་། རྨ་འབྲི་རྫ་གསུམ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཚོ་སྐྱ་རིང་དང་། མཚོ་སྔོ་རིང་། ཝ་གཞོང་སྐར་མཚོ་སོགས་འདུས་ཤིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི12.31ཡོད་པ་རེད། བཀོད་སྒྲིག་ལྟར་ན། མཚོ་སྔོན་གྱིས་ལོ་གཅིག་ལ་རྨང་གཞིའི་ལས་དོན་དང་ལོ་གཉིས་ནང་ཚོད་ལྟའི་འོས་འགན་འགྲུབ་དགོས་པའི་དམིགས་འབེན་ལ་སྐུལ་འདེད་བྱས་ཏེ། མཐར་ལོ་ལྔའི་ནང་དུ་རྒྱལ་ཁབ་སྤྱི་གླིང་དེ་ཉིད་དཔལ་འབྱོར་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་སྣོད་བཅུད་དཔལ་ཡོན་སྔོན་སྤེལ་ཁུལ་དུ་བསྐྲུན་ནས་རྒྱལ་ཡོངས་ཀྱི་རིགས་མཐུན་ས་ཁུལ་དག་ལ་མ་དཔེ་ཞིག་མཁོ་འདོན་བྱ་རྒྱུ་དེ་རེད།